Posts

Showing posts from January, 2013

Google Bookmarks དྲ་ཚིགས་ཀྱི་མིང་བྱང་ཉར་ཚགས།

Image
དྲ་ཉུལ་མང་པོ་བྱེད་མཁན་ཞིག་ཡིན་ཕྱིན་རང་ཉིད་ཀྱི་དགའ་ཤོས་བྱེད་སའི་དྲ་ཚིགས་མང་དག་ཞིག་ཡོད་ངེས། དྲ་ཚིགས་དེ་དག་གི་མིང་བྱང་ཆ་ཚང་ཤོག་ཐོག་ཏུ་བྲིས་བའམ་ཡང་ན་རྩིས་འཁོར་གྱི་ཡིག་ཆའི་ནང་ཉར་རྒྱུ་ནི་ཉོབས་སྣང་སྐྱེ་གཞི་ཞིག་ཡིན། དེ་བས་ང་ཚོས་Google Bookmarks བེད་སྤྱད་དེ་རང་ཉིད་ཀྱིས་རྟགས་བརྒྱག་པའི་དྲ་བྱང་རྣམས་འགོ་རིམ་ལྡན་པའི་ཐོག་ཉར་ཚགས་དང་། རང་ཉིད་ས་ཕྱོགས་གང་དུ་བསྐྱོད་ཀྱང་དྲ་རྒྱའི་མཐུན་རྐྱེན་ཡོད་ཕྱིན་བསྔོག་རྒྱུ་ཡོད། གུ་གུལ་བྷུག་མྲག་(google bookmark)ཁ་ཕྱེ་ས་ནི།

གུ་གུལ་གྱི་མཐུད་ཁ་གསར་པ། "Save to Drive"

Image
ཉེ་ཆར་གུ་གུལ་གྱིས་"Save to Drive"ཞེས་པའི་ཁཽ་རོམ་མཐུད་ཁ་(chrome extension)གསར་པ་ཞིག་སྤེལ་ཡོད། ཁཽ་རོམ་གྱི་མཐུད་ཁ་གསར་པ་དེས་ཁ་ཕྱེ་བཞིན་པའི་དྲ་རྒྱའི་ངོས་ལས་དཔར་ཡིག་གམ་དྲ་ཤོག་ཧྲིལ་པོ་གུ་གུལ་སྲ་སྡེར་ནང་ཉར་ཚགས་བྱེད་རྒྱུ་ཡོད་པའི་མཐུན་རྐྱེན་ཞིག་ཡིན།

གུ་གུལ་གློག་འཕྲིན་དང་གུ་གུལ་སྲ་སྡེར་གཉིས།

Image
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༤ པའི་ནང་གུ་གུལ་སྲ་སྡེར་( Google Drive)གྱི་ཞབས་ཞུ་གསར་པ་ཐོན་རིམ་རིམ་བཞིན་མི་རྣམས་ཀྱིས་ཡིག་ཆ་བཟོ་བ་དང་ཡིག་ཆ་མཉན་སྤྱོད་(share)ཆེད་དུ་བེད་སྤྱོད་ཆེ་ཆེར་བྱུང་ཡོད། ཡིག་ཆ་མཉམ་སྤྱོད་ཀྱི་ཆ་རྐྱེན་དེས་མི་གསུམ་བཞི་དབར་ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱིས་བཟོ་བཅོས་དང་བཟོ་བསྒྲིགས་བྱེད་རྒྱུ་ཡོད། དེ་མ་ཟད་གུ་གུལ་སྲ་སྡེར་ནང་བཟོས་ཟིན་པའི་ཡིག་ཆ་གང་ཞིག་གློག་འཕྲིན་རྒྱུད་བཏང་རྒྱུ་ཡང་ཡོད།

ཁྱེད་ཀྱིས་ཡིག་ཆ་སོགས་གློག་འཕྲིན་མཉམ་དུ་སྦྱར་(attachment)ནས་བཏང་མྱོང་ཤས་ཆེ།

ཟིན་བྲིས་དང་དྲ་རྒྱའི་ཐོག་སྒེར་གྱི་གློག་འཕྲིན་ཁ་བྱང་བཀོད་སྟངས།

Image
ང་ཚོས་འབྲེལ་མཐུད་ཆེད་དུ་དྲྭ་རྒྱ་དང་ཟིན་བྲིས་ཀྱི་ངོས་སུ་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་ཐད་ཀར་བཞག་པ་ནི་ཚོང་རྫས་ཀྱི་ཁྱབ་བསྒྲགས་དང་བདག་མེད་ཀྱི་ཡི་གེ་མང་པོ་གློག་འཕྲིན་གྱི་ཡིག་སྣོད་ནང་འཁེངས་ཡོང་བའི་གཞིར་འགྱུར་སྲིད། བེད་མེད་ཀྱི་ཡི་གེ་དེ་དག་ལ་ཡིག་སྙིགས་སམ་དབྱིན་སྐད་ཐོག་Junk Mail དང་ Spam སོགས་འབོད་ཀྱི་ཡོད། ཡིག་སྙིགས་དེ་དག་འགོག་པའི་ཆེད་ཐབས་ཤེས་གཅིག་ནི་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དེ་དཔར་གྱི་ངོ་བོར་བཟོ་ཐབས་དེ་ཡིན། དཔེར་ན་གཤམ་དུ་གུས་པའི་གློག་འཕྲིན་ཁ་བྱང་བཀོད་པ་བཞིན།


གལ་ཏེ་ཟིན་བྲིས་སམ་དྲྭ་རྒྱའི་ཐོག་སྒེར་གྱི་གློག་འཕྲིན་ཁ་བྱང་ལེགས་པོ་ཞིག་དགོས་ན་ Email Icon Generator དེའི་ཐོག་བསྣོན་ནས་བཟོ་ན་འགྲིགས།

Deep Freeze

Image
འཁྱགས་སྒམ་ནང་ཟས་སོགས་རྒྱུན་རིང་པོར་བཞག་ཀྱང་འཕྲོག་བརླག་མི་འགྲོ་བ་ལྟར་Deep Freez ཞེས་པའི་མཉན་ཆས་དེས་རྩིས་འཁོར་ཁ་ཕྱེ་ཐེངས་རེར་རྩིས་འཁོར་གྱི་ནང་བསྒྲིགས་(system setting)ལ་འགྱུར་བ་མི་ཐེབས་པར་སྔར་ཡོད་ཀྱི་གནས་སྟངས་རང་འཇག་འཇོག་ཐུབ། མཉན་ཆས་དེའི་ཁེ་ཕན་ཆེ་ཤོས་ནི་སློབ་གྲྭ་དང་ཚོགས་སྡེ་ཁག་གི་རྩིས་འཁོར་མང་པོའི་ནང་འབུ་འཛུལ་བའམ་ཡང་ན་ཆ་མ་འཚལ་བའི་འགྱུར་བ་སོགས་ཀྱི་ཉེན་ཁ་ལས་ཡོངས་སུ་སྐྱབས་ཐུབ། མཉན་ཆས་དེ་རྩིས་འཁོར་ནང་ནང་བསྒྲིགས་སྒྲུབ་རྗེས་རྩིས་འཁོར་ཀྱི་སྲ་སྡེར་ C:/ དང་། D:/ སོགས་གང་རུང་ཞིག་འཁྱག་པ་བཏང་རྒྱུ་ཡིན་མིན་འདེམས་ག་ཡོད། སྲ་སྡེར་གང་ཞིག་འཁྱག་པ་བཏང་ན་དེའི་ནང་གི་འགྱུར་བ་དང་དེ་བཞིན་ཡིག་ཆ་རྣམས་རྩིས་འཁོར་ཡང་སྐྱར་སྤར་བའི་སྐབས་མེད་པ་ཆགས་འགྲོ་ཡི་ཡོད། ཡིག་ཆ་ཆེ་ཆུང་ 25.3MB
འདིར་གནོན་ནས་ཕབས་ལེན་གནང་དགོས།

50GB MEGA རིན་མེད་སྤྲིན་སྡེར་ཞབས་ཞུ།

Image
ནིའུ་ཛི་ལེན་ཊའི་(New Zealand)ཁེ་ལས་པ་ཀིམ་ ཌོཌ་ཀོམ (Kim Dotcom) ཉེ་ཆར་ཨ་རིའི་གཞུང་ནས་ཡིག་ཆའི་དཔར་དབང་དང་འབྲེལ་བའི་ནག་ཉེས་བཙུགས་ཡོད། ནག་ཉེས་འགེལ་གཞི་གཙོ་བོ་ནི་ཉེ་སྔོན་ཁོང་གིས་ཡིག་ཆ་ཉར་ཚགས་དང་མཉམ་སྤྱོད་བྱེད་པའི་དྲ་ལམ་ཞབས་ཞུ་གསར་པ་མཻ་གྷ་(MEGA)དེ་དབུ་འབྱེད་བྱས་པའི་རྒྱུད་དྲ་མང་གིས་དཔར་དབང་མེད་པའི་བལྟ་མོ་དང་། མཉེན་ཆས་ཁྲི་ཚོ་བསྒལ་བ་བེད་སྤྱོད་བྱེད་ཀྱི་ཡོད་འདུག །འོན་ཀྱང་སྤྲིན་སྡེར་(cloud drive)ནང་བཞག་པའི་ཡིག་ཆ་ཐ་དག་གསང་ཡིག་(encryption)ཧ་ཅང་དམ་པོ་ཡོད་ཙང་ཉེས་འཛུགས་ཆེད་དཔར་དབང་མེད་པའི་ཡིག་ཆ་གང་ཞིག་འཇོག་ཡོད་པའི་དཔང་རྟགས་ཁུངས་བཙན་རགས་མ་ཐུབ།

ཟིན་བྲིས་སུ། Facebook Like འགོད་སྟངས།

Image
དྲ་རྒྱའི་སྤྱི་ཚོགས་ནང་ངོ་དེབ་ནི་དྲྭ་གྲོགས་མང་ཤོས་འདུས་སའི་ས་ཆ་ཡིན་པ་སྨྲོས་མི་དགོས། གལ་ཏེ་རང་ཉིད་ཀྱི་ཟིན་བྲིས་ཀྱང་ངོ་དེབ་ནང་སྤེལ་བ་དང་ངོ་དེབ་ནང་ཡོད་པའི་གྲོགས་ཕོ་མོ་རྣམས་དང་གླེང་མོལ་ལྷུག་པོ་ཡོང་རེ་འདོད་ན། ངོ་དེབ་ཀྱི་ཞབས་ཞུ་ Facebook Like ཅེས་པ་དེ་སྒེར་གྱི་ཟིན་བྲིས་ཐོག་འཇོག་རྒྱུ་ཡོད། དྲྭ་མྱུལ་བ་སུས་ཁྱེད་ཀྱི་ཟིན་བྲིས་ལ་དགའ་པོ་བྱུང་ན། Like (དགའ་པོ་བྱུང་།) ཞེས་པའི་ཐོག་བསྣོན་ནས་རྗེས་ཕྱོགས་ཁྱེད་ཀྱི་རྩོམ་གང་ཞིག་སྤེལ་ཡང་ཁོ་བོའམ་ཁོ་མོར་འབྱོར་ངེས།
གཤམ་ལ་ང་ཚོས་སྒེར་གྱི་ཟིན་བྲིས་སུ་ངོ་དེབ་ཀྱི་ཞབས་ཞུ་དེ་འཇོག་སྟངས་སྟོན་རྒྱུ་ཡིན།
༡༽ དེ་ལ་དང་པོ་ཁྱེད་ཀྱིས་ངོ་ཤོག་(Facebook Page)གཅིག་བཟོ་དགོས། ངོ་ཤོག་འདི་ནས་བཟོས།
༢༽ རང་གིས་འདོད་མོས་སམ་ཟིན་བྲིས་ཀྱི་ནང་དོན་ལ་གཞིག་པའི་འདེམས་ག་བྱེད། དཔེར་ན། "Artist,
Band, Public Figure" ལྟ་བུ།

Adobe Indesign CS6 ནང་བོད་ཡིག་བཏགས་ཐབས།

Image
adobe indesign CS6 ནང་བོད་ཡིག་ཐོག་མར་བརྒྱབ་པའི་སྐབས་བརྩེགས་འདོགས་རྣམས་ཡག་པོ་མི་ཤར། དཀའ་ངལ་དེ་གསལ་ཆེད་ཁྱེད་ཀྱིས་གཤམ་གསལ་གྱི་ལམ་སྟོན་ལྟར་བྱེད་ན་རྒྱལ་སྤྱི་གཅིག་བསྒྱུར་ཨང་རྟགས་ཅན་གྱི་བོད་ཡིག་རྣམས་བཀོལ་སྤྱོད་བྱེད་ཐུབ་ངེས།
༡༽ ཐོག་མར་ཤོག་ངོས་གཅིག་གི་ཐོག་བོད་ཡིག་ཡིག་འབྲུ་འགའ་ཤས་བརྒྱབ། དཔེར་ན་བསྒྲིགས་ལྟ་བུ། བསྒྲིགས་ཞེས་པའི་ཡི་གེ་དེའི་ར་བཏགས་ཡག་པོ་མི་ཡོང་བ་དེ་ཡིན།

སྨོན་ལམ་གསུམ་པ་བོད་ཡིག་བཏགས་ཆས་ཆུང་བ། 567KB

Image
སྨོན་ལམ་བོད་ཡིག་གསུམ་པའི་སྤྱོད་སྒོ་རྒྱ་ཁྱབ་ཏུ་འགྲོ་བ་དང་བསྟུན། ཉེ་ཆར་ཚོད་ལྟའི་ཆེད་ 34.3MB ཅན་གྱི་སྨོན་ལམ་གསུམ་པའི་བཏགས་ཆས་དེ་དྲྭ་ལམ་ནས་ཕབ་ལེན་བདེ་བའི་ཆེད་བརྒྱ་ཆ་99% ཆུང་དུ་བཏང་ཡོད། འཐེབ་ཞོང་གི་འགྲོ་སྟངས་ནི་ TCRC ཡིན། དྲྭ་ལམ་ནས་ཕབ་ལེན་བྱེད་སྐབས་སྐར་ཆ་ཁ་ཤས་ལས་མི་འགོར། རྩིས་འཁོར་ནང་ནང་བསྒྲིགས་བྱེད་སྟངས་རྣམས་README ནང་འཁོད་ཡོད། སྨོན་ལམ་ཆུང་བ་དང་བོད་ཡིག་ཡིག་གཟུགས་གཞན་དགོས་ཚེ་དྲྭ་ཐག་དེའི་རྒྱུད་འཕབ་ལེན་བྱེད་ན་འགྲིགས།
སྨོན་ལམ་ཆུང་བ་འཕབ་ལེན།
ཡིག་གཟུགས་གཞན་འཕབ་ལེན།

"Powered by Blogger" མེད་པ་བཟོ་སྟངས།

Image
ང་ཚོས་ཟིན་བྲིས་ཐོག་མར་བཟོ་བའི་སྐབས་ཟིན་བྲིས་ཀྱི་གཤམ་གཤམ་དེར་"Simple template. Powered by Blogger" ཞེས་པའི་ཡིག་འབྲུ་འགའ་ཤས་ཡོད། མི་མང་པོས་དེ་མེད་པ་བཟོ་རྒྱུའི་འདོད་པ་ཡོད་ཀྱང་ཇི་ལྟར་མེད་པ་བཟོ་དགོས་མིན་མ་ཤེས། ད་རེས་ངས་དེ་གསུབ་སྟངས་སྟབས་བདེ་པོ་ཞིག་སྟོན་གྱི་ཡིན། ཡིན་ཡང་སྔོན་ནས་རང་ཉིད་ཀྱི་ཟིན་བྲིས་ཀྱི་བཟོ་བཀོད་དེ་འདྲ་ཤུས་གཅིག་(backup)ཉར་རོགས།  དེས་ཁྱེད་ཀྱི་བཟོ་བཀོད་འཕྲོག་བརླག་འགྲོ་བ་སོགས་བྱུང་ན་སླར་གསོ་བྱེད་ཐུབ་རྒྱུའི་ཆེད་དུ་མཁོ། གཤམ་གྱི་ལམ་སྟོན་ལྟར་བགྱིས།

རྩོམ་གསར་པ། གཙོ་ངོས། རྩོམ་རྙིང་པ་གསུམ་སྣོན་ས་བཟོ་སྟངས། Previous Post, Next Post, Home

Image
ཟིན་བྲིས་ཀྱི་འོག་དེར་དབྱིན་ཡིག་ཐོག་ "Newer Post", "Home", "Older Post" གསུམ་སྣོན་ས་ཡོད། དེ་དག་ང་ཚོས་བོད་ཡིག་ཐོག་བསྒྱར་སྟངས་སྟོན་རྒྱུ་ཡིན།

གུ་གུལ་ཟིན་བྲིས་དང་བཟོ་བཀོད།

Image
གུ་གུལ་ཟིན་བྲིས་(Google Blog)ཞབས་ཞུ་ནི་རིན་མེད་ཐོག་དྲྭ་མང་ཚོས་སྤྱོད་ཐུབ་པ་དང་ཚོགས་སྒེར་དང་ནང་དོན་གང་ཡང་རུང་བའི་ཐོག་སྤེལ་རྒྱུ་ཡོད་པའི་ཟིན་བྲིས་ཞབས་ཞུ་སྐད་གྲགས་ཆེ་བ་གཅིག་ཡིན། སྒེར་གྱི་ཟིན་བྲིས་ཞིག་དགོས་ན་ཐོག་མར་གུ་གུལ་གློག་འཕྲིན་ཁ་བྱང་ཞིག་ངེས་པར་དུ་དགོས། གུ་གུལ་གློག་འཕྲིན་ཁ་བྱང་དེ་གཅིག་པོས་གུ་གུལ་གྱི་ཞབས་ཞུ་བཅུ་ཕྲག་ཁ་ཤས་ཁ་ཕྱེ་རྒྱུ་ཡོད། དཔེར་ན། གུ་གུལ་ཡིག་མཛོད་དང་། གུ་གུལ་གློག་བརྙན། གུ་གུལ་དཔར་མཛོད། གུ་གུལ་གསར་འགྱུར། གུ་གུལ་ལོ་ཐོ། གུ་གུལ་ཡིག་བསྒྱུར། གུ་གུལ་ཟིན་བྲིས་སོགས་ཡིན། ཉིན་ཤས་རིང་གུ་གུལ་ཟིན་བྲིས་རྭ་བའི་བཟོ་བཀོད་ལ་ཉམས་ཞིབ་དང་ཚོད་ལྟ་གང་མང་བྱས་པའི་རྒྱུད་ཤེས་བྱ་གསར་པ་དང་གསང་བའི་ཐབས་ཤེས་མང་དག་ཞིག་རྙེད་བྱུང་། གནད་ཀ་རེ་རེ་ཤེས་ཡོང་དུས་དེ་བས་དབྱིངས་མང་བ་བཞུགས་ཀྱི་འདུག །ངས་རང་གིས་ཤེས་པའི་བཟོ་བཀོད་ཀྱི་གནད་ཀ་དེ་དག་གང་ཐུབ་རང་ཉིད་ཀྱི་ཟིན་བྲིས་སུ་བཀོད་ཐབས་བྱས།

རླུང་གིས་འཁུར་བའི་ལོ་མ།

Image
བུ་མོ་སྙིང་རྗེ་མོ་ཞིག་རྐུབ་སྟེགས་ཞིག་གི་སྒང་བསྡད་ཐོག་ནག་ཅིང་གསལ་བའི་མིག་གཉིས་ཀྱི་མཚོ་ཆུང་དེར་ལྟ་ནས་འདུག །ང་ཡང་ཕར་ཙམ་ཀྱི་རྐུབ་སྟེགས་ཞིག་གི་ཐོག་དེབ་ཀློག་ནས་བསྡད་ཡོད། དྲང་པོ་བཤད་ན་ང་དེབ་ཀློག་གི་མེད། ངའི་སེམས་པ་ཁོ་མོ་ཕྱོགས་སུ་ཤོར་འཚར་བ་འདྲ། ཁོ་མོའི་དཀར་མདངས་ཆགས་པའི་ཞལ་རལ་དང་སྣ་གཞུང་བཟང་པོ་ཞིག་འདུག །དེ་ཏོག་ཙམ་ཡར་བཀྱགས་ནས་འོ་དྲིའི་དྲི་ངད་ལྡང་བའི་མཁའ་རླུང་ཞིག་བརྔུབས།

ང་ཚོའི་མདུན་གྱི་མཚོ་ཆུང་དེའི་ནང་གྲུ་གཟིངས་བཏང་མཁན་ཡང་མང་པོ་འདུག །གྲུ་རེ་རེའི་ནང་ཁྱོ་ཤུག་རེ་བསྡད་ནས་དགོད་སྒྲ་དང་ཅ་ཅོས་འཁེངས་འདུག །ཁོ་མོ་ད་དུང་ཡང་མཚོ་ཆུང་དེའི་ཕྱོགས་སུ་མིག་ལྟ་ནས་འདུག །བྱ་འགུལ་དང་དགའ་སྡུག་གི་རྣམ་འགྱུར་གཅིག་ཀྱང་མངོན་རྒྱུ་མིན་འདུག །ང་དང་ཁོ་མོའི་བར་རྒྱང་ཐག་མི་ཊར་(meter)གསུམ་དང་ཕྱེད་ཙམ་ཡོད་ཀྱང་རིང་ལ་འགྱེན་དུ་འཕྱུར་བའི་རྫི་མ་དེ་དག་མངོན་གསལ་འདོད་པོ་མཐོང་ཐུབ་ཀྱི་འདུག

གློག་འཕྲུལ་རྩེད་ཆས་དང་ཕྲུ་གུ།

Image
དེང་གི་ཕྲུ་གུ་མང་པོ་ཞིག་རྩིས་འཁོར་དང་དྲྭ་རྒྱའི་རྒྱུད་ཀྱི་རྩེད་མོ་རྩེད་རྒྱུར་དུས་ཚོད་ཧ་ཅང་མང་པོ་བཏང་གི་ཡོད། དེའི་རྒྱུ་མཚན་གཅིག་ནི་ཕྲུ་གུ་ནི་བློ་རིག་གསལ་བ་དང་། འཚར་སྣང་གི་བྱ་བ་དང་། རྩེད་ཆས་གང་ཞིག་མཐོང་ཡང་ལམ་སེང་དབྱིངས་དང་། བློ་སེམས་བཞུགས་འགྲོ་བ་དེ་ཡིན། བྱས་ན་སློབ་སྦྱོང་ལ་དབྱིངས་དེ་ལྟར་མེད་པ་གང་ཡིན་ནམ་ཞེས་ཕ་མ་དང་། ཤེས་ཡོན་སྨྲ་བ་པོ་མང་པོའི་གཅིག་འགྱུར་གྱི་འདྲི་ཚིག་ཞིག་བཀོད་སྲིད། ངའི་བསམ་པར་དེའི་ལན་བརྒྱག་པར་དང་པོ། ཕྲུ་གུ་ཆུང་ཆུང་ཚང་མ་རྩིས་འཁོར་གྱི་རྩེད་མོར་སྤྲོ་སྣང་སྐྱེས་ཡོང་བའི་རྒྱུ་མཚན་དེ་དག་ཤེས་རྒྱུ་གལ་ཆེ། དེ་ནི།

བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། གཉིས་པ།

Image
དོན་གྲུབ་ MT ལ་འབྱོར་བ་དང་ཀུན་གསལ་ལ་ཁ་པར་བཏང་འཚར་བས་ཤམ་བྷ་ལ་མགྲོན་ཁང་དུ་སྦྱོར་བ་དང་ཀུན་གསལ་གྱི་སྒུགས་ནས་བསྡད་ཡོད་པ་མཐོང་།
ཉེ་འཁྲིས་སུ་འབྱོར་བ་དང་ད་རེས་ཀྱི་མཐོང་བའི་ཀུན་གསལ་འདི་དེ་སྔོན་ཁོ་བོས་ངོ་ཤེས་པའི་ཀུན་གསལ་དེ་མ་ཡིན་པར་བུ་མོ་གཞན་ཞིག་ཡིན་པ་ལྟར་འཚོར་། སྔར་གྱི་དཀར་གདངས་ཀྱི་ངོ་གདོང་ལ་ད་ཆ་དཀར་དམར་གྱི་བྱུགས་རྫས་ཀྱིས་བཏུམས་ཡོད་པ་དང་། སྟོད་གོས་དང་གོས་ཐུང་ཡང་ཧ་ཅང་དཔེ་གསར་ཅན་ཞིག་གྱོན། སྐད་ཆའི་གདངས་དང་བྱེད་ལུགས་ལའང་ཧ་ཅང་འགྱུར་བ་ཐེབས་པ་འཚོར། ཀུན་གསལ་གྱིས་དོན་གྲུབ་ཀྱི་བསམ་པ་མངོན་ཤེས་ཀྱིས་རྟོགས་པ་ལྟར།

བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། དང་པོ།

Image
དུས་ཚིགས་གསུམ་པའི་ཡིག་རྒྱུགས་འཚར་བ་དང་དགུང་གསེང་ལ་འགྲོ་རྒྱུའི་དངངས་འཚབ་ཞིག་ལངས་པ་སུས་ཀྱང་ཟུར་བལྟས་ལེབ་མཐོང་རེད། སློབ་གྲོགས་ཕན་ཚུན་དབར་ཧ་ལམ་དགུང་གསེང་སུ་སྔོན་ལ་ཤོར་ཐུབ་ན་གཟི་བརྗིད་ཡིན་པའི་བཟོ་འདྲ་བོ་ཞིག་སྣང་། དེ་དབར་ལ་འཛིན་རོམ་བཅུ་གཅིག་ནང་ཡོད་པའི་སློབ་བུ་དོན་གྲུབ་ཡང་དགོངས་ཤོག་གསེར་པོ་དེ་རག་རྒྱུར་ཕར་རྒྱུགས་ཚུར་རྒྱུགས་ལན་མང་བྱས་རྗེས་གཞི་ནས་དགོངས་པ་རག་ཐུབ་ཙམ་བྱུང་འདུག །ངས་ཤེས་གསལ་ལ་དེ་སྔོན་ཁོང་ལ་ཨ་ཁུ་ཞིག་ཡོད་ངེས་ཀྱང་ད་རེས་དགོངས་གསེང་ལེན་དུ་ཡོང་མཁན་གྱི་ཨ་ཁུ་དེ་མཐོང་མ་མྱོང་བ་ཞིག་འདུག །ཡ་མཚན་པ་ཞིག་ལ་དོན་གྲུབ་དང་ཨ་ཁུ་དེ་གཉིས་མེག་ལཱོར་གྷནྗ་ལ་སླེབས་མ་ཐག་སོ་སོར་འགྱེས་སོང་།

ཅོ་ཀོ་ལེཊ་ཀྱི་དཀྱིལ་ལ།

Image
ང་སློབ་འབྲིང་སྐབས་ལ་བུ་མོ་མང་པོར་སེམས་པ་ཤོར་མྱོང་། གལ་ཏེ་བུ་མོ་ཞིག་དང་གྲོགས་འདོད་ན་ངས་དང་ཤོས་ཁོ་མོར་ ཁེཊ་བྷུ་རིའི་ཅོ་ཀོ་ལེཊ་ (Cadbury Chocolate) གཅིག་སྤྲད་ནས་ཁོ་མོ་ངའི་དམིགས་བསལ་གྱི་དོ་སྣང་དེ་ཁོ་མོར་ཤེས་སུ་བཅུག་གི་ཡོད། ངའི་ཐབས་ཤེས་དེ་ག་དུས་ཡིན་ཡང་ལམ་ལྷོང་ཡོང་གི་འདུག སྒོར་མོ་ ༣༠ ཅོ་ཀོ་ལེཊ་གཅིག་ལ་ནུས་པ་དེ་འདྲ་ཡོད་པ་ངས་ཀྱང་སྐབས་རེ་ཧང་སངས་ཀྱི་འདུག བུ་མོ་ཚང་མ་ཅོ་ཀོ་ལེཊ་ལ་དེ་འདྲའི་དགའ་པོ་ག་རེ་བྱས་ནས་ཡིན་ནམ། གཅིག་བྱས་ན་ཅོ་ཀོ་ལེཊ་ཟས་པ་དང་དེའི་ནང་གི་ཁཱོ་ཁཱའི་(cocoa) ནུས་པ་ཐོན་པ་མིན་ནམ།

ཚོད་ལྟ།

Image
དོན་གྲུབ་ད་ལོ་འཛིན་གྲྭ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེད་རང་གི་མལ་ཁང་དུ་གྲ་སྒྲིག་བྱས་བཞིན་ཡོད། ཅོག་རྩེའི་སྟེང་རྫས་འགྱུར་རིག་པའི་སློབ་དེབ་ཐུག་པོ་ཞིག་ཁ་སྔོག་ཞོར་བྲིས་དེབ་ཞིག་གི་ཐོག་ཟིན་བྲིས་བརྒྱག་མུར་བློ་བུར་དུ་ཁ་པར་དེ་སྒྲོག་བྱུང་།
ཏོག་ཙམ་བསུན་སྣང་སྐྱེས་པ་དང་སྦྲགས་ “ལག་ཐོག་ཁ་པར་དེ་འཁྱེར་མ་ཡོང་ནའི་འགྲིགས་ཞག” ཆིག་ལབ་བརྒྱབ་ཞོར་ཁ་པར་དེ་བསྐྱགས།
“ཧཱ་ལོ་་་་་་་་”
“་་་་་་་་་་”
“རང་རེད་འདུག་ག”
“ ་་་་་་་་་་་་།  ་་་་་་་་་་་་་་་་་་་་་་།  ་་་་་་་་་་།”
“ཡོང་གི་མ་རེད། ང་གཉིས་འབྲེལ་བ་མེད་པ་བྱས་འཚར་བ་མ་རེད་པས།”
“་་་་་།   ་་་་་་་་་་་་་་་་་་་།    ་་་་་”
“བྱས་ན་དེ་ང་གཉིས་ཀྱི་མཐའ་མའི་ཐུག་འཕྲད་ཡིན། རྗེས་མ་ནས་ང་བསུན་པོ་མ་བཟོ་རོགས། ང་གཉིས་ཀྱི་ལམ་ཁ་ཐ་དད་རེད་ངས་དེ་སྔོན་ལབ་འཚར་ཡིན།”

དེ་ལབ་པ་དང་ཁ་པར་དེ་བསད་ནས་མལ་ཁྲིའི་ཐོག་གཡུག

ཆུ་ཚོད་༤ ཟིན་པ་དང་དོན་གྲུབ་གློ་བུར་དུ་ལྷམ་ཞིག་གྱོན་ནས་སློབ་གྲྭའི་དགོན་པའི་ཕྱོགས་སུ་བརྒྱུགས་ཕྱིན། དགོན་པའི་རྡོ་ཅལ་ཞིག་གི་ཐོག་བུ་མོ་སྟོད་གོས་གསེར་པོ་གྱོན་པ་ཞིག་མཐོང་། ཉེ་འཁྲིས་སུ་འབྱོར་བ་དང་། དེ་ནི་གཡང་འཛོམས་ཡིན། ཁོ་མོ་ནི་བོད་ནས་འབྱོར་བའི་བུ་མོ་