བླ་མ་ཁོང་སུ་རེད།

༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་དཔར་འདི་མཐོང་རིམ་བཞིན་མ་བཅོས་དད་པའི་མཚོ་མོ་གཡོ་བ་དང་དུས་མཚུངས་ལྷ་སར་ང་རང་ལོ་བརྒྱད་སོན་པའི་སྐབས་ཀྱི་གནས་ཚུལ་ཆུང་ཆུང་དེ་ཝ་ལེར་འཆར་བྱུང།


༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་དཔར་འདི་མཐོང་རིམ་བཞིན་མ་བཅོས་དད་པའི་མཚོ་མོ་གཡོ་བ་དང་དུས་མཚུངས་ལྷ་སར་ང་རང་ལོ་བརྒྱད་སོན་པའི་སྐབས་ཀྱི་གནས་ཚུལ་ཆུང་ཆུང་དེ་ཝ་ལེར་འཆར་བྱུང།
ཉིན་ཞིག་མཆོད་གཤོམ་གྱི་སྟེང་དུ་ཞྭ་གསེར་གྱོན་པའི་བླ་མ་གཅིག་གི་འདྲ་དཔར་མཐོང་མ་ཐག “ ཨ་མ་ལགས་བླ་མ་ཁོང་སུ་རེད། ” ཅེས་ནམ་རྒྱུན་ལྟར་འདྲི་རྒྱུ་མང་བའི་སྐད་ཆ་ཞིག་དྲིས་བར་ཐལ། དུས་རྒྱུན་ཨ་མ་ལགས་ཀྱི་སྐད་ཆ་ཆོ་མིན་འདུག་སྙམ་ན་ལན་ཡང་ཡག་པོ་རང་མ་སྐྱོན་པའི་ཁར་དྲི་བ་མང་པོ་བསྐུལ་ན་ཨ་མ་ལགས་ཁོང་མགོ་ན་གི་འདུག་ཅེས་ཀུ་རེ་རྩེད་ཀྱི་རེད། འོན་ཀྱང་ད་རེས་རྣམ་ཀུན་དང་ནམ་ཡང་མི་འདྲ་བར། ངའི་དྲི་བ་དེར་ཨ་མ་ལགས་ལ་མནོ་བསམ་ཞིག་བཏང་དགོས་འཁེལ་བ་འདྲ། ཨ་མ་ལགས་ཀྱིས་ཞལ་འཛུམ་ཞིག་གནང་བ་དང་སྦྲགས་ང་ཁོང་གི་པང་ཁར་སྟེགས་བྱུང་། མཆོད་གཤོམ་ནས་སྐུ་དཔར་དེ་དལ་བུས་མར་ལེན་ཏེ་
ང་ཡི་མགོ་བོའི་སྟེང་གཅིག་བཞག དེ་ནས་སྐུ་དཔར་དེར་གཏད་དེ། “ འདི་ནི་སྐྱབས་མགོན་ཡིད་བཞིན་ནོར་བུ་རེད། བླ་མ་ཧ་ཅང་རྩ་ཆེན་པོ་རེད་དཱ།” ཞེས་ལན་བཏབས་རྗེས་ཁ་ཁུ་སིམ་པར་འགྱུར་སོང་།
ད་རེས་སྐུ་དཔར་ཆུང་ཆུང་དེ་ཨ་མ་ལགས་ཀྱིས་ཉེ་འཁྲིས་སུ་གཏད་དུས་བླ་མའི་གསེར་ཞལ་ཁྲ་ལྷམ་མེར་མངོན་བྱུང། འོན་ཀྱང་བླ་མ་ཁོང་མཇལ་མྱོང་མིན་འདུག་པས། “ ཨ་མ་ལགས། བླ་མ་ཁོང་ད་ལྟ་གང་དུ་བཞུགས་ཡོད་རེད། ” ཅེས་དྲིས་དགོས་བྱུང།
སྐར་ཆ་ཁ་ཤས་རིང་ཨ་མ་ལགས་ནི་འདྲ་སྐུ་བཞིན་དུ་གང་ཡང་མ་གསུངས་པར་མིག་གཉིས་ལས་མིག་ཆུའི་རྡོ་ཤེལ་འཕྲེང་ཐག་ལས་ཆད་པ་ལྟར་ངའི་བྲང་ཁར་འགྲིལ་བྱུང། སྐབས་དེར་ཨ་མ་ལགས་སྤྱན་ཆབ་སིལ་བ་མཐོང་བ་དང་ང་ཡང་སེམས་སྐྱོ་བྱུང།
“ ངས་དྲི་བ་མང་པོ་བསྐུལ་ཙང་ཨ་མ་ལགས་མགོ་ན་བ་ཡིན་ནམ”
“ མ་རེད། མ་རེད།” མིག་ཆུ་ཕྱིས་ནས། “ བླ་མ་ཁོང་ད་ལྟ་ས་ཆ་ཐག་རིང་པོ་ལ་ཡོད་རེད། ”
ང་ལ་དེ་དུས་དྲི་བ་དེ་ལས་མང་བ་བསྐུལ་འདོད་བྱུང། དཔེར་ན་བླ་མ་ཁོང་ས་ཐག་རིང་པོ་ག་བ་ལ་ཡོད་པ་དང། ང་ཚོས་མཇལ་ཐུབ་མིན། པ་ལགས་དང་ཨ་མ་ལགས་གཉིས་པོས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་མྱོང་ཡོད་མེད་སོགས་འདྲི་འདོད་ཧ་ཅང་བྱུང་ཡང་གལ་ཏེ་ངས་ད་དུང་སྐད་ཆ་མུ་མཐུད་དྲིས་ན་ཨ་མ་ངུ་གི་རེད་བསམ་ནས་དྲི་མཚམས་བཞག་པ་ཡིན། དེ་ནས་བཟུང་སྐུ་དཔར་དེས་ངའི་སེམས་ཀྱི་ས་བོན་ངོས་སུ་ཟུབ་མེད་ཀྱི་དད་པ་ཞིག་ཀྱང་བཏབ། ད་ཆ་མི་ཡུལ་དུ་གྱར་ནས་དྲི་བ་དེ་དག་གི་ལན་ཐ་དག་རྙེད་བྱུང་ལ་སྐབས་དེ་དུས་ཨ་མ་ལགས་ཀྱི་སེམས་ཚོར་ཡང་རྟོགས་ཐུབ་བྱུང།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: བླ་མ་ཁོང་སུ་རེད།
བླ་མ་ཁོང་སུ་རེད།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་དཔར་འདི་མཐོང་རིམ་བཞིན་མ་བཅོས་དད་པའི་མཚོ་མོ་གཡོ་བ་དང་དུས་མཚུངས་ལྷ་སར་ང་རང་ལོ་བརྒྱད་སོན་པའི་སྐབས་ཀྱི་གནས་ཚུལ་ཆུང་ཆུང་དེ་ཝ་ལེར་འཆར་བྱུང།
http://3.bp.blogspot.com/-XxcBVLCGEfQ/T7cxTcHMzuI/AAAAAAAAC0w/C5x_KYs0Rxk/s320/His+Holiness+the+Dalai+Lama+the+14th.jpg
http://3.bp.blogspot.com/-XxcBVLCGEfQ/T7cxTcHMzuI/AAAAAAAAC0w/C5x_KYs0Rxk/s72-c/His+Holiness+the+Dalai+Lama+the+14th.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2012/05/blog-post_17.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2012/05/blog-post_17.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy