Posts

Showing posts from April, 2012

གཉིད་ཡུན་གཅིག

Image
༄། ། གཉིད་ནི་རང་བཞིན་ཡིན་པ་དང་དེ་ལས་མཆེད་པའི་རྨི་ལམ་ནི་སྒྱུ་འཕྲུལ་གྱི་གར་སྟབས་ཤིག་ཡིན་པ་སྨོས་མི་དགོས། བདེ་སྣང་གི་གཉིད་ཀྱི་ཡུན་ཞིག་གི་ནང་། ལྷ་སྒྲུང་མཁན་པོ་སུས་ཀྱང་འགྲན་མི་ནུས་པའི་ཡ་མཚར་བརྗོད་ལས་འདས་པའི་གཏམ་སྒྲུང་རིང་མོ་ཞིག་རང་རང་སོ་སོའི་བློ་ངོར་འབད་མེད་ལྷུན་གྱིས་བསྐྲུན་ཐུབ་པ་དང། ཐབས་མཁས་རང་བཞིན་གྱིས་རང་ཉིད་ཀྱིས་རང་ཉིད་རྨོངས་པའི་ཁར་སྐབས་གསུམ་གནས་ལ་འགྲན་བཟོད་པའི་ཡུལ་ལྗོངས་དང་དེའི་དབུས་ན་གཞལ་ཡས་ཁང་བཟང་། མཐའ་ན་ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་མུ་འཁྱུད་ས་འཛིན་མཁའ་ལ་བསྙེགས་འདྲའི་འདྲེན་བྱེད་ཟུང་གི་སྤྱོད་ཡུལ་དུ་འགྱུར་བ། འཁོར་ར་ཁོར་ཡུག་ཏུ་ཡིད་འོང་ཟབ་མཆོར་གྱོན་པའི་སྐྱེ་བོའི་འདུ་འཛིའི་ཁྲོད་ན་སྔར་མཐོང་མ་མྱོང་བ་རྣམས་མཐོང་ཆོས་སུ་འགྱུར་བས་མིག་གི་བདུད་རྩིའི་དཔལ་ལགས།

སྐབས་འགར་གནས་དེ་ན་རང་ཉིད་ཨ་ཕོ་གེ་སར་ཡིན་ཁུལ་གྱིས་དྲན་སྣང་གི་གཏམ་རྒྱུད་རིང་མོ་ཞིག་གི་མི་སྣར་གྱུར་ནས། ས་སྟེང་ཡོངས་ན་དཔའ་རྩལ་གྱི་གྲགས་པ་རྔ་བོ་ཆེ་ཕྱོགས་བརྒྱར་ལྡིར་བ་སོགས་ཀྱི་འཕྲིན་ལས་བསྐྱངས་པའི་ཟོལ་བྱེད།

འོན་ཀྱང་སྐབས་རེ་བྱིའུ་ཆུང་ཐང་ལ་ལྷུངས་པ་ལྟར་རང་ཉིད་གཅིག་པུ་མུན་ནག་དང་ནགས་གསེབ་ཏུ་ལུས་ཤིང་། གདོན་ནམ་འགྲེལ་བརྗོད་བྱེད་པར་དཀའ་བའི་གདོན་གཟུགས་ག་གེ་མ…

རྒྱལ་སྲས་ཆུང་ཆུང།

Image
ལེའུ་དང་པོ། ང་རང་ལོ་དྲུག་ལ་སླེབས་པའི་སྐབས་ངས་དཔར་ཧང་སང་དགོས་པ་ཞིག་ <<རང་བྱུང་ཁམས་ཀྱི་དངོས་བྱུང་གི་ལོ་རྒྱུས་>> ཞེས་པའི་དེབ་གཅིག་གི་ནང་མཐོང་མྱོང་། དེབ་དེའི་ནང་གདོད་མའི་ནགས་གསེབ་ཀྱི་ལོ་རྒྱུས་དང་། སྦྲུལ་ཆེན་གྱིས་སེམས་ཅན་གཞན་ཇི་ལྟར་ཁྱུར་མིད་བཏང་བའི་སྐོར་འཁོད་འདུག ཁྱེད་རང་གིས་འོག་དེར་གཟིགས་བཞིན་པའི་དཔར་དེ་རེད།

ལོ་རྟགས་དང་འབྱུང་བ་རྩིས་ཚུལ།

Image
ལོ་རྟགས་དང་འབྱུང་བ་རྩིས་ཚུལ། ༢༠༠༡ ལ་སྐྱེས་པའི་མི་ཞིག་གི་ལོ་ཁམས་དང་ལོ་རྟངས་དཔྱད་དགོས་ན། ཕྱི་ལོའི་ལོ་ཡི་གཅིག་གནས་ཀྱི་གྲངས་མཐའ་མ་དེར་བལྟ་དགོས། དེར་ ༡ རེད་འདུག ཁམས་དང་ཕོ་མོ་ནི་རེའུ་མིག་ནང་བཀོད་ལྟར། ཨང་ཀི་མཐའ་མ་དེ་གཅིག་ཡིན་པས་ཁམས་ལྕགས་དང་དབང་ནི་མོ་ཡིན།
ཁམས་དང་དབང། ཕོ་ མོ ལྕགས། ༠ ༡ ཆུ། ༢ ༣ ཤིང། ༤ ༥ མེ། ༦

སྐད་ཡིག་འཛིན་གྲྭའི་ཉིན་དང་པོ།

Image
སྔ་དྲོ་ཆུ་ཚོད་ ༨ པ་ནས་ ༩  བར་གྱི་སྐད་ཡིག་འཛིན་གྲྭ་ཚོགས་གཏན་འཁེལ་བ་ཤེས་འཕྲལ་སྤྲོ་བ་རབ་ཏུ་སྐྱེས་བྱུང། གུས་པར་ཆ་མཚོན་ན་བོད་ཡིག་འཛིན་གྲྭ་དེར་ཐོ་འགོད་བྱེད་རྒྱུའི་འདུན་པ་ཧ་ཅང་བྱུང་ལ་དེར་དམིགས་ཡུལ་ངེས་ཅན་ཞིག་ཀྱང་བཟུང་ཡོད། རང་ཉིད་ཀྱི་ད་ལྟའི་བོད་ཡིག་གནས་ཚད་དེ་ལ་འདོད་བློ་མི་འཁང་བ་དང་ཇི་ལྟར་བྱས་ཀྱང་ཡར་རྒྱས་བཏང་དགོས་པ་ཡང་ནས་ཡང་དུ་བསམ་གྱི་འདུག

ད་ལྟ་དུས་ཚོད་དང་། དགེ་རྒན། ཐུན་རྐྱེན་གསུམ་འཛོམས་ཀྱི་གོ་སྐལ་རག་པ་དང་བསྟུན་བོད་ཡིག་བརྡ་སྤྲོད་བསྐྱར་སྦྱོང་དང་ངེས་ཤེས་སྐྱེས་རྒྱུ། དེའི་དབང་གིས་བོད་ཡིག་གི་རྩོམ་ཡིག་གང་ཞིག་བྲིས་འདོད་ཀྱང་ཐེ་ཚོམ་གྱི་འཆིང་ཞགས་གྲོལ་བའི་སྤོབས་པ་ཞིག་བསྐྱེས་སྲིང་བྱེད་རྒྱུ་དེ་ཡིན།

དུས་ཡུན་ཟླ་བ་གཉིས། བསྡུས་ན་ཆུ་ཚོད་དྲུག་ཅུའི་འཛིན་གྲྭ་དེ་གཅིག་པུས་ངའི་དམིགས་ཡུལ་ཆ་ཚང་འཇའ་ཡུན་ཞིག་གི་ནང་བསྐོངས་མི་སྲིད་ཀྱང་། ངའི་བསམ་པར་དཔེ་དེབ་གང་མང་བལྟ་ཀློག་བྱེད་པའི་ཁར་བཤེས་མཉེན་དམ་པའི་སློབ་སྟོན་བཙིགས་སུ་བཟུང་བཞིན་བརྩོན་འགྲུས་དང་ཤེས་རབ་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ན་དུས་ཡུན་ངེས་ཅན་ཞིག་གི་ནང་འབྲས་བུ་གཡུར་དུ་གཟར་བ་ཞིག་སྨིན་ཐུབ་ངེས་སེམས།

ལོ་ཚིགས་དཀའ་གནས་གསལ་སྒྲོན།

Image
མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་བཞིན་དེ་དག་མི་རབས་རྗེས་མར་འབྲེལ་བརྗོད་བྱེད་པའི་སྐབས་དུས་ཚིགས་ངེས་ཅན་ཞིག་ལ་གཞི་བཟུང་དགོས་པ་ལས་འོལ་ཚོད་ཀྱིས་གཏད་སོ་དང་ཁ་ཕྱོགས་ཅི་ཡང་མེད་པར་འདས་སོང་གི་གླེང་བྱར་ལག་ངོ་འཆང་བ་ནི་རང་གཞན་གཉིས་ཀར་སོམ་ཉིའི་དྲ་བར་ཚུད་པའི་གཞི་ཉག་ཅིག་ལགས། དེའི་ཕྱིར་ལོ་རྒྱུས་ཀྱི་ལོ་ཚིགས་དང་ཐ་སྙད་ཁག་ཤེས་དགོས་རྒྱུ་ནི་གནད་འགངས་ཆེན་ཞིག་ཏུ་མཐོང།
སྤྱི་ལོ། སྤྱི་ལོ་དང་ཕྱི་ལོ་ཡེ་ལོ་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་དེ་ཡང་གོ་ལ་རིལ་བུ་འདིའི་ཐོག་དར་ཁྱབ་བྱུང་བའི་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། ནང་པ་སངས་རྒྱས་པའི་ཆོས་ལུགས་སོགས་ཡོད་པ་ལས་ཡི་ཤུའི་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀའི་འཁྲུངས་ལོར་གཞིར་བཞག་ནས་སྤྱི་ལོའི་ལོ་ཚིགས་དེ་བརྩིས་ཀྱི་ཡོད་པ་རེད། བོད་ཀྱི་ཆོས་འབྱུང་གི་ལོ་རྒྱུས་སུ་བདག་བཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོར་གཞིར་བཞག་པའམ་རབ་བྱུང་བྱས་ཏེ་རྩི་སྲོལ་ཡོད། སྤྱི་ལོ་ནི་བོད་ལུགས་རྩི་སྲོལ་མ་ཡིན་པས་ཕྱི་ལོ་ཡང་ཟེར་བ་མ་ཡིན་ནམ་སྙམ། ཡང་འགའ་རེས་ཡེ་ལོ་ཞེས་བེད་སྤྱོད་བྱེད་པ་ནི་སྟོན་པ་ཡེ་ཤུའི་ལོ་ཞེས་པའོ།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།

Image
དྲ་ཚིགས་ཀྱི་མིང། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།
དྲ་གནས། http://www.tibetcm.com/

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནི་མིག་སྔའི་བོད་ཀྱི་རྩོམ་རིག་རྐྱང་བའི་དྲ་ཚིགས་གཅིག་པོ་ཡིན་ལ། དྲ་ཚིགས་འདིའི་ནང་དོན་གཙོ་བོར། བོད་ཀྱི་གནའ་རབས་དང་ཉེ་རབས་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་དང་། ལྷག་པར་དུ་དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས་ལེགས་གྲས་རྣམས་བཀོད་ཡོད་པ་མ་ཟད། དྲ་ཚིགས་འདིའི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་བསྐྱེད་བསྲིང་བྱེད་རྒྱུ་དང་བོད་ཀྱི་དྲ་རྒྱའི་རྩོམ་རིག་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན་ཕྱིར། རྩོམ་ལུས་ཀྱི་ཁྱད་པར་མེད་པར་རྩོམ་པ་པོ་རྒན་གཞོན་ཀུན་གྱི་བརྩམས་ཆོས་ལེགས་ཤོད་དག་རྒྱུན་དུ་དྲ་ངོས་སུ་འགོད་ཀྱིན་ཡོད་ལ། གཞན་འཛམ་གླིང་སྤྱི་དང་སྒོས་སུ་བོད་གངས་ཅན་གྱི་ད་ལྟའི་རྩོམ་རིག་སྐོར་གྱི་གསར་འགྱུར་གཙོ་བོ་དག་ཀྱང་དུས་ལྟར་འགོད་ཀྱིན་ཡོད། དེ་མིན་དྲ་ཚིགས་འདིར་མཆོད་མེ་པོད་ཁུག་དང་མཆོད་མེད་གླེང་སྟེགས་ཞེས་པའི་ཆེད་བསྒྲིགས་དྲ་ངོས་གཙོ་བོ་གཉིས་ཡོད་པས། རྩོམ་རིག་ལ་དགའ་ཞེན་ཆེ་བའི་སློབ་གྲོགས་ཚོས་དྲ་ཚིགས་འདི་ནས་རང་ཉིད་ལ་དབང་བའི་པོད་ཁུག་ཅིག་གཉེར་ཆོག་ལ་གླེང་སྟེགས་བརྒྱུད་ནས་དྲ་གྲོགས་ཕན་ཚུན་བར་རྩོམ་རིག་སྐོར་གྱི་བགྲོ་གླེང་ཡང་གང་འདོད་ལྟར་བ…