རི་བོར་སྤྲོ་འཛེགས།

༄༅། ། དུས་ཡུན་རིང་པོའི་རྗེས་རི་རྩེར་འཛེགས་ཏུ་འགྲོ་རྒྱུའི་མདུན་པ་ཧ་ཅང་ཆེ་བ་བྱུང་ཡང་ཉིན་རེའི་ལས་ཀ་དང་འབྲེལ་འཚུབ་ཀྱིས་རྐྱེན་པས་ལས་ལྷ་པོར་འགྲོ་རྒྱུ་མ་རག ང་རང་ཆུང་དུས་ནས་རི་རྩེར་འཛེགས་རྒྱུ་དང་ས་གསར་པ་མཐོང་རྒྱུ་དེ་བཞིན་ཡུལ་དང་རང་བྱུང་གི་ཡུལ་ལྗོངས་ལ་བལྟ་རྒྱུ་ཧ་ཅང་དགའ་པོ་ཡོད། མི་མང་པོས་རི་འཛིགས་རྒྱུ་ནི་དཀའ་ལས་ཁག་པོ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་ང་རང་ནི་དེ་ལས་ལྡོག་ཏེ། རི་འཛིགས་རྒྱུ་ནི་སྤྲོ་སྣང་ལྡན་པ་ཞིག་དང་། མི་ཚེའི་ནང་བརྗེད་དཀའ་བའི་དུས་ཚེགས་བཟང་པ་ཞིག་ཏུ་མཐོང་། 
ཁ་སང་རོགས་པ་ཁ་ཤས་དང་བློ་མཐུན་ནས་དེ་རིང་སྔ་པོ་མཉམ་དུ་རི་རྩེར་འགྲོ་རྒྱུ་བྱས་པ་ཡིན། སྔོན་ཚུད་ནས་སྟབས་བདེའི་ཟས་དང་རྔན་པ་ཆུ་སོགས་གྲ་སྒྲིག་བྱས་ཡིན། ཚོད་དཔག་བྱས་ན་རི་རྩེར་སླེབས་ན་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པ་འདྲ།

རི་སྐད་དུ་སླེབས་དུས་གློ་བུར་དུ་སྨུག་པ་འཁྲིགས་སོང་།


 ཡར་ཞོར་རྡོ་ལེབ་ཧ་ཅང་ཆེན་པའི་ཞིག་གི་སྟེང་མཉམ་དཔར་རྒྱབ་པ་ཡིན།
རི་ལས་འབབ་པའི་སྐབས་དགོང་དྲོའི་འཆར་ཀ་མཛེས་སྡུག་ལྡན་པ་ཞིག་འདུག


རི་ཐོད་དུ་སླེབས་པར་ཁྱོན་ཆུ་ཚོད་ ༥ འགོར་སོང་། དེར་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཆུ་ཚོད་གཉིས་ཙམ་བསྡད་པ་ཡིན།


རི་རྩེ་ནས་མར་འབབ་པར་ཆུ་ཚོད་ ༤ འགོར་སོང་། 


མར་ཞོར་ལམ་བར་དུ་ངལ་གསོ་བཞིན་པ།
དགོང་འདྲོའི་ཆུ་ཚོད་བདུན་པ་ཙམ་ལ་ནང་ལ་གཞི་ནས་འབྱོར་སོང་། དེ་རིང་དངོས་གནས་ཧ་ཅང་སྐྱིད་པོ་བྱུང་། 


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *