ཞི་མི་ནག་པོ། ལེའུ་དང་པོ།


ངས་སྨྱུ་གུ་ལེན་ཏེ་ཤོག་བུ་དེའི་ཐོག་སྒྲུང་འདི་འབྲི་འདོད་བྱུང། ཡིན་ཡང་སྒྲུང་དེ་དངོས་འབྲེལ་ལམ་ཡིད་ཆེད་མ་བྱེད་རོགས། ང་སྨྱོ་བ་ཡིན་གྱི་རེད་གལ་ཏེ་ཡིད་ཆེས་བྱེད་རྒྱུའི་རེ་བ་བཅངས་ན། གང་ཡིན་ཟེར་ན་གནས་ཚུལ་དེ་འདྲ་ཞིག་ང་ལ་བྱུང་བ་ནི་བསམ་པའི་ཡུལ་ལས་འདས་པ་ཞིག་རེད། མ་རེད། ང་སྨྱོ་བ་མ་རེད་ལ། རྨི་ལམ་བཏང་བ་ཡང་མ་རེད། སང་ཉིན་ང་ཤི་རྒྱུ་ཉག་ཅིག་རེད། ང་སྲོག་ཐོག་བཏང་རྒྱུའི་དུས་ཚོད་རེད། དོ་དགོང་དངངས་སྐྲག་དེ་ལས་གཡོལ་ཆེད་སྒྲུང་དེ་བྲིས། འཇིག་རྟེན་ཐོག་ཏུ་ངས་འཁུར་བའི་འཇིག་སྣང་དང་རང་ཉིད་ཀྱི་ཡོད་ཚད་ཇི་ལྟར་འཕུངས་བའི་སྐོར་དེ་ཐད་ཀར་བཤད་འདོད་བྱུང། དེར་བརྟེན་འུར་བརྒྱབ་དགོས་པའི་དགོས་པ་མ་མཆིས། མི་ཁ་ཤས་ཀྱིས་དེ་ནི་སྤྱིར་བཏང་གི་སོམ་ཉིའི་རང་བཞིན་གྱི་སྒྲུང་ཞིག་ཏུ་མཐོང་སྲིད་ལ། ཤེས་ལྡན་པ་དང་རྒྱུ་མཚན་ཁོ་ནར་བཀོད་མཁན་ཚོར་དེ་ནི་ལས་འབྲས་ཀྱི་རྣམ་སྨིན་ཞིག་ཏུ་ཡང་འཚོར་སྲིད།

ང་ཆུང་དུས་ནས་ཕྲུ་གུ་གཞན་དང་མི་འདྲ་བ་སེམས་ཁམས་ཏོག་ཙམ་མི་འདྲ་བ་སྨན་པས་དོ་སྣང་བྱུང་ཡོད། ངའི་སེམས་པ་ཕྲ་བས་མི་ཚོས་ཞད་དགད་བྱེད་སའི་ཡུལ་ལྟ་བུ་ཆགས་མྱོང།
རང་ཉིད་གཅིག་པོ་སྡོད་རྒྱུ་ལས་གཞན་དང་འདྲིས་གཤིབ་བྱེད་མི་ཤེས། ང་སེམས་ཅན་རིགས་ལ་ཧ་ཅང་དགའ་པོ་ཡོད། དེར་བརྟེན་ཕ་མས་ང་སེམས་ཅན་རིགས་འདྲ་མིན་གསོ་བཅུག་གི་ཡོད་ལ་ངས་ཀྱང་དུས་ཚོད་ཕལ་ཆེ་བ་སེམས་ཅན་མཉམ་དུ་སྐྱེལ་གྱི་ཡོད།
ཁོང་ཚོར་བྱམས་པོ་བྱེད་རྒྱུ་དང་ཁ་ལག་སྤྲོད་རྒྱུ་ནི་བསམ་ཡུལ་འདས་པའི་བདེ་སྣང་ཞིག་བསྟེར་གྱི་འདུག དེ་ལྟར་ང་མི་རྒན་པ་ཆགས་ཟིན་ཡང་གཞན་དང་མི་འདྲ་བའི་གཤིས་རྒྱུད་དེ་རང་འཇག་བསྡད་འདུག ང་རང་སྒེར་ངོས་ནས་ཆ་བཞག་ན་དེ་ནི་བདེ་སྐྱིད་བྱུང་སའི་གཞི་འཁོ་ན་རེད། གལ་ཏེ་ཁྱེད་ཀྱིས་ཁྱིམ་དུ་ཁྱི་སོགས་གསོས་མྱོང་ན་དེས་རང་ཉིད་ཀྱི་ཉེ་འཁྲིས་སུ་ཡོང་ནས་དགའ་སྣང་དང་ཁ་ཉན་པོ་བྱེད་དུས་འཚོར་བ་གང་འདྲ་ཞིག་སླེབས་ཀྱི་འདུག བདེ་སྣང་གང་འདྲ་འདུག ངས་དཀའ་ཚེགས་ཆེན་པོས་འཚོར་བ་དེ་དག་འབྲེལ་བཤད་བྱེད་དགོས་པ་མ་མཆིས།

ང་ཆང་ས་སྔ་པོ་བརྒྱབ་པ་ཡིན། ངའི་ཆུང་མའི་བསམ་བློ་བཏང་སྟངས་ང་དང་མི་གཅིག་པ་དེ་ཙམ་མེད། ངས་དུས་ཚོད་མང་ཆེ་བ་སེམས་ཅན་ལ་བཏང་ཡང་ཁོང་མོ་ད་དུང་བསམ་ཤེས་ཆེན་པོ་ང་དང་བློ་མཐུན་ཐབས་བྱེད་ཀྱི་ཡོད། ད་ལྟའི་ཆར་ང་ཚོ་ལ་བྱིའུ་དང། གསེར་ཉ། ཁྱི། རི་བོང། སྤྲིའུ། ཞི་མི་གཅིག་བཅས་ཡོད།

སེམས་ཅན་མཐའ་མ་དེ་འགྲན་ཟླ་བྲལ་བའི་རྗིག་པོ་ཡོད། གཟུགས་ཆེ་བའི་ཁར་སྤུ་མདོག་ནག་པོ་འོད་ཐིང་ངེ་། སྤྱང་ཤེས་ལྡན་པ། ངའི་ཆུང་མའི་སེམས་ཀྱི་གྲུ་ཟུར་ཞིག་ཏུ་རྣམ་རྟོག་གི་གྲིབ་གཟུགས་ཞིག་ཆགས་ཡོད་པ་ནི། ཨཱི་ཇིབ་ཀྱི་བརྩིས་སྲོལ་ལྟར་ཞི་མི་ནག་པོ་ཚང་མ་འདྲེ་མོའི་རང་གཟུགས་རེད་ཟེར་བ་དེ་རེད། ཁོང་མོས་དེ་དོན་ཧ་ཅང་དོ་ནན་ངང་རྟག་ཏུ་དྲན་སྐུལ་བྱེད་ཀྱི་རེད། ངས་ཀྱང་ཕྱོགས་ག་ནས་བསམ་བློ་བཏང་ཡང་བྱུང་ཟིན་པའི་དོན་རྐྱེན་དེར་རྒྱུ་མཚན་དང། ཁོང་མོའི་ཉན་བརྡ་ཡང་ད་གཟོད་གཞི་ནས་དྲན་བྱུང་།

ཎ་ཎ། འདི་ནི་ཞི་མི་དེའི་མིང་རེད། ངའི་དགའ་ཤོས་ཀྱི་སེམས་ཅན་དང་ངའི་རྩེད་རོགས། ཁ་ལག་ངས་སྤྲད་ན་མ་གཏོགས་གཞན་གྱི་ལག་པ་ནས་མི་བཟའ། ཁང་པའི་ནང་གང་དུ་ཕྱིན་ཀྱང་མཉམ་དུ་འཕྲད་ནས་བསྡོད་ཀྱི་རེད། སྐབས་རེ་ཕྱི་ལ་ལས་དོན་དུ་སྒྲུབ་ཏུ་འགྲོ་སྐབས་ཀྱང་མཉམ་དུ་རྒྱུགས་ཡོང་ནས་ཡང་ཡང་བཀག་དགོས་འཁེལ་གྱི་ཡོད།

དེ་ལྟར་ཧ་ལམ་ལོ་མང་རིང་ང་གཉིས་ཀྱི་གྲོགས་པོ་ནང་བཞིན་གནས་ཐུབ་པ་བྱུང་ཡང་དུས་ཡུན་ཞིག་གི་ནང་ངའི་རང་གཤིས་དེར་གློ་བུར་དུ་གདུག་རྩུབ་དང་ངན་ལོབ་ཟིན་པའི་སེམས་ལྟར་འགྱུར་སོང་། ཉིན་རེ་བཞིན་རྣམ་འགྱུར་ངན་དུ་འགྱུར་བ་དང། གཞན་ལ་ཆ་འཇོག་མེད་པ། ཆུང་མར་ཚིག་ངན་དང་ཉེས་བརྡུངས་ཀྱང་བཏང་། ནང་དུ་ཡོད་པའི་སེམས་ཅན་རྣམས་ལ་བལྟ་རྟོགས་མེད་ཁར་རྨས་སྐྱོན་བཏང་ཤོར་སོང་། ངས་རང་ཉིད་ཀྱི་བྱས་ཉེས་དེ་དག་དྭངས་ལེན་བྱས་སྐབས་ཧ་ཅང་ངོ་ཚ་འོང་གི་འདུག འོན་ཀྱང་གནས་ཚུལ་དེ་འདྲའི་འོག་ཎ་ཎ་ལ་ཉེས་བརྡུང་རིགས་མ་ཕོག་པ་བྱེད་ཀྱི་ཡོད། ངས་རི་བོང་དང། ཁྱི། སྤྲིའུ་ལ་སྐབས་རེ་བརྩེ་བའི་དབང་གིས་སམ། ཡང་ན་རྐྱེན་དབང་གིས་བརྡུང་ཤོར་ཡང་ངའི་འགྲམ་དུ་འཁོར་ཡོང་གི་ཡོད། གང་ལྟར་ཉིན་རེ་བཞིན་ངའི་བྱ་སྤྱོད་ཐ་དག་སྡུག་ཏུ་འགྲོ་བ་དང། ཧ་ལམ་རག་བཟི་བ་ནང་བཞིན་འགྱུར་འདུག་པས་ཎ་ཎ་ནི་ད་སྐབས་སྒས་ནས་དེ་ཙམ་འཁྲུག་པོ་མེད་ཀྱང་ང་མི་གདུག་ཅན་ཞིག་ཏུ་འགྱུར་བ་ཧ་ལམ་འཚོར་བ་འདྲ།

མཚན་གཅིག་རག་ཚོད་མེད་བཟི་ནས་ནང་ལ་ཡོང་བ་དང་ངས་ཎ་ཎ་ལ་འཇིག་སྣང་ཞིག་སྐུལ་དགོས་བསམ་ནས་དེ་འཇུས་ཡིན། ཁོ་ཞེད་ནས་ངའི་ལག་པར་སོ་རྒྱག་བྱུང། ངའི་སེམས་ཡོངས་རྫོགས་དེ་དུས་གདོན་གྱི་ཟིན་་ལྟར་ཞེད་སྡངས་ཁོ་ནས་ང་ང་མ་ཡིན། ངའི་སྔར་སོང་གི་སེམས་པ་ངའི་ལུས་ཕུང་ལས་རྒྱང་རིང་དུ་དཀྲོད་ཅིང་། ཕ་རོལ་པོ་སྡུག་སྤྱོད་བྱེད་རྒྱུར་སྤྲོ་བཞིན་ཚབ་མེད་ལས་ལ་བཞུགས་རྒྱུར་ངའི་སེམས་ཀྱི་རྒྱུ་བ་ཡོད་ཚད་འགུལ་བར་བྱེད། ངས་དེ་མ་ཐག་རང་གི་བག་ཁུག་ལས་ལྟེབས་གྲི་བཏོན། ལག་འོག་ཏུ་བཅུག་པའི་གཅན་གཟན་དེའི་མིག་རིལ་གཅིག་བཀོག་བཞག་པ་ཡིན། ངས་དེའི་སྐོར་བྲིས་དུས་ངའི་ལུས་པོ་ཡོངས་འདར་བ་དང་ཚ་ཤད་བརྒྱག་པ་དུས་གཅིག་ཏུ་ཡོང་གི་འདུག མུ་འགོད།


\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *