ལོ་ཚིགས་དཀའ་གནས་གསལ་སྒྲོན།


མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་བཞིན་དེ་དག་མི་རབས་རྗེས་མར་འབྲེལ་བརྗོད་བྱེད་པའི་སྐབས་དུས་ཚིགས་ངེས་ཅན་ཞིག་ལ་གཞི་བཟུང་དགོས་པ་ལས་འོལ་ཚོད་ཀྱིས་གཏད་སོ་དང་ཁ་ཕྱོགས་ཅི་ཡང་མེད་པར་འདས་སོང་གི་གླེང་བྱར་ལག་ངོ་འཆང་བ་ནི་རང་གཞན་གཉིས་ཀར་སོམ་ཉིའི་དྲ་བར་ཚུད་པའི་གཞི་ཉག་ཅིག་ལགས། དེའི་ཕྱིར་ལོ་རྒྱུས་ཀྱི་ལོ་ཚིགས་དང་ཐ་སྙད་ཁག་ཤེས་དགོས་རྒྱུ་ནི་གནད་འགངས་ཆེན་ཞིག་ཏུ་མཐོང།
སྤྱི་ལོ།
སྤྱི་ལོ་དང་ཕྱི་ལོ་ཡེ་ལོ་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་དེ་ཡང་གོ་ལ་རིལ་བུ་འདིའི་ཐོག་དར་ཁྱབ་བྱུང་བའི་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། ནང་པ་སངས་རྒྱས་པའི་ཆོས་ལུགས་སོགས་ཡོད་པ་ལས་ཡི་ཤུའི་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀའི་འཁྲུངས་ལོར་གཞིར་བཞག་ནས་སྤྱི་ལོའི་ལོ་ཚིགས་དེ་བརྩིས་ཀྱི་ཡོད་པ་རེད། བོད་ཀྱི་ཆོས་འབྱུང་གི་ལོ་རྒྱུས་སུ་བདག་བཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོར་གཞིར་བཞག་པའམ་རབ་བྱུང་བྱས་ཏེ་རྩི་སྲོལ་ཡོད། སྤྱི་ལོ་ནི་བོད་ལུགས་རྩི་སྲོལ་མ་ཡིན་པས་ཕྱི་ལོ་ཡང་ཟེར་བ་མ་ཡིན་ནམ་སྙམ། ཡང་འགའ་རེས་ཡེ་ལོ་ཞེས་བེད་སྤྱོད་བྱེད་པ་ནི་སྟོན་པ་ཡེ་ཤུའི་ལོ་ཞེས་པའོ།

ལོ་རབས་དང་དུས་རབས།
ལོ་གྲངས་བཅུ་ཕྲག་རེ་ལ་ལོ་རབས་གཅིག་ཡིན་པ་དང། ལོ་གྲངས་བརྒྱ་ཕྲག་རེ་ལ་དུས་རབས་གཅིག་ཡིན། ད་ལྟ་ནི་སྤྱི་ལོ་ ༢༠༡༢ ཡིན་པས་ལབ་སྟངས་གཞན་ཞིག་ནི་དུས་རབས་ཉེར་གཅིག་པའི་ལོ་རབས་གཉིས་པ་ཡིན། བརྩིས་སྟངས་ནི། ༢༠༡༢ དེ་ལོ་ ༡༠༠ ཡིས་བགོས་ན་ ༢༠ ཡིན་ཡང་ད་ལྟ་ ༢༠ ཟིན་ཚར་བ་དང་ ༢༡ ཕྱོགས་སུ་ཁ་གཏད་ཡོད་པས་དུས་རབས་ ༢༡ ཆགས་པ་རེད། དུས་རབས་ཉེར་གཅིག་པའི་ལོ་རབས་གཉིས་པ་ཞེས་པ་དེའང་རིགས་གྲེལ་གྱིའོ།
རབ་བྱུང།
ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྩ་རྒྱུད་རྒྱ་གར་ནས་གདེན་དྲངས་ཤིང་བསྒྱུར་བའི་དུས་མེ་མོ་ཡོས་རབ་བྱུང་དང་པོར་གྲགས་པ་དང་སྤྱི་ལོ་ནི་ ༡༠༢༧ ལ་ཡིན། དེའང་ཁམས་ལྕགས་དང། ཆུ། ཤིང་། མེ། ས་བཅས་ལྔར་ལོ་རྟགས་བཅུ་གཉིས་རེ་སྦྱར་ཏེ་ཕོ་མོ་ཞེས་རེས་མོས་ཀྱིས་འཁོར་འགྲོ་བ་ཡིན། ལོ་གྲངས་དྲུག་ཅུ་རེ་ལ་རབ་བྱུང་རེ་རྩི་བ་ཡིན།
སྤྱི་ལོ་ནས་རབ་བྱུང་རྩི་ཚུལ།
སྤྱི་ལོ་ ༢༠༡༢ དེ་རབ་བྱུང་ག་ཚོད་ཡིན་མིན་རྩི་སྟངས་ནི། ༢༠༡༢ ནས་ ༡༠༢༦ འཐེན་དགོས་པ་དང། དེའི་ལྷག་གྲངས་ལོ་ ༩༨༦ དེ་ ༦༠ ཡིས་བགོས་ན་ ༡༦ དང་ལོ་ ༢༦ ལྷག་གི་ཡོད་པས་རབ་བྱུང་ ༡༦ འདས་ཟིན་པ་དང་ད་ལྟ་ནི་རབ་བྱུང་ ༡༧ ལ་ཁ་གཏད་ཡོད་ཟེར་དགོས་པ་དང། ལྷག་ལོ་ ༢༦ ལ་རབ་ལོ་ ༢༦ ཟེར་ན་འགྲིགས།
རབ་བྱུང་ནས་སྤྱི་ལོ་རྩི་ཚུལ།
གལ་ཏེ་ལོ་རྒྱུས་ཀྱི་བཅད་གཞི་ཁག་གི་ནང་རབ་བྱུང་བཅུ་གཅིག་ཞེས་པ་སོགས་འཁོད་ཡོད་ན་སྤྱི་ལོ་ག་ཚོད་ཡིན་མིན་ཤེས་ཐབས་བྱས་ཀྱི་ཡིན། རབ་བྱུང་གཅིག་ལ་ལོ་དྲུག་ཅུ་ཡོད་བརྟེན། ༡༡ དང་ ༦༠ བསྒྱུར། བསྒྱུར་ཐོབ་ནི་ ༦༦༠ དང། དེ་ ༡༠༢༦ སྒང་ལ་སྣོན་ན་སྤྱི་ལོ་ ༡༦༨༦ ཡིན་ནོ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *