པདྨ་རིལ་སོང།


བཙན་བྱོལ་དུ་སྐྱེས་བསྲེངས་བྱུང་བའི་སློབ་མ་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་རྒྱུ་དང་བོད་ཀྱི་ཐུན་མིན་གྱི་འཁྲབ་གཞས་བཏང་རྒྱུ་དང་འཁྲབ་རྒྱུར་དེ་ལྟ་བུའི་དགའ་འཚོར་ཞིག་འཆར་འོང་བ་ནི་རྒྱུན་ལྡན་གྱི་མི་ཞིག་ལ་བག་ཆགས་ཟབ་མོ་ཞིག་འཇོག་ངེས། ལོ་རེའི་སྤྱི་ཟླ་དྲུག་པ་ནས་བདུན་པ་བར་སློབ་མ་ཚོས་རང་གི་རིག་གཞུང་ལ་དོ་དབྱིངས་ཡོང་ཆེད་བོད་ཀྱི་སྲོལ་རྒྱུན་གྱི་རྐང་བྲོ་གཞས་སོགས་སྦྱོང་བརྡར་བྱེད་རྒྱུའི་དུས་ཚིགས་ཞིག་འཁེལ་ཀྱི་ཡོད་ལ་སློབ་མ་ཚོས་ངང་འགུགས་བྱེད་གཞི་ཞིག་ཀྱང་ཡིན། སློབ་མ་གཅིག་གིས་ལབ་རྒྱུར་ “ ང་གཞས་འཁྲབ་རྒྱུ་དང་བཏང་རྒྱུར་ཧ་ཅང་དགའ་པོ་ཡོད། ཟླ་བ་གཅིག་རིང་འཁྲབ་གཞས་སྦྱང་རྒྱུའི་དུས་ཚོད་དེ་ནི་ངའི་སྐྱིད་ཤོས་ཀྱི་དུས་ཚོད་ཡིན། ” ཟེར།

དགེ་རྒན་ཞིག་ལ་ཆ་མཚོན་དེ་བས་ཀྱང་ཆེས་དཀའ་ཚེགས་ཆེ་བ་ནི་སློབ་མ་མང་པོས་འཁྲབ་གཞས་ཀྱི་སྦྱོང་བརྡར་ལ་ཧུར་ཐག་བྱས་རྗེས་འདེམས་བསྒྲུག་རྒྱག་རྒྱུ་དེ་རེད། སྐབས་རེ་སློབ་མ་ཁ་ཤས་དངོས་གཞིའི་འཁྲབ་སྟོན་ནང་མ་ཚུད་སྟབས་ཧ་ཅང་མི་སྐྱིད་པ་དང་ངུ་བ་ཡང་ཡོང་གི་འདུག ཐེངས་ཞིག་དངོས་གཞིའི་འཁྲབ་སྟོན་སྐབས་བུ་མོ་ཞིག་ཧ་ཅང་ན་འདུག ཚ་བ་ཡང་རྒྱས་འདུག ངས་བུ་མོ་དེའི་རྩར་ཕྱིན་ནས་འཁྲབ་སྟོན་གཡུག་ཞོག་ཁྱེད་རང་གི་འཚབ་ལ་བུ་མོ་གཞན་ཞིག་བཏང་མཆོག་ལབ་ཡིན། འོན་ཀྱང་ཆེས་ཧ་ལས་དགོས་པ་ནི་བུ་མོ་དེས་ “ མིན། ” མགོ་གཡུག་ཞོར། “ ང་འཁྲབ་ཀྱི་ཡིན། ང་སྣང་བདག་མིན་འདུག”ཟེར་ནས་ན་ཚ་བརྗིད་པོ་མེད་འཁུལ་དང་འཁྲབ་རྒྱུའི་མཐའ་སྐྱེལ་གྱི་འདུག ང་རང་ཡང་ཅུང་མི་བདེ་བ་བྱུང་ཡང་ “ གལ་ཏེ་ན་ཡས་སྡུག་ཏུ་ཕྱིན་ན་ལམ་སེང་ང་ལ་ལབ་མ་གཏོགས་ཁྱེད་རང་གི་འཚབ་བརྗེད་ཐུབ་ཀྱི་མ་རེད་ད་” ལབ་པ་ཡིན།

འཁྲབ་སྟོན་འཚར་བ་དང་སློབ་མ་ཞིག་ངའི་སར་བརྒྱུགས་ཡོང་ནས་དབུངས་ཧལ་ཧལ་ངང་ “ རྒན་ལགས། རྒན་ལགས། པདྨ་རིལ་སོང་། མགྱོགས་པ་འཕེབས་དང། ”  “ སུ་་་་་་་་པདྨ་་་་་་་་་ག་བ་ལ་་་་་་་ག་དུས་་་་་་་” རང་ཉིད་ཀྱང་འཚབས་འཚབས་ལང་སོང་། “པདྨ་་་་་་་་་པདྨ་་་་་་་ད་གིན་་་་ང་ཚོའི་འཁྲབ་གཞས་ཆེ་བ་འཁྲབ་མཁན་་་་་་་་་་བུ་མོ་ན་མཁན་དེ་་་་་་འཁྲབ་གཞས་འཁྲབ་འཚར་བ་དང་རྡོ་སྐེས་འོག་རིལ་སོང་” དེ་ཉན་ཞོར་དངངས་སྐྲག་ངང་རྒྱུགས་ཕྱིན་པ་ཡིན། འཁྲབ་སྟོན་འཚར་ནས་འོག་ཏུ་འབབ་སའི་རྡོ་སྐེས་འགྲམ་དེར་འཁྲབ་སྟོན་བྱེད་མཁན་གྱི་རོགས་པ་མང་པོར་རུབ་རུབ་བྱས་ནས་འདུག འཚང་ཁའི་སྐྱིལ་ནས་འཛུལ་ནས་བལྟ་དུས་བུ་མོ་དེས་ང་ལ་འཛུམ་ཙམ་བྱས་ནས་ངོ་ཤེས་འདུག ཡར་ལངས་ཐུབ་རྒྱུ་སེམས་ཐག་རེད་འདུག་དེར་བརྟེན་ལམ་སེང་རང་ཉིད་ཀྱི་བརྒྱབ་ཏུ་འཁུར་ནས་ཁང་ཚན་སོ་སོའི་བསྡད་སར་ཕྱིན་པ་ཡིན། “ རྒན་ལགས། ངས་མ་ནོར་བ་བྱས་ནས་འཁྲབ་ཡིན་” ཅེས་རྣ་བརྒྱབ་ནས་བསལ་ལ་མི་བསལ་ཞིག་གོ་བྱུང་། དེ་མ་ཐག་སེམས་ནང་ངུ་མ་དགོད་ཀྱི་འཚོར་བ་ཞིག་གཅིག་ཅར་དུ་བསྟེར་བྱུང།

མ་གཞི་སློབ་མའི་ཕྱིའི་བྱ་སྤྱོད་དང་སློབ་སྦྱོང་ལ་ལྷོད་གཡེང་བྱས་པ་མཐོང་དུས་སྐབས་མི་རངས་བ་ཡོང་སྲིད་ཀྱང་ཕྱོགས་གཞན་ཞིག་ནས་སློབ་མར་ཡིད་ཆེས་དང་སློབ་མའི་སེམས་འཚོར་ལ་བསམ་གཞིགས་ངེས་པར་དུ་བྱེད་དགོས་པ་གནད་འགག་ཞིག་ཀྱང་མཐོང།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *