མངོན་ཤེས་ཅན་གྱི་ཆུང་མ།

དེ་ནི་སྔར་རྒྱུན་གྱི་ཉིན་ཞིག་རེད། ངས་སྣང་མེད་ངང་ "ཧཱ་ཡོ་་་་གནམ་གཤིས་དེ་དེ་འདྲའི་ཚ་བ་ཆེ་བ་ལགས" ཞེས་ཁ་ནས་ཤོར་སོང། ངའི་བསམ་པར་རང་ཉིད་ཆིག་ལབ་བརྒྱབ་ཀྱི་ཡོད་སྙམ་པ་བྱུང་ཡང་དོན་དངོས་ཐོག་ངའི་ཉེ་འཁོར་དུ་མི་གཞན་ཡང་ཡོད་པ་ད་ཚོད་གཞི་ནས་འཚོར་བྱུང།


དེ་ནི་སྔར་རྒྱུན་གྱི་ཉིན་ཞིག་རེད། ངས་སྣང་མེད་ངང་ "ཧཱ་ཡོ་་་་གནམ་གཤིས་དེ་དེ་འདྲའི་ཚ་བ་ཆེ་བ་ལགས" ཞེས་ཁ་ནས་ཤོར་སོང། ངའི་བསམ་པར་རང་ཉིད་ཆིག་ལབ་བརྒྱབ་ཀྱི་ཡོད་སྙམ་པ་བྱུང་ཡང་དོན་དངོས་ཐོག་ངའི་ཉེ་འཁོར་དུ་མི་གཞན་ཡང་ཡོད་པ་ད་ཚོད་གཞི་ནས་འཚོར་བྱུང།

ཁྱེད་རང་ཡང་དེ་ལྟར་མི་གཞན་གྱི་མདུན་དུ་བསམ་མེད་ངང་སྐད་ཆ་ཐལ་མྱོང་ཡོད་དམ།

ངས་ཟ་ཁང་ནང་ག་དུས་ཕྱིན་ཀྱང་གཡས་གཡོན་དུ་མི་གཞན་ཡང་ཡོད་པ་དང་ཁ་ལག་བཟའ་སྐབས་གཟབ་གཟབ་བྱེད་དགོས་རྒྱུ་སོགས་སོ་སོས་སོ་སོར་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད། སྣེ་ལན་པས་ཁ་ལག་གང་དགོས་སྐད་ཆ་འདྲི་རུ་ཡོང་སྐབས་ངོ་ཚ་ཉོས་ཡོང་བསམ་པའི་དངངས་སྐྲག་ཞིག་ངང་ཤུགས་ཀྱིས་ཡོང་གི་འདུག དེར་བརྟེན་སྣེ་ལེན་པར་ཐད་ཀར་ཁ་ལག་མངགས་རྒྱུའི་ཚབས་ཏུ་ཤོག་བུའི་ཐོག་ཟ་ཅ་གང་དགོས་ཤོག་བུའི་ཐོག་གསལ་པོ་བྱས་ནས་བྲིས་རྒྱུར་དགའ་བ་ཞིག་ཡིན།

ངས་ཅི་ཞིག་དྲན་གྱི་ཡོད་པ་ནི་ང་རང་གཅིག་པོས་མ་གཏོགས་རྟོགས་མི་ཐུབ་སྙམ་པ་ཡོང་གི་འདུག་ཀྱང་དོན་དངོས་ཐོག་ངའི་མདུན་དུ་བསྡད་ཡོད་པའི་བརྩེ་ལྡན་གྱི་བཟའ་ཟླ་ཁོང་གིས་ཤེས་ཐུབ། ཁོང་ནི་སྐྱེས་དམན་མཆོག་ཏུ་འགྱུར་བ་ཞིག་རེད། ངས་ཆིག་ལབ་གང་ཞིག་བརྒྱབ་ཀྱང་གོ་ཐུབ་པ་མ་ཟད་ངའི་སེམས་ནང་གང་འཁོར་བ་ཡང་ཤེས་ཐུབ་མཁན་ཞིག་ཀྱང་རེད། ངས་བསམ་བློ་མང་པོ་ཞིག་བཏང་མི་དགོས་པ་ཡང་བཟོ་གི་རེད།


ངས་རང་ཉིད་ཀྱི་ནུས་པ་ཡོད་ཚད་དོན་མེད་བསམ་བློ་ཀྱང་ཀྱང་བཏང་དགོས་པ་ཅི་ཡིན་ངས་ཀྱང་གོ་ཚོས་ཀྱི་མི་འདུག གལ་ཏེ་བསམ་བློ་མང་པོ་ཞིག་བཏང་བའི་རྒྱུད། དེ་འགྲེལ་བརྗོད་བྱེད་ལ་ཁད་དུ་དེ་ལ་དོ་ཟླ་ཞིག་ཡོང་ཡོང་པ་རེད། ཁ་གཏད་དེ་་་་་་ཁྱེད་ཀྱིས་བསམ་བློ་འཁོར་ཐུབ་ཀྱི་མ་རེད། ངའི་བསམ་བློའི་ཁ་གཏད་གཅོག་མཁན་ནི་ངའི་སྐྱེས་དམན་རེད།

གལ་ཏེ་ངས་བསམ་བློ་བཏང་རྒྱུ་མཚམས་བཞག་ན་མི་ཚེ་ནི་གནོན་ཤུགས་མེད་པའི་ཧ་ཅང་སྟབས་བདེ་པོ་ཞིག་ཡིན་ངེས་རེད། ངས་བསམ་བློ་མང་པོ་བཏང་བའི་རྐྱེན་གྱིས་འཚམས་རེ་སོ་སོས་སོ་སོར་དཀའ་ངལ་སྤྲད་ཀྱི་འདུག དངོས་གནས་རང་ཉིད་ཀྱི་བསམ་བློ་བཏང་ནས་སྒྲུབ་དགོས་པའི་ལས་ཀ་ཚང་མ་མི་གཞན་ཞིག་ལ་བརྩིས་སྤྲོད་རྒྱུ་ཡོད་ན་མི་ཚེ་ནི་སྟབས་བདེ་པོ་རེད། གང་ལྟར་སྐྱེས་པ་ཚོས་རྒྱུ་མཚན་དེ་ལ་བརྟེན་ནས་ཆང་ས་བརྒྱབ་པ་མ་ཡིན་ནམ། བྱས་ན་བུ་མོས་ཆང་ས་བརྒྱབ་དགོས་དོན་གང་ཡིན་ནམ། དེ་ངས་བཤད་ཚོད་ཐིག་མ་སོང།

ངས་"གནམ་གཤིས་དེ་དེ་འདྲའི་ཚ་བ་ཆེ་བ་ལ་"ཞེས་སུན་སྣང་ངང་ལབ་པ་དང་ཁོང་མོས་
"ད་ལྟ་དབྱར་ཁ་ཡིན་པ་ཧ་གོ་གི་མེད་པས་? དབྱར་ཁ་ལ་ཚ་བ་ཡོད་ཡོད་པ་རེད། ཤེས་ཀྱི་མེད་པས་"

གང་ལྟར་ཚ་བ་དེས་ང་རང་བསྡད་བཟོད་མི་བདེ་བ་ལྟ་བུ་འགྱུར་གྱི་འདུག དེ་ནས་ཁོང་མོས་ང་ལ་འཐོམ་དགོས་པའི་ལག་བརྡ་ཞིག་བྱས་བྱུང་། ངས་དེ་གོ་ཚོད་མ་སོང། ང་སྔོན་ནས་འཐོམ་བསྡད་ཡོད། གོ་མ་ཚོད་པར་འཐོམ་བསྡད་རྒྱུ་ཡང་ངའི་གཤིས་ཀ་ཞིག་མིན་ནམ།

"གལ་སྲིད་" ད་རེས་ཁོང་མོ་ཏོག་ཙམ་རླུང་ཟ་བ་འདྲ་པོས་ "ཚ་བ་ཚིགས་ནས་བསྡད་ཐུབ་ཀྱི་མིན་འདུག་ན་ཐབ་ཚང་ནང་སུས་ཤོག་ལབ་ཀྱི་འདུག ཕྱི་ལ་རྒྱུགས" ཞེས་སྐད་བརྒྱབ།

ཐབ་ཚང་ལ་བསྡད་ན་ག་རེ་ཡོད་རེད། ཕྱི་ལོག་ལ་ཡང་ཚ་བ་རེད། གང་ལྟར་ཁོང་ལ་དེ་བསམ་པ་དང་མ་ལབ་པས་ཡག་སོང།

ངས་མཚམས་མཚམས་མ་གཏོགས་ཐབ་ཚང་ནང་ཡོང་མི་དགོས་པ་བྱེད་ཀྱི་ཡོད། ལྷག་པར་དུ་རང་གི་སྐྱེས་དམན་ཡོད་དུས། ང་རང་ཐབ་ཚང་ནང་འགྲོ་རྒྱུར་ཞེད་སྣང་ངམ་འཚབ་སྣང་ཞིག་ལངས་ཀྱི་འདུག ངའི་བསམ་པར་གལ་ཏེ་ང་སླེབས་དུས་ཁོང་གིས་བཟོས་བཞིན་པའི་བག་ལེབ་ཡག་པོ་མ་ཆགས་པའམ། ཁོང་གི་དགའ་མོས་ཆེ་ཤོས་བྱེད་སའི་དཀར་ཡོལ་ས་ལ་ཤོར་བ་སོགས་མ་འགྲིགས་པ་འདྲ་བྱུང་མི་ཡོང་ངམ་བསྙམས་པ་ཡོང་གི་འདུག


"ངས་གསལ་པོ་་ཞེ་དྲག་དྲན་གྱི་འདུག"
ཁོང་གིས་ནན་པོ་བྱས་ནས་ང་ལ་བལྟ་བཞིན་མུ་མཐུད་
"ཟླ་བ་ཁ་ཤས་སྔོན་རང་གས་ཡང་གནམ་གཤིས་ཧ་ཅང་དྲང་མོ་འདུག ང་ཤི་ས་རེད་ཅེས་ལབ་པ་མ་རེད་པས་"
རེད་ཁོང་གིས་གསུང་པ་བདེན་པ་རེད། དེ་དུས་གནམ་གཤིས་ཧ་ཅང་གྲང་མོ་རེད། ངས་སྡུག་སྐད་ཡང་ཡང་བརྒྱབ་པ་རེད།

"རང་གས་རང་ཉིད་ཀྱི་བལྟ་ཚུལ་ལ་གཏོགས་ཙམ་འགྱུར་བ་བཏང་དགོས་པ་རེད།" དེ་ནི་ཁོང་མོས་ང་ལ་གཏད་པའི་དོ་ནན་གྱི་བསམ་ཚུལ་ཞིག་རེད། ཁོང་མོས་ང་ལ་བསམ་བློ་འགྱུར་བཅོས་བཏང་དགོས་ལབ་དུས་ངའི་སེམས་ནང་འགལ་འདུ་ཅན་གྱི་བསམ་ཚུལ་མང་པོ་འཆར་བྱུང། གང་ལྟར་ཁོང་མོས་དུས་རྟག་ཏུ་ངའི་བློ་ངོར་གུ་ཡངས་ཀྱི་བློ་ཁ་གསར་པ་ཞིག་ཀྱི་ཕྱོགས་སུ་ལམ་སྟོན་བྱེད་གང་ཐུབ་བྱེད་ཀྱི་རེད། ཟ་ཁང་ནང་ཁོང་མོས་སྔོན་ཚུད་ནས་ངའི་དགའ་ཤོས་ཀྱི་ཤ་ཚལ་མངགས་ཚར་འདུག ང་ག་རེ་ལ་དགའ་པོ་ཡོད་པ་མངོན་ཤེས་མཁྱེན་པ་ལྟ་བུ་རེད་འདུག

ཁོང་མོས་ཤ་ཚལ་ལ་མིག་བརྡ་ཞིག་འཕེན་ཏེ། "ཚ་དྲགས་འདུག གྲང་དྲགས་འདུག"
དགོད་འཛུམ་ཞིག་དང་སྦྲགས་ "མཚམས་རེ་སེམས་པའི་འཁྱེར་སོ་ལ་རགས་ལུས་སྲིད་ཀྱི་རེད།"

ངས་ཁོང་མོར་བལྟ་བཞིན་བདེན་པ་རེད་ཟེར་བའི་ཁུལ་དུ་ངས་མགོ་བོ་ཅོག་ཅོག་བྱས་པ་ལས་དེའི་སྐོར་མུ་མཐུད་སྐད་ཆ་བཤད་མི་འདོད། ཡིན་ནའི་སྐད་གསལ་ལ་མི་གསལ་ངང་ "རང་གིས་གསུངས་པ་བདེན་པ་བདེན་རྐྱང་རེད།"

དེ་འདྲའི་ངང་ང་གཉིས་སྒེར་གྱི་སྐད་ཆ་དེ་ནས་མཚམས་ཞིག་བཞག་གི་ཡིན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: མངོན་ཤེས་ཅན་གྱི་ཆུང་མ།
མངོན་ཤེས་ཅན་གྱི་ཆུང་མ།
དེ་ནི་སྔར་རྒྱུན་གྱི་ཉིན་ཞིག་རེད། ངས་སྣང་མེད་ངང་ "ཧཱ་ཡོ་་་་གནམ་གཤིས་དེ་དེ་འདྲའི་ཚ་བ་ཆེ་བ་ལགས" ཞེས་ཁ་ནས་ཤོར་སོང། ངའི་བསམ་པར་རང་ཉིད་ཆིག་ལབ་བརྒྱབ་ཀྱི་ཡོད་སྙམ་པ་བྱུང་ཡང་དོན་དངོས་ཐོག་ངའི་ཉེ་འཁོར་དུ་མི་གཞན་ཡང་ཡོད་པ་ད་ཚོད་གཞི་ནས་འཚོར་བྱུང།
http://3.bp.blogspot.com/-z0rTblw4m7c/UCD7ATRyNDI/AAAAAAAAC8Q/pvDY8domgrY/s320/dinner.jpg
http://3.bp.blogspot.com/-z0rTblw4m7c/UCD7ATRyNDI/AAAAAAAAC8Q/pvDY8domgrY/s72-c/dinner.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2012/08/blog-post.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2012/08/blog-post.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy