གུ་གུལ་ཟིན་བྲིས་དང་བཟོ་བཀོད།

གུ་གུལ་ཟིན་བྲིས་(Google Blog)ཞབས་ཞུ་ནི་རིན་མེད་ཐོག་དྲྭ་མང་ཚོས་སྤྱོད་ཐུབ་པ་དང་ཚོགས་སྒེར་དང་ནང་དོན་གང་ཡང་རུང་བའི་ཐོག་སྤེལ་རྒྱུ་ཡོད་པའི་ཟིན་བྲིས་ཞབས་ཞུ་སྐད་གྲགས་ཆེ་བ་གཅིག་ཡིན། སྒེར་གྱི་ཟིན་བྲིས་ཞིག་དགོས་ན་ཐོག་མར་གུ་གུལ་གློག་འཕྲིན་ཁ་བྱང་ཞིག་ངེས་པར་དུ་དགོས། གུ་གུལ་གློག་འཕྲིན་ཁ་བྱང་དེ་གཅིག་པོས་གུ་གུལ་གྱི་ཞབས་ཞུ་བཅུ་ཕྲག་ཁ་ཤས་ཁ་ཕྱེ་རྒྱུ་ཡོད། དཔེར་ན། གུ་གུལ་ཡིག་མཛོད་དང་། གུ་གུལ་གློག་བརྙན། གུ་གུལ་དཔར་མཛོད། གུ་གུལ་གསར་འགྱུར། གུ་གུལ་ལོ་ཐོ། གུ་གུལ་ཡིག་བསྒྱུར། གུ་གུལ་ཟིན་བྲིས་སོགས་ཡིན།
ཉིན་ཤས་རིང་གུ་གུལ་ཟིན་བྲིས་རྭ་བའི་བཟོ་བཀོད་ལ་ཉམས་ཞིབ་དང་ཚོད་ལྟ་གང་མང་བྱས་པའི་རྒྱུད་ཤེས་བྱ་གསར་པ་དང་གསང་བའི་ཐབས་ཤེས་མང་དག་ཞིག་རྙེད་བྱུང་། གནད་ཀ་རེ་རེ་ཤེས་ཡོང་དུས་དེ་བས་དབྱིངས་མང་བ་བཞུགས་ཀྱི་འདུག །ངས་རང་གིས་ཤེས་པའི་བཟོ་བཀོད་ཀྱི་གནད་ཀ་དེ་དག་གང་ཐུབ་རང་ཉིད་ཀྱི་ཟིན་བྲིས་སུ་བཀོད་ཐབས་བྱས།


{ དང་པོ། Nav bar མེད་པ་བཟོ་སྟངས། }

གུ་གུལ་ཟིན་བྲིས་གསར་པ་བཟོས་པ་དང་ཟིན་བྲིས་ཀྱི་མགོ་སྟོད་དེར་Nav Bar གྱིས་ས་ཆ་ཏོག་ཙམ་ཟིན་གྱི་ཡོད། དེ་ནི་གཙོ་བོ་ཟིན་བྲིས་གཞན་འཚོལ་བཤེར་དང་། འཁྱབ་བསྒྲགས། དེ་བཞིན་ཟིན་བྲིས་གསར་པ་བཀོད་ཡས་དང་། ཟིན་བྲིས་ཁ་བརྒྱབ་དགོས་ན་བསྣོན་སའི་ས་ཆ་ལྟ་བུ་རེད། གལ་ཏེ་རང་ཉིད་ཀྱི་ཟིན་བྲིས་ཐོག་NavBarདེ་དགོས་མཁོ་མ་མཐོང་ཚེ་དེ་ཇི་ལྟར་བསྐུང་དགོས་ཟེར་ན། གཤམ་གསལ་ཐབས་ལམ་དེ་སྤྱད་ན་འགྲིགས།
༡༽ ཟིན་བྲིས་བཟོ་བཀོད་ནས་ Template > Customize

༢༽ དེ་ནས་ Advanced > Add CSS དེ་ནས་གཡས་ཕྱོགས་ Add custom CSS ནང་ཡི་གེ་དེ་དག་བརྒྱབ་ན་འགྲིགས།
 ༣༽ དེ་ཚར་བ་དང་ལ་བསྣོན་དགོས།

{ གཉིས་པ། Widget ལག་ཆའི་འགོ་བརྗོད།}

ཟིན་བྲིས་རྭ་བའི་གཡས་གཡོན་དུ་དགོས་མཁོ་ཡོ་བྱད་དཔེར་ན། ཟླ་རེའི་བཀློགས་གྲངས། མཆན་འདེབས་མཁན། སྤྱི་ལོའི་ལོ་ཐོ་སོགས་འཇོག་རྒྱུ་ཡོད། དེ་དག་ལ་བཟོ་བཀོད་ལེགས་པོ་ཞིག་བྱེད་དགོས་ན་དེ་ལྟར།
༡༽ NavBar བཟོ་བཀོད་ལྟར་ Add custom CSS ནང་
.widget > h2 {
margin: 0 0 5px 0;
padding:4px;
height:30px;
font: normal 22px Arial, Tahoma, Helvetica, FreeSans, sans-serif;
text-align:center;
color: #8B3F03;
text-transform: uppercase;
background-image: url(PUT YOUR IMAGE URL HERE);
border:1px solid #ff8202;
border-radius:5px;
-moz-border-radius:5px; /* Old Firefox */
}
༢༽ དེ་ན་ background-image:url(PUT YOUR IMAGE URL HERE) ནང་ PUT YOUR IMAGE URL HERE ཞེས་པའི་འཚབ་ཏུ་དཔར་གྱི་དྲྭ་སྣེ་url དེ་བཀོད་དགོས།

{ གསུམ་པ། Post Header རྩོམ་ཡིག་གི་འགོ་བརྗོད། }

རྩོམ་ཡིག་འགོ་བརྗོད་མཛེས་བཟོ་བྱེད་པར་ཧ་ཅང་སྟབས་བདེ་པོ་ཡོད། དེ་ཡང་གཤམ་བཀོད་ཡོད།
༡༽ NavBar བཟོ་བཀོད་ལྟར་ Add custom CSS ནང་
h3.post-title {
font: normal bold 24px Arial, Tahoma, Helvetica, FreeSans, sans-serif;
text-align:center;

margin: 0 0 -1em 0;
padding:2px 0px 8px 0px;
height:30px;
background-image: url(PUT YOUR IMAGE URL HERE);
border:1px solid #ff8202;
border-radius:5px;
-moz-border-radius:5px; /* Old Firefox */
}

༢༽ དེ་ན་ background-image:url(PUT YOUR IMAGE URL HERE) ནང་ PUT YOUR IMAGE URL HERE ཞེས་པའི་འཚབ་ཏུ་དཔར་གྱི་དྲྭ་སྣེ་url དེ་བཀོད་དགོས།

{ བཞི་པ། Post Footer རྩོམ་ཡིག་ཡིག་གཤམ། }
༡༽ NavBar བཟོ་བཀོད་ལྟར་ Add custom CSS ནང་
.post-footer {
margin: 10px -2px 0;
padding: 2px 10px;
color: #783F04;
background-color: #ECE283;
border-bottom: 4px solid #EABC32;
line-height: 1;
font-size: 80%;
border:1px inset #ff8202;
border-radius:5px;
-moz-border-radius:5px; /* Old Firefox */
}

༢༽ དེ་ན་ background-image:url(PUT YOUR IMAGE URL HERE) ནང་ PUT YOUR IMAGE URL HERE ཞེས་པའི་འཚབ་ཏུ་དཔར་གྱི་དྲྭ་སྣེ་url དེ་བཀོད་དགོས།


2 མཆན་གྲངས།:

  1. Anonymous12/17/2013

    བདག་གི་ཟིན་བྲིས་ཐོག་ཏུ་མཉེན་ཆས་ཕབ་ལེན་བྱ་ས་ཞིག་བཟོ་དགོས་འདུག་ནའང་བྱེད་ཐབས་མ་ཤེས་པས་སྐུ་ཉིད་ཀྱིས་ལམ་སྟོན་གནང་རོགས་ཞུ།

    ReplyDelete
    Replies
    1. ཁྱེད་ཀྱི་ཟིན་བྲིས་དེ་གང་ཞིག་སྤྱད་དེ་བཟོས་པ་དང་། གལ་ཏེ་དྲ་ཚིགས་ཁ་བྱང་ཡོད་ན་འདིར་འཇོག་དང་། ངས་བལྟ་ཙམ་བྱེད།

      Delete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *