Posts

Showing posts from July, 2011

སྦྲང་ཆར་སིམ་སིམ།

Image
གློ་བུར་དུ་དགུང་སྔོན་དབྱིངས་ནས་ཁྲི་གདུགས་ཉི་འོད་དང་འགྲོགས་ནས་སྦྲང་ཆར་སིམ་སིམ་ས་ལ་འཕོས་པས་ས་གཞི་ཐམས་ཅད་སླར་ཡང་གསོན་ཤུགས་ཀྱི་ཡོ་ལངས་རྒྱས། ནམ་རྒྱུན་མི་ཚོགས་ཀྱིས་འཁྲིགས་པའི་རྒྱ་ལམ་དེ་ཡང་འཁུར་པོ་ལྗིད་མོ་ཞིག་འཕྲག་ལས་འདོར་བ་ལྟ་བུའི་ཡངས་གསང་ངེར་འགྱུར། ལམ་ཟུར་གྱི་ཇ་ཁང་དེའང་གྲོག་ཚང་བཞིན་རྒྱ་གར་བས་ཁེངས་ཤིང་དབུགས་བསུབ་མ་ཐེབས་ཙམ་རེད། ཇ་སྦྱིན་བདག་གས་མངར་ཇ་འཕོར་པ་གང་དེ་ཇ་དྲག་གིས་བཏུམས་པའི་རྒྱ་ལྕོག་སྟེང་ཐགས་སྒྲ་དང་བཅས་ངའི་མདུན་དུ་བཞག་བྱུང། མངར་ཇ་དེ་ཚུར་ལེན་པ་དང་ཇ་ཁང་གི་སྒོ་ཁའི་ཟུར་དུ་ལངས། ཆར་རླུང་གིས་བརླན་པའི་འཛིན་མའི་ས་གཞི་ཀུན་ལ་དལ་མོས་བལྟ་སྐབས། འདས་སོང་གི་ལོ་རྒྱུས་དག་ལ་བསམ་གཞིག་དང་། བསམ་གཞིག་གི་ཀློང་ན་འདས་དོན་དག་ཝ་ལེར་འཆར། ཧེའི་་་་་་་་

khanacademy.org སློབ་མ་ཁྲི་མཚོ་འགའ་ཤས་ལ་དགེ་རྒན་གཅིག

Image
༄༅། །ཉེ་དུས་འཛམ་གླིང་ཀུན་ལ་སྐད་གྲགས་མཆོད་པའི་འཛམ་གླིང་གི་དགེ་རྒན་ཞིག་བྱུང་ཡོད། ཁོང་གི་མཚན་ལ་སཱལ་མན་ཁཱན་ཞེས་ཞུ་བ་དང་སྔོན་ཚོང་རིགས་སྡེ་ཚན་གྱི་ལས་མི་ཞིག་ཡིན་ཀྱང། ཕྱིས་སུ་རང་གི་ལས་ཀ་གཡུག་ནས་དུས་ཚོད་ཡོད་ཚད་སློབ་འཁྲིད་ཀྱི་བརྙན་འཕབ་བཟོ་ནས་ youtube རྒྱུད་འཛམ་གླིང་ཡོངས་ཀྱི་ནང་ཤེས་ཡོན་སྦྱོང་སྦྱང་བརྩོན་བྱེད་མཁན་གྱི་སློབ་མ་ཁྲི་མཚོ་ལྷག་ལ་ལེགས་སྐྱེས་ཕུལ་ཐུབ་པ་བྱུང་ཡོད།

ཁོང་ནི་ཨ་རིར་གནས་བསྡོད་རྒྱ་གར་བ་ཞིག་ཡིན་པ་དང་། རྒྱ་གར་དང་ཕྱི་རྒྱལ་དུ་ཤེས་ཡོན་གྱི་སྡེ་ཚན་མང་དག་ཞིག་ནས་སློབ་དཔོན་ཆེན་མོའི་ལག་འཁྱེར་ཐོབ་མྱོང་མཁན་ཞིག་ཡིན། ཐོག་མར་ཨང་རྩིས་ལ་དཀའ་ངལ་འཕྲད་བཞིན་པའི་སྤུན་མཆེད་ཀྱི་བུ་མོར་ཟུར་འཁྲིད་བྱས་ཡོད། བུ་མོ་དེའི་ཨང་རྩིས་མངོན་གསལ་འདོད་པོས་ཡར་རྒྱས་འགྲོ་བ་སློབ་གྲོགས་ཚོས་ཤེས་ནས་སློབ་མ་མང་ནས་མང་དུ་ཁོང་གི་ས་ནས་སློབ་འཁྲིད་ཞུ་སྒོ་བཙུགས་འདུག སྐུ་ཞབས་སཱལ་ལགས་ནས་སློབ་མ་མང་ནས་མང་དུ་འགྲོ་དུས་རང་ཉིད་ལ་དུས་ཚོད་མི་ཁོམས་པ་གཟིགས་ནས་youtube དྲ་རྒྱ་རྒྱུད་ཨང་རྩིས་སློབ་མཚན་མི་ཉུང་བ་ཞིག་བཅུག་ནས། ཁོང་ཚོར་རང་ཁྱིམ་དུ་ལོག་ནས་དྲ་རྒྱ་སྔོགས་ནས་སྦྱོང་རྒྱུའི་སློབ་སྟོན་གནང་ཡོད། དེ་ནས་བཟུང་ཁོང་གི་ youtube ནང་གི་སློབ་ཚན་བརྙན་འཕབ་རྣམས་ཟླ་བ་…

པདྨ་རིལ་སོང།

Image
བཙན་བྱོལ་དུ་སྐྱེས་བསྲེངས་བྱུང་བའི་སློབ་མ་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་རྒྱུ་དང་བོད་ཀྱི་ཐུན་མིན་གྱི་འཁྲབ་གཞས་བཏང་རྒྱུ་དང་འཁྲབ་རྒྱུར་དེ་ལྟ་བུའི་དགའ་འཚོར་ཞིག་འཆར་འོང་བ་ནི་རྒྱུན་ལྡན་གྱི་མི་ཞིག་ལ་བག་ཆགས་ཟབ་མོ་ཞིག་འཇོག་ངེས། ལོ་རེའི་སྤྱི་ཟླ་དྲུག་པ་ནས་བདུན་པ་བར་སློབ་མ་ཚོས་རང་གི་རིག་གཞུང་ལ་དོ་དབྱིངས་ཡོང་ཆེད་བོད་ཀྱི་སྲོལ་རྒྱུན་གྱི་རྐང་བྲོ་གཞས་སོགས་སྦྱོང་བརྡར་བྱེད་རྒྱུའི་དུས་ཚིགས་ཞིག་འཁེལ་ཀྱི་ཡོད་ལ་སློབ་མ་ཚོས་ངང་འགུགས་བྱེད་གཞི་ཞིག་ཀྱང་ཡིན། སློབ་མ་གཅིག་གིས་ལབ་རྒྱུར་ “ ང་གཞས་འཁྲབ་རྒྱུ་དང་བཏང་རྒྱུར་ཧ་ཅང་དགའ་པོ་ཡོད། ཟླ་བ་གཅིག་རིང་འཁྲབ་གཞས་སྦྱང་རྒྱུའི་དུས་ཚོད་དེ་ནི་ངའི་སྐྱིད་ཤོས་ཀྱི་དུས་ཚོད་ཡིན། ” ཟེར།

We: Destroyer of our own

Image
Where we are heading for?. There is lot of material development at every sphere. But still man kind are becoming more and more restless and more and more pathetic each passing second. We are moving here and there for What? No spiritual talk again but being practical.

Under the name of development and more comfort for the man kind. We turning against the laws of Nature. We have burned all the tree down, stirred the ocean, crushed the earth, polluted the air we breath and slaughtering millions and millions of speechless animals. At end resulting extinction of we all.

Pity for the man who got brain but no heart for other's well being.