བོད་ཀྱི་སྐད་ཡིག་དྲ་བའི་དྲི་བ་དྲི་ལན་བཀོལ་སྤྱོད།

བོད་ཀྱི་སྐད་ཡིག་དྲ་བའི་དྲི་བ་དྲི་ལན་ནི་དྲ་གྲོགས་དབར་ཤེས་བྱའི་སྒྲིབ་པ་སེལ་བའི་གླེང་སྟེགས་ལེགས་ཤོས་ཞིག་ཏུ་མཐོང་། དྲི་བའི་རིགས་གང་ཡང་བཏོན་མཆོག་ལ་ལན་གང་ཞིག་ཀྱང་དང་ལེན་བྱེད་ནའང་འགྲིགས། གལ་ཏེ་དྲི་བ་འདྲི་ལན་གྱི་སྟེགས་བུ་དེ་བཀོལ་སྤྱོད་ཇི་ལྟར་བྱེད་ཐུབ་ཅེས་ན། གཤམ་གསལ།

༼༼དྲི་བ་འདོན་པ།༽༽

༡༽ཐོག་མར་དེབ་སྐྱེལ་བྱོས།

༢༽དེ་ནས་སྔོན་ན་གཞན་གྱིས་བཏང་ཟིན་པའི་དྲི་བ་ཞིག་གི་སྒང་ལ་བསྣོན། དཔེར་ན་ཐག་མ་ཆོད་པའི་དྲི་བའི་ཁོངས་ལས་དྲི་བ་གང་རུང་ཞིག་ལ།

 ༣༽ དྲི་བ་དེའི་དྲ་ཤོག་དེ་ཁ་ཕྱེ་ཡི་རེད། དེ་ནས་སྟོད་ཀྱི་གཡས་ཕྱོགས་སུ་"དྲི་བ་འདོན།"ཞེས་པ་དེར་ཐེངས་གཅིག་བསྣོན།
༤༽ དྲི་བ་བཏང་སའི་དྲ་ཤོག་ཅིག་ཁ་ཕྱེ་ངེས་རེད། དེའི་སྟེང་དུ་"འདྲི་ཚིག་"ཅེས་པ་དྲི་བའི་བརྗོད་བྱ་མདོར་བསྡུས་ཤིག་བྲིས། "དྲི་བའི་ནང་དོན" ཞེས་པའི་དེའི་ནང་དྲི་བའི་ནང་དོན་ནམ་དྲི་བ་ཁ་གསལ་བཀོད་རྒྱུ་ཡིན།

༥༽"རིགས་གྲས་འདེམས་པ།" ཞེས་པ་དེའི་ནི་རང་གི་དྲི་བ་དེ་སྡེ་ཚན་གང་དུ་གཏོགས་མིན་འདེམས་ག་བྱེད་ས་ཡིན།

༦༽ རང་གི་དྲི་བ་དེར་ལན་འདེབས་བྱེད་མཁན་བྱུང་ན། ལན་འདེབས་པ་པོ་དེ་ལ་སྐྱེས་སུ་སྐར་མ་སྤྲོད་འདོད་ན་"བྱ་དགའི་སྐར་" ཞེས་པ་དེ་ནས་གསོག་སྐར་འདེམས་བྱ་ཡོད།

༧༽མཐའ་མ་དེར་ "མིང་མེད་དྲི་བ་བཏོན་ཆོག་མོད།འོན་ཀྱང་སྐར་བཅུ་སྟེར་དགོས།" ཞེས་པ་རྟགས་རྒྱག་རྒྱུ་ཞིག་ཡོད་པ་ནི་དྲ་ཐོག་དེའི་ནང་དེབ་སྐྱེལ་མ་བྱས་པའི་མིས་ལེན་འདེབས་བྱེད་མཆོག་མིན་འདེམས་ཀ་བྱེད་ས་ཡིན། སྤྱིར་བཏང་རྟགས་མ་རྒྱབ་པར་གཡུག་བཞག་ན་ལེགས།

༨༽དེ་ནས་ "འབུལ་སྤྲོད་" ལ་བསྣོན་ནས་དྲི་བ་ཡོངས་སུ་སྒྲུབ་པ་རེད།

༼༼ལན་དང་ལེན་བྱས་པ།༽༽

རང་ཉིད་ཀྱིས་བཏང་བའི་དྲི་བ་དེར་མི་མང་པོ་ལེན་འདེབས་སྲིད། དེར་བརྟེན་ལན་ལེགས་ཤོས་དེ་དང་ལེན་བྱས་སྟངས་ནི།
༡༽ བཀོལ་མིང་དང་། གསང་ཨང་བེད་སྤྱད་དེ་ཐོ་འཇུག་བྱོས། 

༢༽ ཁ་སྔོན་བཏང་བའི་དྲི་བ་དེར་ཐེངས་གཅིག་བསྣོན། རང་གི་དྲི་བ་དེ་ཐག་མ་ཆོད་པའི་དྲི་བའི་ཁོངས་སུ་ཡོད་ངེས། 

༣༽ གཞན་གྱིས་ལན་འདེབས་ཡོད་མེད་བལྟ་དགོས། གལ་ཏེ་མི་གཞན་གྱིས་ལེན་འདེབས་ཡོད་ན་ལན་དེ་དག་ལས་ལེགས་ཤོས་དེར་ "དང་ལེན་བྱེད་པ་" ཞེས་པ་སྣོན་ས་ཡོད། དེར་བསྣོན་ན་འགྲིགས། གལ་ཏེ་ལན་མང་པོས་བཏང་ཡང་དྲི་ལན་གནད་དུ་འཁེལ་མི་འདུག་ན། ད་རུང་ལན་མང་ཙམ་རགས་ཐབས་བྱེད་ན་འགྲིགས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག