༢༠༡༢ ༡༢ ༡༢ འཛམ་གླིང་འཇིག་པའི་ཉིན་མོ།


མ་ཡ་རིག་གཞུང་(Maya Culture)གིས་ཨ་རི་དཀྱིལ་ཡུལ་ལོ་ཐོ་(Mesoamerican Long Count calendar)ཞེས་པ་ལོ་འཁོར་གྱི་བརྩིས་སྟངས་མི་འདྲ་བ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ལོ་ཐོ་དེའི་ནང་མ་འོངས་ལུང་བསྟན་དུ་འཛམ་གླིང་དམག་ཆེན་དང་པོ་དང་། ཧི་ཊི་ལར་།(Hitler) དེ་བཞིན་ཕྱི་ལོ་༢༠༠༦ ལོར་ལྷོ་ཤར་ཨི་ཤེ་ཡིའི་མཚོ་རློགས་སོགས་འཁོད་པ་བཞིན་མངོན་སུམ་དུ་འགྱུར་ཡོད། དེར་བརྟེན་མི་མང་པོས་མ་ཡ་རྩིས་ཐོ་དེར་དམིགས་བསལ་དོ་སྣང་སྤྲད་ཡོད། 


ད་ལོ་ཕྱི་ལོ་༢༠༡༢ ཟླ་ ༡༢ ཚེས་ ༡༢ སམ་ཁ་ཤས་ཀྱིས་ཚེས་ ༢༡ ནི་མ་ཡ་ལོ་ཐོའི་བརྩི་ལུགས་ལྟར་ལོ་ ༥༡༢༥ འཁོར་བ་དང་དེ་ལ་བྷག་ཏུམ་ 
(b'ak'tun) མམ་བསྐེལ་བ་གཅིག་རྫོགས་པ་དང་བསྐེལ་བ་གསར་པ་འགོ་འཛུགས་ཀྱི་ཡོད་། འོན་ཀྱང་མི་ཚོས་དེ་འཛམ་གླིང་སྟོང་བའི་དུས་ཚིགས་འཁེལ་ཞེས་འུར་བསྒྲོགས་ཆེ་ཆེར་བྱུང་ཡང་དོན་དངོས་ཐོག་དེ་ལྟར་མིན། མ་ཡ་རིག་གཞུང་སྨྲ་བ་པོ་དང་མཁས་དབང་མང་པོས་དེ་ལྟར་རྟོགས་བཟོ་དང་འུར་བསྒྲོགས་བྱེད་པ་ནི་མ་ཡང་རིག་གཞུང་ལ་འགྲེལ་བཤད་ལོག་པ་བརྒྱབ་ཀྱི་ཡོད་པར་འདོད།

འོན་ཀྱང་ཉེ་ཆར་ཚན་རིག་མཁས་ཅན་མང་པོས་འཛམ་གླིང་སྟོང་སྲིད་པ་དང་དེ་ཡང་ཚན་རིག་རིག་པའི་གཞུང་ལུགས་ནས་ག་དུས་བྱུང་ཉེན་ཡོད་པ་བཤད་མ་ཐུབ་རུང་ཇི་ལྟར་འཛམ་གླིང་ཧྲིལ་པོ་འཇིག་སྲིད་པའི་ཚོད་རྩིས་བཅུ་བརྒྱབ་ཡོད། ངས་ངེས་པ་ཁ་ཤས་ནི།

  1. བར་སྣང་སྐར་ཚོགས་སུ་བུ་ག་ནག་པོ་(Black Hole) འཁོར་བསྐྱོད་བྱེད་ཀྱི་ཡོད་པ་དང་། དེའི་འཐེན་ཤུགས་ཀྱིས་ཉེ་འཁོར་ཀྱི་སྐར་མ་དང་། ཉི་མའི་ཁྱིམ་རྒྱུད་། འཛམ་གླིང་སོགས་ཡོངས་སུ་དེའི་དཀྱིལ་ངོས་སུ་འཐེན་ནས་སྟོངས་སྲིད་པ།
  2. ལོ་རེར་བར་སྣང་ཁམས་ནས་སྐར་མདའ་༼དོན་དངོས་ཐོག་བོང་ཚད་ཆེ་ཆུང་མ་འདྲ་བའི་རྡོ་༽སྟོང་ཕྲག་ལྷག་འཛམ་གླིང་ཐོག་ཟག་གི་ཡོད། གལ་ཏེ་སྐར་མདའ་བྲག་རི་ལས་ཆེ་བ་དེ་འདྲ་འཛམ་གླིང་ཐོག་བཟག་པ་ཡིན་ན་འཛམ་གླིང་སྟོངས་སྲིད་པ།
  3. ཚད་ལས་རྒལ་བའི་མེ་རི་འཐོར་ནས་འཛམ་གླིང་ཧྲིལ་པོ་སྟོངས་སྲིད་པ།
  4. དངོས་ཁམས་རིག་པའི་ཚོད་ལྟའི་རིགས་ཀྱི་འཇིག་པ། དཔེན་ན་མི་བཟོས་པའི་རྡུལ་ཕྲན་ནུས་ཤུགས་དང་། རྡུལ་ཕྲན་ཚོད་བལྟ་ཡང་ཡང་བྱེད་པས་བུ་ག་ནག་པོ་ཆུང་ཆུང་དེ་འདྲ་འཛམ་གླིང་ཐོག་ཐོན་ནས་གོ་ལའི་འཐེན་ཤུགས་ལ་དོ་འཕོག་དང་། དེས་རྐྱེན་བྱས་པས་འཛམ་གླིང་སྟོངས་སྲིད་པ།
དེ་བཞིན་གཞན་ཡང་འདུག་པས་རྗེས་སུ་བཀོད་མཆོག་པ་ཞུ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག