ཉེན་ཚབས་ཆེ་བའི་དྲྭ་རྒྱའི་དུས་རབས།


གློག་ཀླདདང་དྲྭ་རྒྱའི་དུས་རབས་གསར་པ་དེའི་ནང་མི་རྣམས་ལ་ཤེས་རིག་དང་འབྲེལ་མཐུད་ཀྱི་ལེགས་སྐྱེས་བླ་ལྷག་ཞིག་བསྟེར་ཡོད་པ་སྨྲོས་མི་དགོས། འོན་ཀྱང་དྲྭ་རྒྱ་བེད་སྤྱོད་བྱེད་པའི་སྐབས་རང་ཉིད་ནས་དོ་སྣང་བྱེད་དགོས་པ་དང་ཤེས་དགོས་པའི་གནད་དོན་མང་དག་ཞིག་ཡོད། དེང་གི་ཆར་རྒྱལ་ཁབ་ཁག་གི་ཡིག་ཆ་བརྐུ་ཤོར་བ་དང་། གློག་ཀླད་ནང་གསང་འཛུལ་བྱུང་བ། གློག་ཡིག་བསྔོག་བལྟ་བྱུང་བའི་གནས་ཚུལ་ནི་འཛམ་གླིང་ས་ཕྱོགས་གང་ས་ནས་གོ་རྒྱུ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིའི་ནང་དུའང་སྔར་ནས་རྒྱ་ནག་ནས་བཙན་བྱོལ་གཞུང་གི་གློག་ཀླད་ནང་གསང་འཛུལ་བྱེད་ཡོད། ཉེ་ཆར་སླར་ཡང་རྒྱ་ནག་ནས་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་གློག་ཀླད་ནང་འཛུལ་བའི་གནས་ཚུལ་བྱུང་ཡོད། ངའི་བསམ་པར་དེ་ནི་ཧ་ཅང་ཉེན་ཚབ་ཆེ་བའི་གནད་དོན་ཞིག་ཡིན་བོད་ནས་སྲོག་ལ་མི་འཛེམས་པར་གཏོང་ཡོང་བའི་གནས་ཚུལ་རྣམས་བལྟ་ཀློག་དང་བརྐུ་ཤོར་བ་ཡིན་ན། ད་ལྟའི་གནས་ཚུལ་གཏོང་མཁན་རྣམས་བོད་དུ་ཡོད་པས་ཁོང་ཚོར་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད། དེར་བརྟེན་གནས་ཚུལ་དེ་རིགས་ཡང་ནས་བསྐྱར་ཏུ་ཡོང་གི་ཡོད་པས་འབྲེལ་ཡོད་དང་ཕྱོགས་གཏོགས་བོད་གཞུང་ལས་བྱེད་རྣམས་ནས་ངེས་པར་དགོངས་པ་བཞེས་དགོས་ལ། འབྱུར་འགྱུར་ཡིག་ཆ་དང་བོད་ནས་བསྐུར་བའི་གནས་ཚུལ་རྣམས་སྲུང་སྐྱོབ་བྱེད་དགོས་ངེས་ལགས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *