ལིའུ་དང་པོ།༽ རྩེད་རོགས་མེད་པའི་བྱིས་དུས།

ང་རང་འཇིག་རྟེན་དེའི་ཐོག་ཇི་ལྟར་སླེབས་མིན་དང་སླེབས་རྗེས་ཀྱི་ལོ་གཅིག་གཉིས་ཀྱི་སྐབས་ཀྱི་གནས་ཚུལ་གང་ཡང་གསལ་པོ་དྲན་གྱི་མི་འདུག ང་རང་གིས་དྲན་གསོས་པའི་གནས་ཚུལ་ཕལ་ཆེ་བ་ལོ་བཞི་ལྔ་སྐབས་སུ་ཡིན་ས་རེད། དེ་དུས་ང་ཀོང་པོའི་ལུང་པའི་རི་སྟེང་གི་དུད་ཚང་ཞིག་གི་ནང་བུ་ཆུང་ཤོས་ལྟ་བུ་རེད་འདུག ང་ལ་དམིགས་བསལ་ལས་ཀ་གང་ཡང་མེད་ཁར་རྩེད་མོ་དང་འཁྱམ་ཡས་ཁོ་ནས་དུས་འདའ་བར་བྱེད་ཀྱི་ཡོད


ང་རང་འཇིག་རྟེན་དེའི་ཐོག་ཇི་ལྟར་སླེབས་མིན་དང་སླེབས་རྗེས་ཀྱི་ལོ་གཅིག་གཉིས་ཀྱི་སྐབས་ཀྱི་གནས་ཚུལ་གང་ཡང་གསལ་པོ་དྲན་གྱི་མི་འདུག ང་རང་གིས་དྲན་གསོས་པའི་གནས་ཚུལ་ཕལ་ཆེ་བ་ལོ་བཞི་ལྔ་སྐབས་སུ་ཡིན་ས་རེད། དེ་དུས་ང་ཀོང་པོའི་ལུང་པའི་རི་སྟེང་གི་དུད་ཚང་ཞིག་གི་ནང་བུ་ཆུང་ཤོས་ལྟ་བུ་རེད་འདུག ང་ལ་དམིགས་བསལ་ལས་ཀ་གང་ཡང་མེད་ཁར་རྩེད་མོ་དང་འཁྱམ་ཡས་ཁོ་ནས་དུས་འདའ་བར་བྱེད་ཀྱི་ཡོད། དེའི་སྐབས་ང་ཚོའི་ཁྱིམ་མཚེས་ཟེར་ནའི་རྒྱང་ཐག་ཀི་ལོ་མི་ཊར་གཅིག་ཙམ་ས་ལ་ཡོད་པས། རང་ཉིད་ལ་རྩེད་རོགས་སོགས་སུ་གཅིག་ཀྱང་མེད། ནང་མི་ཚང་མ་མི་རྒན་པ་རྐྱང་རྐྱང་རེད།

པ་ལགས་དང་ཨ་མ་ལགས་གཉིས་ཀ་ལོ་མཐོ་པོ་སླེབས་ཟིན་པ་མ་ཟད་དཔྲལ་བའི་ངོས་སུ་མཉེར་མའི་རི་མོ་འབུར་དུ་ཐོན་ཡོད་པ་མཐོང་ཐུབ། ལོ་མཐོ་པོ་དེ་ཙམ་ཡིན་ཡང་ཨ་མ་ལགས་ནི་མོ་གསར་ནང་བཞིན་ལུས་པོ་ཡང་ཤ་འདོད་པ་དང་ཁྱིམ་ལས་ཆ་ཚང་བྱེད་ཐུབ་ཀྱི་ཡོད། པ་ལགས་ནི་དེ་ཙམ་འགུལ་སྐྱོད་གཏོང་མི་ཐུབ་པ་དང། དབུ་སྐྲ་ནི་ཐུང་ཐུང་དང་གོ་ཐལ་གྱི་མདོག་ལྟར་འགྱུར་ཟིན། རྟག་པར་མལ་ཁྲིའི་སྒང་གཙོག་པུར་བསྡད་ནས་ཁ་འདོན་དགེ་སྦྱོང་དང། མ་ཎི་མཚམས་མ་ཆད་པར་གསོག་གིན་ཡོད། མཚམས་རེ་པ་ལགས་ཀྱི་འགྲམ་དུ་སྡོད་སྐབས་ཁོང་ཀྱི་ཕྱག་གཡོན་པའི་མཐེ་བོང་གི་སེན་མོ་དེ་ཡང་ཟླ་བ་གཟའ་འཛིན་གྱིས་ཟས་པ་ལྟར་མཐོང་རྒྱུ་མེད། པ་ལགས་ཀྱིས་མ་ཎི་བུམ་སྒྲུབ་བྱེད་ཡོད་རེད་ཟེར་བ་དེའང་ཅིས་མི་བདེན་སྙམ་པ་ཡོང་སྲིད། དེར་བརྟེན་སྐབས་རེ་ངའི་མིག་མི་བདེ་བ་འདྲ་བྱུང་ན་ཐད་ཀར་པ་ལགས་འགྲམ་དུ་ཕྱིན་ནས་ལྗགས་ཕུད་གནང་རོགས་ཞུ་གི་ཡོད། པ་ལགས་ཀྱིས་བསྔོ་སྨོན་ཞིག་འདོན་པ་དང་སྦྲགས་ཕུད་ཞིག་འདེབས་ཀྱི་རེད། དེ་དུས་དངོས་གནས་ལམ་སང་དྲག་པ་ལྟ་བུ་ཡོང་གི་འདུག།

ངའི་སྒང་ལ་ཨ་ཅག་ཆེ་ཤོས་བསམ་སྐྱིད་དང། དེའི་འོག་མར་ཨ་ཏ་(གཅེན་པོ)བློ་བཟང། དེའི་འོག་ཡང་སྐྱར་ཨ་ཅག་གཉིས། ང་རང་ཐ་ཆུང་བཅས་ཁྱོམ་ཕྲུ་གུ་ལྔ་ཡོད་འདུག ཨ་ཅག་དང་ཅོ་ཅོ་ཚང་མ་ང་ལས་ལོ་ཧ་ཅང་ཆེ་བ་དང་ཚང་མར་ཕྱི་ནང་གི་ལས་འགན་འདྲ་མིན་ཡོད། དེར་བརྟེན་ཞོགས་སྔ་ལངས་དང། དགོང་ཕྱི་ཉལ་ཁོ་ནས་དུས་འདའ་བ་ལས་ང་དང་མཉམ་དུ་རྩེད་མོ་རྩེ་ནས་སྡོད་ལུང་ཅང་མེད། འོན་ཀྱང་ཚང་མས་ང་ལ་དོ་ཁུར་དང་གཅེས་པོ་གནང་གི་ཡོད།

ཉིན་མོར་ཚང་མ་ཞིང་ལས་དང་དེ་མིན་གྱི་ལས་ཀ་འདྲ་མིན་ཆེད་འགྲོ་དགོས་དུས་ནང་ལ་ང་དང་པ་ལགས་མ་གཏོགས་ལྷག་གི་མེད། ནང་ལ་རྩེད་རོགས་མེད་པར་སྡོད་རྒྱུ་ནི་ཧ་ཅང་ཡུད་པོ་སྐྱེ་གཞི་ཞིག་ཆགས། དེས་རྐྱེན་པས་ཉིན་ལྟར་ཞོགས་ཇ་ཚར་བ་དང་། ང་རང་གཅིག་པོ་ས་ཆ་གང་སར་འཁྱམ་མྱུལ་བྱེད་དུ་འགྲོ་གི་ཡོད། ཀོང་པོའི་རི་ཀླུང་དང། ཆུ་མིག ཞིང་ཁ། སྤང་ཐང། རྡོ་ཕུང་། ནགས་ཚལ་སོགས་ཀྱི་དཔང་ནི་མཐའ་ཡས་པའི་ཁར་ས་ཆ་དེ་དག་ལྟ་ན་སྡུག་པ་ཤ་ཅིག་རེད། དེ་མ་ཚད། དེ་དག་གི་ཚལ་ན་དཔྱིད་དབྱར་སྟོན་གསུམ་དུ་བཏགས་རྒྱུ་ཡོད་པའི་འབྲས་ལྡན་སྟར་ཁ་དང། ཀུ་ཤུ། ཁམ་བུ། སྤྲེལ་མ། སེའུ་འབྲུ་སོགས་བཀོག་པའམ་འཐུ་ནས་སྤྱོད་རྒྱུ་ཡོད། དེ་དག་ཚང་མ་བདག་མེད་དུ་སྐྱེས་ཡོད་པས་སུ་གཅིག་གིས་ཀྱང་སྐད་བརྒྱབ་མཁན་མེད།

ང་རྟག་པར་འཁྱམ་དུ་འགྲོ་བ་ལས་ཁྱིམ་དུ་མི་སྡོད་པས་ཕ་མ་གཉིས་པོ་སེམས་ཁྲལ་ཡོང་གི་འདུག དེ་ནས་བཟུང་འཚམས་རེ་ཨ་ཏ་བློ་བཟང་རི་ཤིང་བཅད་དུ་མཉམ་དུ་བཏང་བའམ། སྐབས་རེ་ཨ་ཅག་མཉམ་དུ་རི་རྩེར་སྨན་རྩ་དང་ཤ་མོང་འཐུ་རུ་བཏང་སོང་། ཡིན་ནའི་ཨ་ཅག་དང་ཅོ་ཅོག་སུ་དང་མཉམ་དུ་འགྲོ་ནའི་ང་ལ་ལས་ཀ་བྱེད་མ་བཅུག་པར་ལྷོད་ལྷོད་བྱས་ན་བསྡད་བཅུག་གིས། ཁོ་ཚོ་སོ་སོའི་ལས་ཀར་འབྲེལ་བས་ང་ལ་ཡ་བྱེད་ལོང་མེད་པས་ང་རང་ལ་དེ་བས་ཉོབ་སྣང་ཆེ་བ་བྱུང། གལ་ཏེ་ང་རང་གཅིག་པོ་འཁྱམ་རྩིས་བྱས་པ་ཧ་གོ་ན་ཁོང་ཚོས་ཤིང་ནགས་ནང་དོམ་ཡོང་གི་རེད་ཟེར་ནས་འཇིགས་སྣང་སློང་ཀྱང་བྱེད་ཀྱི་རེད།

དེ་ནས་བཟུང་ག་དུས་ང་རང་གཅིག་པོ་ཕྱི་ལོག་འཁྱམ་དུ་འགྲོ་ནའི་སེམས་ནང་དོམ་ཡོང་གི་རེད་བསམ་པའི་ཞེད་སྣང་ཞིག་ངང་ཤུགས་ཀྱིས་སླེབས་ཀྱི་འདུག འོན་ཀྱང་ཁེར་རྐྱང་དུ་འཁྱམ་འགྲོ་རྒྱུའི་གོམས་གཤིས་དེ་ཅི་ནས་ཀྱང་འགོག་མ་ཐུབ་པའི་ཁར་རི་གཤམ་གྱི་གྲོང་ཁྱེར་དུ་ཁ་ཕྱོགས་བསྒྱུར།  མུ་འགོད།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: ལིའུ་དང་པོ།༽ རྩེད་རོགས་མེད་པའི་བྱིས་དུས།
ལིའུ་དང་པོ།༽ རྩེད་རོགས་མེད་པའི་བྱིས་དུས།
ང་རང་འཇིག་རྟེན་དེའི་ཐོག་ཇི་ལྟར་སླེབས་མིན་དང་སླེབས་རྗེས་ཀྱི་ལོ་གཅིག་གཉིས་ཀྱི་སྐབས་ཀྱི་གནས་ཚུལ་གང་ཡང་གསལ་པོ་དྲན་གྱི་མི་འདུག ང་རང་གིས་དྲན་གསོས་པའི་གནས་ཚུལ་ཕལ་ཆེ་བ་ལོ་བཞི་ལྔ་སྐབས་སུ་ཡིན་ས་རེད། དེ་དུས་ང་ཀོང་པོའི་ལུང་པའི་རི་སྟེང་གི་དུད་ཚང་ཞིག་གི་ནང་བུ་ཆུང་ཤོས་ལྟ་བུ་རེད་འདུག ང་ལ་དམིགས་བསལ་ལས་ཀ་གང་ཡང་མེད་ཁར་རྩེད་མོ་དང་འཁྱམ་ཡས་ཁོ་ནས་དུས་འདའ་བར་བྱེད་ཀྱི་ཡོད
http://3.bp.blogspot.com/-1Oa_zqK4RYg/T66CylTEp6I/AAAAAAAACi4/tvQ1LHtUJ5Q/s320/drawing1.jpg
http://3.bp.blogspot.com/-1Oa_zqK4RYg/T66CylTEp6I/AAAAAAAACi4/tvQ1LHtUJ5Q/s72-c/drawing1.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2012/05/blog-post_9134.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2012/05/blog-post_9134.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy