Posts

Showing posts from September, 2012

ཁྱེད་ཀྱི་ལག་ཐོག་ཁ་པར་ནི་ཁྱེད་རྗེས་འདེད་གཏོང་ཆས་རེད།

ཁྱེད་ཀྱི་ལག་ཐོག་ཁ་པར་ནི་ཁྱེད་རྗེས་འདེད་གཏོང་ཆས་རེད།
ལག་ཐོག་གློག་ཆས་ཀྱིས་འབྲེལ་བ་བྱེད་ཐུབ་་་
འབྲེལ་བ་ཉར་འདོད་ཡོད་པ་དང།
འབྲེལ་བ་བྱེད་འདོད་མེད་པ་ལ་ཡང།
དེ་ལྟར་ཡོང་བར། དེས་ཉེ་འཁྲིས་སུ་ཡོད་པའི་ signal tower དང་གཏན་དུ་བརྡ་འབྲེལ་བྱེད་ཀྱི་ཡོད།
ཁྱེད་ཀྱི་ལག་ཐོག་ཁ་པར་བསད་ཡོད་ཀྱང་གཅིག་བྱས་ན་དེས་ད་དུང་བརྡ་འབྲེད་བྱེད་ཐུབ།
དེར་བརྟེན་འབྲེལ་མཐུད་ཞབས་ཞུས་ཁྱེད་རང་གང་དུ་ཡོད་མེད་རྩད་གཅོད་ཐུབ།
དེ་མིན་གཞན་གྱིས་ཀྱང་་་་་་་གལ་ཏེ་བརྡ་འབྲེལ་གསན་ཐུབ་ན།
ཁྱེད་ཀྱི་ལག་ཐོག་ཁ་པར་གྱིས་བཏང་བའི་བརྡ་ལས་ཁྱེད་རྩད་གཅོད་ཐུབ།
གལ་ཏེ་ལག་ཐོག་ཁ་པར་མ་བསད་པའམ། ནང་དུ་ཡོད་པའི་གློག་རྫས་མར་མ་བཏོན་བར།
ཡང་ན་ཕྱིར་བསྐྱོད་སྐབས་དེ་ནང་ལ་བཞག་ནས་ཐོན་འགྲོ་ན།
ཐབས་ལམ་གཞན་རྒྱུད་དེ་འབྲེལ་མཐུད་བྱེད་ན།

ངོ་དེབ་ནི་གསང་བ་སྤེལ་སའི་གླེང་སྟེགས་ཡག་པོ་ཞིག་རེད། གྲོགས་པོ་དང་སོ་ལྟ་བྱེད་མཁན་གཉིས་ཀར།

ངོ་དེབ་ནི་གསང་བ་སྤེལ་སའི་གླེང་སྟེགས་ཡག་པོ་ཞིག་རེད། གྲོགས་པོ་དང་སོ་ལྟ་བྱེད་མཁན་གཉིས་ཀར།

མི་ས་ཡ་བརྒྱད་བརྒྱ་ལྷག་གིས་ངོ་དེ་བ་བེད་སྤྱོད་བྱེད་ཀྱི་ཡོད།
གྲངས་ཚད་དེ་ཉིན་རེ་བཞིན་འཕར་འགྲོ་གི་ཡོད།
ངོ་དེབ་ཀྱིས་སྒེར་གྱི་གནས་ཚུལ་ཉར་སྤེལ་བྱེད་ཀྱི་ཡོད།
དེས་དྲ་བའི་ཐོག་རང་ཉིད་ཀྱི་དྲ་ཉུལ་ཐ་དག་ལ་འཇུག་འདེད་བྱེད་ཀྱི་ཡོད།
གལ་ཏེ་ངོ་དེབ་སྤྱད་དེ་ལས་འགུལ་རྩམ་པ་དང་གནས་ཚུལ་བསྡུ་རུབ་དང་སྤེལ་རེས་བྱེད་པ་ཡིན་ན།
སྒེར་གྱི་གནས་ཚུལ་ལ་དོ་དམ་བྱོས།
ལས་ལྷ་པོ་མེད་ཀྱང་། སྲིད་པ་ཞིག་རེད།
རྒྱུན་དུ་ནས་ HTTPS རྒྱུད་དྲ་འབྲེལ་བྱེད་དགོས།
ག་དུས་ཡིན་ཡང་དོ་དག་གི་གནས་ཚུལ་སུས་བལྟ་ཀློག་ཐུབ་མིན་འདེམས་དགོས།
Privacy Setting ནང་ཕྱིན་ཏེ་ཞུ་དག་བྱེད་དགོས། ངོ་དེབ་ནང་དེ་ཡང་ཡང་འགྱུར་བ་ཐེབས་ཀྱི་ཡོད།

ཧཱེ། yahoo ངའི་གླིག་འཕྲིན་ལ་ https རྒྱོབ་དང།

གློག་འཕྲིན་ཞབས་ཞུ་སུ་བརྟན་པ་ཡོད་དམ། Yahoo ཡང་ན་ Gmail
གློག་འཕྲིན་ཞབས་ཞུའི་རིགས་ཁ་ཤས་རྒྱུན་དུ་ནས་དྲ་ལམ་བརྟན་པོ་རྒྱུད་ནས་འགྲོ་གི་ཡོད།
ཁ་ཤས་དེ་ལྟར་མ་ཡིན།
དེར་བརྟེན་མི་གཞན་གྱིས་རང་ཉིད་ཀྱི་ཡི་གེ་བལྟ་ཀློག་བྱེད་ཐུབ།
ཇི་ལྟར་བྱས་ནས་ཡིད་ཟབ་་བྱེད་དགོས།
ཁྱེད་རང་གིས་ཡི་གེ་གཏོང་(send)ཞེས་པ་མ་སྣོན་སྔོན་ལ་address barཐོག་གི་ urlལ་གཟིགས་དང་།
ངེས་པར་དུ་དྲ་རྒྱའི་ཞབས་ཞུ་རྒྱུད་ལམ་དེ་ httpsཡོད་དགོས།
མེད་ན། རྒྱུད་ལམ་དེ་དང་ལྡན་པའི་གློག་འཕྲིན་ཞབས་ཞུ་གཞན་ཞིག་སྤྱོད་དགོས།