གང་འདྲ་ཞིག་ལ་ཕ་སྐད་ཟེར།

 

ཕ་མེས་ཡང་མེས་ཀྱི་བཀོལ་སྤྱོད་དང་མི་ཐོག་གཅིག་ནས་མི་ཐོག་གཞན་ལ་རྒྱུད་སྤེལ་བྱས་པའི་སྐད་རིགས་དེ་ལ་ཕ་སྐད་ཟེར་བ་དང་། ཡང་ཕྲུ་གུ་ཞིག་སྐྱེས་མ་ཐག་ནས་དཀའ་ཚིགས་གང་ཡང་མེད་པར་ཤེས་པའི་སྐད་རིགས་དང་པོ་དེ་ལ་ཕ་སྐད་ཟེར་མི་མཆོག་པ་མེད་སྙམ།

དཔེར་ན་ཕྲུ་གུ་ཞིག་གི་ཕ་བོད་པ་དང་། མ་དབྱིན་ཇི་ཡིན་ན། ཕྲུ་གུ་དེས་ཕལ་ཆེར་སྐད་ཡིག་གཉིས་ཀ་ཤེས་ཐུབ། ཕྲུ་གུ་དེ་ནི་རིགས་རུས་མི་འདྲ་བ་གཉིས་ཀྱི་རྒྱུན་འཛིན་ཡིན་དུས་རང་གི་ཕ་སྐད་གང་ཡིན་དྲིས་ན། དེ་དུས་ཕ་སྐད་ཀྱི་གོ་དོན་གསལ་པོ་རྟོགས་ཐུབ།

བོད་པ་ཚོ་ཚན་རིག་ཧ་ཅང་རྨོངས་འདུག

 

བོད་ཀྱི་སྐད་ཡིག་དྲྭ་ཚིག་གི་དྲྭ་གྲོགས་ཞིག་གིས་ བོད་པ་ཚོ་ཚན་རིག་ཧ་ཅང་རྨོངས་འདུག་འདིར་ཁྱེད་ལ་བསམ་ཚུལ་ག་རེད་ཡོད། ཞེས་བཀོད་འདུག་པ་དེར་ངའི་བསམ་ཚུལ་དེ་འདྲ་ཞིག་བྱུང་།

ཚན་རིག་སློབ་ཚན་ལབ་དུས། རྫས་འགྱུར་རིག་པ་དང་། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ་བཅས་དབྱེ་བ་ཆེ་བ་གསུམ་བཞག་པ་དེ་ཁོ་ན་མ་ཡིན་པར་ཤེས་བྱའི་རྣམ་གྲངས་ཐ་དག་ལ་ཚན་རིག་ཡིན་འདུག ད་ལྟ་ནང་ཆོས་ཀྱི་ཚན་རིག་གམ། སེམས་ཀྱི་ཚན་རིག་ཟེར་བ་ནང་ཆོས་ཁོ་ན་ལས་བྱུང་བ་དེ་ནི་ཚན་རིག་གི་རིག་གནས་ལ་ཁྱད་པར་གྱི་ལེགས་སྐྱེས་ཞིག་ཆགས་ཡོད་ལ་རྒྱལ་སྤྱི་རྒྱལ་ནང་དུ་ཚན་རིག་མཁས་ཅན་མང་པོས་དོ་སྣང་རྒྱ་ཆེར་འགྲོ་བཞིན་ཡོད།

Youtube གློག་བརྙན་འཕབ་ལེན།

 
བརྙན་ཟློས་འདིའི་ནང་ཁྱེད་ཀྱི་ལས་ལྷ་པོའི་ངང་ཡུ་ཊུབ་ Youtube ཀྱི་ལྟད་མོ་རྣམས་ཕབ་ལེན་བྱེད་སྟངས་སྟོན་གྱི་ཡོད། དྲྭ་མྱུལ་མཉེན་ཆས་Mozilla Firefox v14 ཡན་ནམ་གསར་ཤོས་བྱུང་ན་ལེགས། དེ་ནས་ Addon > Easy Youtube Download ཞེས་པ་དེ་ལེན་དགོས།

Activate Office 2010 ཡིག་ཚང་གཉན་ཆས་༢༠༡༠གསང་རྒྱ་གཏོར་བ།

 
ཁྱེད་ཀྱི་ཡིག་ཚང་གཉན་ཆས་༢༠༡༠ (Microsoft Office 2010)འཕབ་ལེན་བྱས་པ་དེ་ནི་ཚོད་ལྟའི་ཆེད་ཡིན་ན། དེ་བེད་སྤྱོད་ཟླ་བ་གཅིག་ལས་མེད། གལ་ཏེ་ཁྱེད་ཀྱིས་གཉན་ཆས་དེ་ལོ་འཁོར་མོར་རིན་མེད་ཐོག་སྤྱོད་འདོད་ན། གསང་རྒྱ་འགྲོལ་སྟངས་ཀྱི་ཐབས་འཇུས་དེས་ཁྱེད་ལ་ཕན་ཐོག་ཡོང་བའི་རེ་བ་ཡོད། 

དགོས་མཁོའི་ཕབས་ལེན།

dotNet_FrameWork4 ཡིག་ཆ་ཆེ་ཆུང་ 48.1MB འདིར་གནོན་ནས་ཕབས་ལེན་གནང་དགོས།
office 2010 Tookkits2.2.8_li0n ཡིག་ཆ་ཆེ་ཆུང་ 17.8MB འདིར་གནོན་ནས་ཕབས་ལེན་གནང་དགོས།

བོད་ཡིག་ཡིག་གཟུགས་རྙིང་པ་རྣམས་བོད་ཡིག་unicode ཅན་དུ་བསྒྱུར་ཐབས།

 
UTFC ཟེར་བའི་གཉན་ཆས་འདི་ནི་བོད་ཡིག་ཡིག་བསྒྱུར་གྱི་ཆེད་དུ་ཡིན། བོད་ཕྱི་ནང་གཉིས་སུ་སྤྱད་པའི་ཡིག་གཟུགས་ཐ་དག་ཕར་བསྒྱུར་ཚུར་བསྒྱུར་བྱེད་ཐུབ། གཤམ་དཔེ་མཚོན་ཙམ་དུ་TCRC བྱས་པའི་ཡིག་གཟུགས་རྣམས་རྒྱལ་སྤྱི་སྤྱི་འགྱུར་ཅན་གྱི་ཡིག་གཟུགས་unicode ལ་བསྒྱུར་སྟངས་སྟོན་རྒྱུ་ཡིན། དེ་བཞིན་ཡིག་གཟུགས་གཞན་རྣམས་ཀྱང་Unicode ལ་བསྒྱུར་སྟངས་ནི་རིགས་འདྲེ་བར་བྱ།

སྤྲིན་སྡེར། དྲ་ལམ་དུ་ཡིག་གསོག་བྱེད་ས།

 
སྤྲིན་སྡེར་ནི་དྲ་རྒྱའི་ཐོག་རང་གི་ཡིག་ཆ་གསོག་འཇོག་བྱེད་སའི་སྲ་སྡེར་ལྟ་བུ་རེད། སྤྲིན་སྡེར་ལ་དབྱིན་སྐད་ཐོག་ online drive དང་ sky drive དེ་བཞིན་ cloud drive སོགས་མིང་ཚིག་འདྲ་མིན་སྤྱོད་ཀྱི་འདུག་ཀྱང་དོན་གཅིག་རེད། སློབ་ཚན་འདིའི་ནང་སྤྲིན་སྡེར་ཟེར་ནས་སློབ་ཁྲིད་བྱེད་ཀྱི་ཡོད། སྤྲིན་སྡེར་གྱི་ཞབས་ཞུའི་རིགས་ཧ་ཅང་མང་པོ་ཡོད་ཀྱང་། ད་རེས་ཀྱི་སློབ་ཚན་འདིའིན་རིན་མེད་ཐོག་བེད་སྤྱོད་ཆེ་བའི་སྤྲིན་སྡེར་བཞིའི་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད། དེ་དག་ནི། www.ge.tt དང་། www.4shared.com , www.skydrive.com , drive.google.com བཅས་ཡིན།

བོད་ཡིག་ unicode རྣམས་བོད་ཡིག་ཡིག་གཟུགས་རྙིང་པར་བསྒྱུར་ཐབས།

 
བརྙན་ཟློས་འདིའི་ནང་unicode ཐོག་བརྒྱབ་པའི་ཡི་གེ་རྣམས་སྔར་གྱི་ཡིག་གཟུགས་རྙིང་པར་བསྒྱུར་སྟངས་སྟོན་གྱི་ཡོད། ཁྱེད་ཀྱིས་གཉན་ཆས་universal Tibetan Font Convertor (UTFC)ཞེས་པ་དེ་བེད་སྤྱོད་བཏང་ན་འགྲིགས། UTFCགཉན་ཆས་དེ་བོད་ཡིག་དང་དབྱིན་ཡིག་དེ་བཞིན་རྒྱ་ཡིག་ཐོག་ལ་འདུག འོན་ཀྱང་unicode ནས་ཡིག་གཟུགས་རྙིང་པར་བསྒྱར་པར་UTFCདབྱིན་ཡིག་གི་གཉེན་ཆས་དེས་མ་གཏོགས་བསྒྱུར་ཐུབ་ཀྱི་མིན་འདུག འཕབ་ལེན་བྱེད་སའི་དྲ་ཚིགས་ནི་ www.yalasoo.com རེད།

བོད་ཀྱི་སྐད་ཡིག་དྲ་བའི་དྲི་བ་དྲི་ལན་བཀོལ་སྤྱོད།

 
བོད་ཀྱི་སྐད་ཡིག་དྲ་བའི་དྲི་བ་དྲི་ལན་ནི་དྲ་གྲོགས་དབར་ཤེས་བྱའི་སྒྲིབ་པ་སེལ་བའི་གླེང་སྟེགས་ལེགས་ཤོས་ཞིག་ཏུ་མཐོང་། དྲི་བའི་རིགས་གང་ཡང་བཏོན་མཆོག་ལ་ལན་གང་ཞིག་ཀྱང་དང་ལེན་བྱེད་ནའང་འགྲིགས། གལ་ཏེ་དྲི་བ་འདྲི་ལན་གྱི་སྟེགས་བུ་དེ་བཀོལ་སྤྱོད་ཇི་ལྟར་བྱེད་ཐུབ་ཅེས་ན། གཤམ་གསལ།

༢༠༡༢ ༡༢ ༡༢ འཛམ་གླིང་འཇིག་པའི་ཉིན་མོ།

 

མ་ཡ་རིག་གཞུང་(Maya Culture)གིས་ཨ་རི་དཀྱིལ་ཡུལ་ལོ་ཐོ་(Mesoamerican Long Count calendar)ཞེས་པ་ལོ་འཁོར་གྱི་བརྩིས་སྟངས་མི་འདྲ་བ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ལོ་ཐོ་དེའི་ནང་མ་འོངས་ལུང་བསྟན་དུ་འཛམ་གླིང་དམག་ཆེན་དང་པོ་དང་། ཧི་ཊི་ལར་།(Hitler) དེ་བཞིན་ཕྱི་ལོ་༢༠༠༦ ལོར་ལྷོ་ཤར་ཨི་ཤེ་ཡིའི་མཚོ་རློགས་སོགས་འཁོད་པ་བཞིན་མངོན་སུམ་དུ་འགྱུར་ཡོད། དེར་བརྟེན་མི་མང་པོས་མ་ཡ་རྩིས་ཐོ་དེར་དམིགས་བསལ་དོ་སྣང་སྤྲད་ཡོད། 

ཨ་ཁུ་་སཱེན་ཊ་ཁོ་ལོ་སི་བོད་དུ་ཕེབས་པ།

 

བུ་ཤེས་རབ་བློ་ལྡན་ནི་སྤྱང་གྲུང་ལྡན་ཞིང་སེམས་པ་བཟང་བའི་བན་ཆུང་ཞིག་ཡིན། ཁོང་ནི་ལྷ་སའི་ནུབ་ཕྱོགས་ཀྱི་རི་འདབས་སུ་ཆགས་པའི་སེ་ར་དགོན་པ་ནས་ཡིན། དགོན་པའི་ནང་གི་གྲྭ་བ་ཚང་མས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད། ཁོས་དཔེ་ཆ་ངག་འཛིན་བྱེད་རྒྱུ་སོགས་ནི་ཆོས་གྲོགས་རྒན་པ་རྣམས་ལས་ཀྱང་ལྷག་པ་ཡོད་པས་དགོན་པའི་མཁན་པོས་ཡང་ཁོར་དམིགས་བསལ་གྱི་བརྩི་མཐོང་བྱེད། དགོན་པའི་ནང་དུ་ཁོ་རང་དང་འདྲ་བའི་བན་ཆུང་མང་པོ་ཡོད། ཉིན་ལྟར་དཔེ་ཆ་བློ་བཟུང་ཚར་བ་དང་ཁོང་ཚོ་ཚང་མ་མཉམ་དུ་རྩེད་མོ་རྩེ་བར་འགྲོ་གི་ཡོད།

ཉིན་ཞིག་རྩེད་མོ་རྩེ་བཞིན་པའི་སྐབས་སུ་ཟུར་ཞིག་ཏུ་བན་ཆུང་གཅིག་ངུས་ནས་བསྡད་ཡོད་པ་ཤེས་རབ་ཀྱིས་མཐོང་། ཤེས་རབ་ཁོའི་འགྲམ་དུ་ཕྱིན་ནས་"རང་མ་ངུ་། ག་རེ་བྱས་སོང་"ཞེས་སྐད་ཆ་དྲིས་ཀྱང་བན་ཆུང་དེས་དེ་རང་དུ་ངུས་ནས་སྡོད་པ་ལས་ལན་གང་ཡང་མ་སློག ཤེས་རབ་ཀྱིས་བུ་དེའི་གདོང་པར་ཡག་པོ་བྱས་ནས་བལྟ་དུས་དེ་སྔོན་མཐོང་མྱོང་མེད་པ་རེད། བསམ་བློ་ཞིབ་མོ་བཏང་དུས་བན་ཆུང་གསར་པ་ཞིག་ཡིན་པ་དང་། ཕལ་ཆེར་ནང་དྲན་ནས་ངུ་བཞིན་ཡོད་པ་ཤེས།

གུ་གུལ་སྤྱི་ཚོགས།


ཉེ་ཆར་གུ་གུལ་གྱིས་community༼སྤྱི་ཚོགས་༽ཅེས་པའི་དྲ་རྒྱའི་མཐུན་རྐྱེན་གསར་པ་ཞིག་སྤེལ་ཡོད་། དེའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཀྱི་མཁས་ལས་སམ་དབྱིངས་གཅིག་པ་ཡོད་མཁན་རྣམས་མཉམ་འཛོམས་དང་། རང་ཉིད་ཀྱི་ལག་རྩལ་དང་། རིག་པ། བསམ་ཚུལ་སོགས་བརྗོད་གཞི་གང་རུང་ཐོག་གླེང་མོལ་བྱེད་སའི་གླེང་སྟེགས་ཞིག་ཡིན་།