སྦྲང་ཆར་སིམ་སིམ།


གློ་བུར་དུ་དགུང་སྔོན་དབྱིངས་ནས་ཁྲི་གདུགས་ཉི་འོད་དང་འགྲོགས་ནས་སྦྲང་ཆར་སིམ་སིམ་ས་ལ་འཕོས་པས་ས་གཞི་ཐམས་ཅད་སླར་ཡང་གསོན་ཤུགས་ཀྱི་ཡོ་ལངས་རྒྱས། ནམ་རྒྱུན་མི་ཚོགས་ཀྱིས་འཁྲིགས་པའི་རྒྱ་ལམ་དེ་ཡང་འཁུར་པོ་ལྗིད་མོ་ཞིག་འཕྲག་ལས་འདོར་བ་ལྟ་བུའི་ཡངས་གསང་ངེར་འགྱུར། ལམ་ཟུར་གྱི་ཇ་ཁང་དེའང་གྲོག་ཚང་བཞིན་རྒྱ་གར་བས་ཁེངས་ཤིང་དབུགས་བསུབ་མ་ཐེབས་ཙམ་རེད། ཇ་སྦྱིན་བདག་གས་མངར་ཇ་འཕོར་པ་གང་དེ་ཇ་དྲག་གིས་བཏུམས་པའི་རྒྱ་ལྕོག་སྟེང་ཐགས་སྒྲ་དང་བཅས་ངའི་མདུན་དུ་བཞག་བྱུང། མངར་ཇ་དེ་ཚུར་ལེན་པ་དང་ཇ་ཁང་གི་སྒོ་ཁའི་ཟུར་དུ་ལངས། ཆར་རླུང་གིས་བརླན་པའི་འཛིན་མའི་ས་གཞི་ཀུན་ལ་དལ་མོས་བལྟ་སྐབས། འདས་སོང་གི་ལོ་རྒྱུས་དག་ལ་བསམ་གཞིག་དང་། བསམ་གཞིག་གི་ཀློང་ན་འདས་དོན་དག་ཝ་ལེར་འཆར། ཧེའི་་་་་་་་


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *