གུ་གུལ་གློག་འཕྲིན་དང་གུ་གུལ་སྲ་སྡེར་གཉིས།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༤ པའི་ནང་གུ་གུལ་སྲ་སྡེར་( Google Drive)གྱི་ཞབས་ཞུ་གསར་པ་ཐོན་རིམ་རིམ་བཞིན་མི་རྣམས་ཀྱིས་ཡིག་ཆ་བཟོ་བ་དང་ཡིག་ཆ་མཉན་སྤྱོད་(share)ཆེད་དུ་བེད་སྤྱོད་ཆེ་ཆེར་བྱུང་ཡོད། ཡིག་ཆ་མཉམ་སྤྱོད་ཀྱི་ཆ་རྐྱེན་དེས་མི་གསུམ་བཞི་དབར་ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱིས་བཟོ་བཅོས་དང་བཟོ་བསྒྲིགས་བྱེད་རྒྱུ་ཡོད། དེ་མ་ཟད་གུ་གུལ་སྲ་སྡེར་ནང་བཟོས་ཟིན་པའི་ཡིག་ཆ་གང་ཞིག་གློག་འཕྲིན་རྒྱུད་བཏང་རྒྱུ་ཡང་ཡོད།

ཁྱེད་ཀྱིས་ཡིག་ཆ་སོགས་གློག་འཕྲིན་མཉམ་དུ་སྦྱར་(attachment)ནས་བཏང་མྱོང་ཤས་ཆེ།
ནམ་རྒྱུན་གྱི་གློག་འཕྲིན་དང་ཡིག་ཆ་མཉམ་སྦྱར་དེར་ 25MB ལས་མང་བ་བཏང་མི་ཐུབ། གལ་ཏེ་གུ་གུལ་སྲ་སྡེར་བེད་སྤྱད་ན་གློག་འཕྲིན་རྒྱུད་དེ་ཡིག་ཆ་10GB ཙམ་བཏང་ཐུབ། མ་ཟད་བཏང་ཟིན་པའི་གུ་གུལ་སྲ་སྡེར་གྱི་ཡིག་ཆ་དེ་བཏང་ཡུལ་གྱི་མི་དེ་དག་གིས་ཁ་བསྔོག་ཡོད་མེད་དང་། ཡིག་ཆ་བལྟ་ཐུབ་པ་ཙམ་མམ། ཡང་ན་ཡིག་ཆ་དེ་གའི་ཐོག་བཟོ་བཅོས་བརྒྱབ་ཐུབ་མིན་སོགས་ཀྱི་འདེམས་ག་ཡོད།


མདོར་དོན་ཉེ་ཆར་གྲོགས་པོ་འགའ་དང་རི་འཛིགས་ལ་ཕྱིན་པའི་དཔར་རམ། སྤུན་མཆེད་ཀྱི་ཆང་སའི་སྐབས་ཀྱི་བརྙན་དཔར། ཡང་ནང་ཟབ་སྦྱོང་གི་ཆེད་དུ་འགྲེལ་བཤད་ཀྱི་ཡིག་ཆ། དེ་དག་ཆ་ཚང་གུ་གུལ་སྲ་སྡེར་དང་གུ་གུལ་གློག་འཕྲིན་ཞབས་ཞུ་རྒྱུད་ཧ་ཅང་སྤྱོད་བདེ་པོ་ཡོད། ཇི་ལྟར་བེད་སྤྱོད་བྱེད་དགོས་ཟེར་ན། གུ་གུལ་གློག་འཕྲིན་ཐོག་ Compose ལ་བསྣོན་རྗེས་ཡི་གེ་བྲིས་སའོ་གཤམ་འོག་དེར་འདེམས་ག་ཡོད།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *