Posts

Showing posts from October, 2012

རྩིས་འཁོར་རིག་པའི་རྨང་གཞིའི་ཤེས་བྱ།

Image
མཛའ་བརྩེའི་གྲོགས་ཕོ་མོ་རྣམས་ལ་བཀྲིས་བདེ་ལེགས།

རྩིས་འཁོར་རིག་པའི་བརྙན་ཟློས་འདིས་རྩིས་འཁོར་ཤེས་བྱར་གསར་དུ་འཇུག་བཞིན་པའི་བོད་རིགས་གྲོགས་པོ་རྣམས་ལ་ཕུལ། བརྙན་ཟློས་རེར་སྐར་མ་ ༥ ནས་ ༡༢ བར་ཡོད་པས་གོ་རིམ་ལྟར་བལྟ་བའམ་ཡང་ན་རང་ཉིད་ཀྱི་འདོད་པ་ལྟར་འདེམས་ནས་བལྟ་ནའང་འགྲིགས། ད་རེས་ཚོད་ལྟའི་ཆེད་Window 7 གྱི་རྨང་གཞིའི་ཤེས་བྱ་དང་། དེ་ནས་ Microsoft Package ཆ་ཚང་ཞིག་གི་བརྙན་ཟློས་བཟོ་བཞིན་ཡོད། བརྙན་ཟློས་ཆ་ཚང་youtube དུ་བཞག་ཡོད་དྲ་མཐུད་འདིར་བསྣོན་ཏེ་གཟིགས་ན་འགྲིགས། https://www.youtube.com/user/phoeniz123/

བདུན་ཕྲག་རེར་བརྙན་ཟློས་གསར་པ་ཡང་བཟོ་བཞིན་འཆིས་པས་ཡང་ཡང་གུས་པའི་དྲྭ་ཐོག་དེར་ཕེབས་པར་དགའ་བསུ་ཞུ།

བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།

Image
དྲ་ཚིགས་ཀྱི་མིང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།
དྲ་གནས། http://www.tbrc.org/

བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ (The Tibetan Buddhist Resource Center) ནི་ཨ་མི་རི་ཁར་རྟེན་གཞི་བྱས་ཡོད་ཅིང། ཁེ་སྤོགས་མི་གཉེར་བ་དང་གྲུབ་མཐ་རིས་མེད་ཀྱི་ནང་བསྟན་གློག་རྡུལ་དཔེ་མཛོད་ཁང་ཞིག་ཡིན། དྲ་ཚིགས་འདིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ནང་བསྟན་སྐོར་གྱི་དཔེ་རྙིང་མང་པོ་བསྡུ་སྒྲིག་བྱས་ཏེ། དེ་དག་ལ་དེང་རབས་ཀྱི་གློག་རྡུལ་ལག་རྩལ་བཀོལ་སྤྱོད་བྱས་ནས། དྲ་བ་དང་རྩིས་འཁོར་བརྒྱུད་རྒྱ་ཆེའི་ནང་ཆོས་ཞིབ་འཇུག་པ་རྣམས་དང་སྒོས་སུ་བོད་ཀྱི་རིག་གནས་དོན་གཉེར་བྱེད་མཁན་ཀུན་གྱི་སྤྱན་སྔར་བསྟར་བཞིན་ཡོད། ང་ཚོས་དྲ་ཚིགས་དེ་བརྒྱུད་དེ་ནང་བསྟན་སྐོར་གྱི་དཔེ་རྙིང་མང་པོ་ཞིག་ཐད་ཀར་བལྟ་ཀློག་ཐུབ་ཀྱི་ཡོད་ལ། རྒྱ་གར་དང་། རྒྱ་ནག བལ་ཡུལ་སོགས་ནས་དཔར་སྐྲུན་བྱས་པའི་བོད་ཡིག་གི་དཔེ་དེབ་མང་པོའི་མཚན་བྱང་དང་རྩོམ་པ་པོ། ནང་དོན་གནད་བསྡུས་སོགས་ཚེགས་མེད་དུ་མཁྱེན་ནུས་པས་བཀོད་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་ནོ། །
རྨུ་ཐག་དུས་དེབ་ལས།

Phagma Drolma 2012 Banner

Image
རིགས། ཁྱབ་བསྒྲགས།
རིང་ཚད། 10feet X 60feets
phagmadrolma.org ཚོགས་པ་དེས་བོད་ཀྱི་བོད་མེད་ཀྱི་རང་དབང་ཐབས་རྩོད་སྐོར་གྱི་ཁྱབ་བསྒྲགས།

གངས་ལྗོངས་གློག་རྡུལ་དཔེ་མཛོད་ཁང་།

Image
དྲ་ཚིགས་ཀྱི་མིང་། གངས་ལྗོངས་གློག་རྡུལ་དཔེ་མཛོད་ཁང་།
དྲ་གནས། http://www.thlib.org/

གངས་ལྗོངས་གློག་རྡུལ་དཔེ་མཛོད་ཁང་ (The Tibetan and Himalayan Digital Library) ནི་སྤྱི་ལོ་ 2000 ལོའི་ཟླ་ 3  ཚེས་ 1 ཉིན་གསར་དུ་གཉེར་བའི་རིག་གཞུང་སྐོར་གྱི་དྲ་ཚིགས་ཤིག་ཡིན་ཞིང་། དེ་ནི་ཨ་རིའི་ཝར་ཇི་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ (The University of Virginia) ཁོངས་གཏོགས་ཀྱི་ལས་གཞི་ཞིག་ཡིན། དྲ་ཚིགས་དེས་དེང་དུས་ཀྱི་འཕྲུལ་རྩལ་བེད་སྤྱད་དེ་ཁ་བའི་ལྗོངས་དང་འབྲེལ་ཡོད་ཀྱི་རིག་གཞུང་ངོ་མཚར་ཅན་རྣམས་རིན་མེད་པར་དྲ་བའི་སྟེགས་བུ་བརྒྱུད་དེ་འཛམ་གླིང་ཡུལ་གྲུ་རིས་མེད་ཀྱི་སྐྱེ་བོའི་སྤྱན་ལམ་དུ་བསྟར་བཞིན་ཡོད། ངེད་ཚོས་དྲ་ལམ་དེ་ལས་སྐད་རིགས་མི་འདྲ་བའི་ཐོག་གི་བོད་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་རྙེད་ཐུབ་ལ། རང་ཉིད་ཀྱི་མིག་རྒྱང་འཛམ་གླིང་ལ་གཏོད་རྒྱུ་དང། བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་བཞིན་ཇི་ལྟར་བྱས་ནས་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་འབྲེལ་མཐུད་བྱ་མིན་ཐད་བློ་བསྐྱེད་མི་དམན་པ་ཡོང་སྲིད་པས། ད་ལན་དྲ་ཚིགས་དི་ཆེད་དུ་མཚམས་སྦྱོར་ཞུས།
རྨུ་ཐག་དུས་དེབ་ལས་བཏུས།