བོད་པ་ཚོ་ཚན་རིག་ཧ་ཅང་རྨོངས་འདུག


བོད་ཀྱི་སྐད་ཡིག་དྲྭ་ཚིག་གི་དྲྭ་གྲོགས་ཞིག་གིས་ བོད་པ་ཚོ་ཚན་རིག་ཧ་ཅང་རྨོངས་འདུག་འདིར་ཁྱེད་ལ་བསམ་ཚུལ་ག་རེད་ཡོད། ཞེས་བཀོད་འདུག་པ་དེར་ངའི་བསམ་ཚུལ་དེ་འདྲ་ཞིག་བྱུང་།

ཚན་རིག་སློབ་ཚན་ལབ་དུས། རྫས་འགྱུར་རིག་པ་དང་། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ་བཅས་དབྱེ་བ་ཆེ་བ་གསུམ་བཞག་པ་དེ་ཁོ་ན་མ་ཡིན་པར་ཤེས་བྱའི་རྣམ་གྲངས་ཐ་དག་ལ་ཚན་རིག་ཡིན་འདུག ད་ལྟ་ནང་ཆོས་ཀྱི་ཚན་རིག་གམ། སེམས་ཀྱི་ཚན་རིག་ཟེར་བ་ནང་ཆོས་ཁོ་ན་ལས་བྱུང་བ་དེ་ནི་ཚན་རིག་གི་རིག་གནས་ལ་ཁྱད་པར་གྱི་ལེགས་སྐྱེས་ཞིག་ཆགས་ཡོད་ལ་རྒྱལ་སྤྱི་རྒྱལ་ནང་དུ་ཚན་རིག་མཁས་ཅན་མང་པོས་དོ་སྣང་རྒྱ་ཆེར་འགྲོ་བཞིན་ཡོད།
ང་ཚོར་རྨོངས་བ་ནི་དེང་དུས་ཚན་རིག་ཡིན། འོན་ཀྱང་རྨོངས་པ་ཇི་སེལ་ཇི་སེལ་རེད།
ཕྱི་ནང་བོད་རིགས་སློབ་མ་དུ་མར་དེང་དུས་ཀྱི་སློབ་སྦྱོང་རག་པ་དང་། ཉེ་བའི་ལོ་དྲུག་སྔོན་ནས་དགོན་སྡེ་ཁག་མང་པོ་ཞིག་ལ་དེང་དུས་ཚན་རིག་ཟབ་སྦྱོང་གོ་སྒྲིག་ལོ་སྟུད་མར་བྱས་ཡོད་། དེའི་དམིགས་ཡུལ་ནི་ནང་ཆོས་སློབ་ཚན་ཙམ་དུ་མ་ཟད་ཚན་རིག་སློབ་སྦྱོང་དེ་ཡང་དགོས་ངེས་ཅན་ཞིག་འཛིན་པ་དང་། རིམ་པས་ད་ལྟ་ཐོན་ཡོང་བའི་ཚན་རིག་གི་གྲྭ་བཙུན་ཁོང་རྣམས་ཀྱིས་རང་རང་གི་དགོན་སྡེའི་ནང་ཚན་རིག་ཤེས་བྱ་རྒྱ་ཁྱབ་བཏང་རྒྱུའི་ཕུགས་བསམ་བཅངས་ཡོད།

ང་ཚོ་བོད་པར་ཚན་རིག་སྦྱོང་བའི་གོ་སྐབས་མ་རག་པ་རེད་མ་གཏོགས། གོ་སྐབས་རགས་པའི་གྲྭ་བཙུན་དེ་དག་གིས་ཚན་རིག་སློབ་སྦྱོང་ལ་དོ་སྣང་ཧ་ཅང་ཆེ་བ་དང་། ཤེས་ཧ་ཅང་མགྱོགས་པས་ཟབ་སྦྱོང་སྤྲོད་མཁན་གྱི་ཕྱི་རྒྱལ་ཚན་རིག་མཁས་དབང་ཚོས་ཀྱང་ཧ་ལས་དགོས་པ་མང་པོ་བྱུང་ཡོད།

གལ་ཏེ་དྲྭ་མྱུལ་བྱེད་པའི་རིང་བརྗོད་གཞི་ science for monks ཞེས་པའི་ཐོག་འཚོལ་བའམ་ཡང་ན་དྲ་བྱང་ scienceformonks.org དེར་གཟིགས་དང་གཅིག་བྱས་ན་སེམས་ཤུགས་སྐྱེས་དགོས་པའི་གནས་ཚུལ་གཞན་ཡང་རག་སྲིད། དགེའོ།།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག