གུ་གུལ་སྤྱི་ཚོགས།


ཉེ་ཆར་གུ་གུལ་གྱིས་community༼སྤྱི་ཚོགས་༽ཅེས་པའི་དྲ་རྒྱའི་མཐུན་རྐྱེན་གསར་པ་ཞིག་སྤེལ་ཡོད་། དེའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཀྱི་མཁས་ལས་སམ་དབྱིངས་གཅིག་པ་ཡོད་མཁན་རྣམས་མཉམ་འཛོམས་དང་། རང་ཉིད་ཀྱི་ལག་རྩལ་དང་། རིག་པ། བསམ་ཚུལ་སོགས་བརྗོད་གཞི་གང་རུང་ཐོག་གླེང་མོལ་བྱེད་སའི་གླེང་སྟེགས་ཞིག་ཡིན་། 
གུ་གུལ་སྤྱི་ཚོགས་ཀྱི་ཁྱད་ཆོས་གཙོ་བོ་ཁག་ནི།
  • དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་རང་ཉིད་ཀྱིས་གུ་གུལ་སྤྱི་ཚོགས་གསར་པ་བཟོ་མཆོག་པ་དང་།
  • གུ་གུལ་སྤྱི་ཚོགས་བཟོས་པའི་རྗེས་དེའི་ནང་བརྗོད་གཞི་དྲ་མིན་བཀོད་བསྒྲིགས་ཐུབ་པ་། དཔེར་ན། བགྲོས་གླེང་དང་། བསམ་ཚུལ། དྲི་བ་སོགས།
  • རང་ཉིད་ཀྱིས་བཟོས་པའི་གུ་གུལ་སྤྱི་ཚོགས་ནང་མི་སུ་སུ་མཉམ་བཞུགས་མཆོག་མིན་གྱི་དབང་ཚད་ཡོད་པ།
  • གུ་གུལ་ནང་བཞུགས་མཁན་ཚང་མས་བསམ་ཚུལ་སྤེལ་སྐབས་ཡི་གེ་དང་། དཔར་། གློག་བརྙན། ཡིག་ཆ་སོགས་བཀོད་ཐུབ་པ།
  • གུ་གུལ་སྤྱི་ཚོགས་ནང་བཞུགས་དབར་ཐད་ཀར་། འཕྲིན་ཐུང་བཏང་ཐུབ་པ་དང་། དགོས་དབང་བྱུང་ན་ངོ་མཐོང་གླེང་མོལ་མི་མང་པོ་མཉམ་དུ་བྱེད་ཐུབ།
གུ་གུལ་སྤྱི་ཚོགས་གསར་དུ་ཐོན་པ་དང་མི་མང་པོས་བརྗོད་གཞི་མང་པོ་ཞིག་ཐོག་བཟོས་ཟིན་ཡོད། དེར་བརྟེན་རང་ཉིད་ཀྱི་དབྱིངས་དང་འབྲེལ་བ་ཡོད་པའི་གུ་གུལ་སྤྱི་ཚོགས་གཞན་གྱིས་བཟོས་ཟིན་པ་ཡོད་ན་དེའི་ནང་མཉམ་བཞུགས་བྱེད་ན་དགེ་མཚན་ཆེ་བ་མཐོང་། གལ་ཏེ་རང་གི་འདོད་བློར་ཡོད་པའི་གུ་གུལ་སྤྱི་ཚོགས་ཞིག་མི་འདུག་ན། དེ་བཟོ་ན་འགྲིགས། དཔེར་ན་བོད་པའི་སྤྱི་ཚོགས་ནང་དྲ་རྒྱའི་མཐུན་རྐྱེན་ལེགས་པོ་ཡོད་པ་དང་། སྤྱོད་སྒོ་ཡང་རྒྱ་ཆེར་འགྲོ་བཞིན་པ། བོད་ཀྱི་བདེན་དོན་གྱི་མེ་ལྕེ་ཚ་རླབས་སུ་འཕྱུར་བའི་སྐབས་དེར་གནད་འགག་གི་ཡིག་ཆ་དེ་དག་བདག་སྲུང་དང་འབྲེལ་བའི་གུ་གུལ་སྤྱི་ཚོགས་གསར་པ་Dhasa Tech (DITG)ཞིག་སྒོ་ཕྱེ་འདུག་པ་བཞིན།

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག