གང་འདྲ་ཞིག་ལ་ཕ་སྐད་ཟེར།


ཕ་མེས་ཡང་མེས་ཀྱི་བཀོལ་སྤྱོད་དང་མི་ཐོག་གཅིག་ནས་མི་ཐོག་གཞན་ལ་རྒྱུད་སྤེལ་བྱས་པའི་སྐད་རིགས་དེ་ལ་ཕ་སྐད་ཟེར་བ་དང་། ཡང་ཕྲུ་གུ་ཞིག་སྐྱེས་མ་ཐག་ནས་དཀའ་ཚིགས་གང་ཡང་མེད་པར་ཤེས་པའི་སྐད་རིགས་དང་པོ་དེ་ལ་ཕ་སྐད་ཟེར་མི་མཆོག་པ་མེད་སྙམ།

དཔེར་ན་ཕྲུ་གུ་ཞིག་གི་ཕ་བོད་པ་དང་། མ་དབྱིན་ཇི་ཡིན་ན། ཕྲུ་གུ་དེས་ཕལ་ཆེར་སྐད་ཡིག་གཉིས་ཀ་ཤེས་ཐུབ། ཕྲུ་གུ་དེ་ནི་རིགས་རུས་མི་འདྲ་བ་གཉིས་ཀྱི་རྒྱུན་འཛིན་ཡིན་དུས་རང་གི་ཕ་སྐད་གང་ཡིན་དྲིས་ན། དེ་དུས་ཕ་སྐད་ཀྱི་གོ་དོན་གསལ་པོ་རྟོགས་ཐུབ།

༡༽ ཕྲུ་གུ་དེས་ཁོ་བའི་ཕ་སྐད་བོད་སྐད་ཡིན་ལབ་སྲིད། གང་ཡིན་ཟེར་ན་བོད་སྐད་བརྒྱབ་བདེ་བ་དང་། བོད་པའི་འཚོར་བ་ཤུགས་ཆེ་བ་ཡོད་པས་སོང་།
༢༽ ཕྲུ་གུ་དེས་ཁོ་བོའི་ཕ་སྐད་དབྱིན་ཇི་ཡིན་ལབ་སྲིད། གལ་ཏེ་དབྱིན་ཇིའི་སྐད་བརྒྱབ་བདེ་བ་དང་། དབྱིན་ཇིའི་ཤན་ཤུགས་ཆེ་བ་ཡོད་ན།
༣༽ ཡང་ན་བོད་སྐད་དང་དབྱིནསྐད་གཉིས་ཀ་ཕྲུ་གུ་དེའི་ཕ་སྐད་ཡིན་པར་འཛིན་སྲིད་གལ་ཏེ་ཕྲུ་གུ་ཁོ་རང་ལ་སྐད་དེ་གཉིས་གཉིས་ཀ་འཚོར་ཤུགས་གཅིག་པ་དང་སྤྱོད་བདེ་ཡོད་ན།

སྐབས་རེ་ཡང་། ཕྲུ་གུ་དེའི་ཕ་མ་གཉིས་ཀ་བོད་པ་ཡིན་ཡང་། ཆུང་དུས་ནས་ཡུལ་ལུང་གཞན་དང་ཡུལ་ལུང་གཞན་གྱི་གོམས་གཤིས་དབར་འཚར་ལོངས་བྱུང་བ་ཡིན་ན་བོད་སྐད་ནི་ཕ་སྐད་ཆགས་ཨ་ཡོང་། གཅིག་བྱས་ན་ཕྲུ་གུ་དེས་ཡུལ་དེ་གའི་སྐད་དེ་ཕ་སྐད་ཡིན་པར་འདོད་སྲིད།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *