བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། དང་པོ།

དུས་ཚིགས་གསུམ་པའི་ཡིག་རྒྱུགས་འཚར་བ་དང་དགུང་གསེང་ལ་འགྲོ་རྒྱུའི་དངངས་འཚབ་ཞིག་ལངས་པ་སུས་ཀྱང་ཟུར་བལྟས་ལེབ་མཐོང་རེད། སློབ་གྲོགས་ཕན་ཚུན་དབར་ཧ་ལམ་དགུང་གསེང་སུ་སྔོན་ལ་ཤོར་ཐུབ་ན་གཟི་བརྗིད་ཡིན་པའི་བཟོ་འདྲ་བོ་ཞིག་སྣང་། དེ་དབར་ལ་འཛིན་རོམ་བཅུ་གཅིག་ནང་ཡོད་པའི་སློབ་བུ་དོན་གྲུབ་ཡང་དགོངས་ཤོག་གསེར་པོ་དེ་རག་རྒྱུར་ཕར་རྒྱུགས་ཚུར་རྒྱུགས་ལན་མང་བྱས་རྗེས་


དུས་ཚིགས་གསུམ་པའི་ཡིག་རྒྱུགས་འཚར་བ་དང་དགུང་གསེང་ལ་འགྲོ་རྒྱུའི་དངངས་འཚབ་ཞིག་ལངས་པ་སུས་ཀྱང་ཟུར་བལྟས་ལེབ་མཐོང་རེད། སློབ་གྲོགས་ཕན་ཚུན་དབར་ཧ་ལམ་དགུང་གསེང་སུ་སྔོན་ལ་ཤོར་ཐུབ་ན་གཟི་བརྗིད་ཡིན་པའི་བཟོ་འདྲ་བོ་ཞིག་སྣང་། དེ་དབར་ལ་འཛིན་རོམ་བཅུ་གཅིག་ནང་ཡོད་པའི་སློབ་བུ་དོན་གྲུབ་ཡང་དགོངས་ཤོག་གསེར་པོ་དེ་རག་རྒྱུར་ཕར་རྒྱུགས་ཚུར་རྒྱུགས་ལན་མང་བྱས་རྗེས་གཞི་ནས་དགོངས་པ་རག་ཐུབ་ཙམ་བྱུང་འདུག །ངས་ཤེས་གསལ་ལ་དེ་སྔོན་ཁོང་ལ་ཨ་ཁུ་ཞིག་ཡོད་ངེས་ཀྱང་ད་རེས་དགོངས་གསེང་ལེན་དུ་ཡོང་མཁན་གྱི་ཨ་ཁུ་དེ་མཐོང་མ་མྱོང་བ་ཞིག་འདུག །ཡ་མཚན་པ་ཞིག་ལ་དོན་གྲུབ་དང་ཨ་ཁུ་དེ་གཉིས་མེག་ལཱོར་གྷནྗ་ལ་སླེབས་མ་ཐག་སོ་སོར་འགྱེས་སོང་།
དོན་གྲུབ་ཁོ་རང་གཅིག་པོ་དྷ་ཤོད་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་འབྱོར་བ་དང་སྤྱི་སྤྱོད་རླངས་འཁོར་ཞིག་གི་ཐོག་བསྡད། དེ་རིང་གི་གནམ་གཤིས་དེ་སྔར་རྒྱུན་ལས་ཏོག་ཙམ་གྲང་དུ་ཕྱིན་ཡོད་འདྲ། དོན་གྲུབ་ཀྱིས་རང་གི་སྟོད་ཕད་ལས་ཥོལ་ཞིག་བཏོན་ནས་གྱོན། སྐར་མ་གཉིས་ཙམ་རྗེས་ཁ་པར་གྱི་སྐད་སྒྲ་ཞིག་བསྒྲགས་འོང་། གོས་ཐུང་ཁུག་མ་ནས་ཁ་པར་བཏོན་ནས་བལྟ་སྐབས་ངོ་ཤེས་པའི་ཨང་ཀི་འཆར་བས་ཁོས་འཛུམ་ཞིག་བྱས་པ་དང་ཁ་པར་དེ་ལེན།
“hi དོན་གྲུབ། དགོངས་པ་རགས་སོང་ངས།” དེ་ནི་བུ་མོ་ཞིག་སྐད་སྒྲ་རེད་འདུག
“རགས་བྱུང་། ད་ལྟ་ bus ནང་བསྡད་འགྲོ་ཡིན། སང་ཞོགས་ཆུ་ཚོད་ ༥ ལ་འབྱོར་གྱི་རེད།”
“བྱས་ན་ངས་རང་ཤམ་བྷ་ལའི་མགྲོན་ཁང་ནང་བསྒུག་མཆོག MT འབྱོར་བ་དང་ང་ལ་ཁ་པར་བཏང་ཨཱ།”
“ངས་ཧ་གོ་སོང་། See you”

དོན་གྲུབ་ཀྱིས་ཁ་པར་གསད་པ་དང་ངོ་གདོང་ལ་དགའ་སྤྲོས་ཁེངས་པམ་ཡང་འདྲེན་འབྱེད་ཀྱི་འོག་ཏུ་མིག་ཆུའང་འཁོར་། ཁོ་བོས་འདས་སོང་གི་གནས་ཚུལ་རེ་རེ་བཞིན་དྲན་གསོ་བྱས།

དོན་གྲུབ་ཀྱིས་ཀུན་གསལ་ཐོག་མར་འཛིན་གྲྭ་བརྒྱད་པའི་སྐབས་མཐོང་མྱོང་། ཀུན་གསལ་ལ་ཕ་ཆང་རྐྱལ་ཡིན་པ་དང་། མིའི་ས་ནས་བུ་ལོན་མང་པོ་བཟོས་ཙང་ཨ་མ་བྲོས་པ་སོགས་ཀྱི་ནང་མིའི་དཀའ་ངལ་སྐོར་གྱི་གནས་ཚུལ་ཏོག་ཙམ་ཤེས་རྗེས་དོན་གྲུབ་ཀྱི་ཀུན་གསལ་ལ་དམིགས་བསལ་གྱི་སེམས་ཁུར་དང་སློབ་སྦྱོང་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། ཀུན་གསལ་ཡང་དོན་གྲུབ་མ་གཏོགས་སློབ་གྲོགས་གཞན་སུ་དང་ཡང་མཉམ་དུ་འབྲེལ་དྲིས་དེ་ཙམ་མེད། དེ་ལྟར་འཛིན་གྲྭ་བཅུ་པ་བར་ཁོ་གཉིས་གཉམ་དུ་བསྐྱོད་ཐུབ་པ་བྱུང་། དོན་གྲུབ་ནི་སློབ་སྦྱོང་དང་ཀུན་སྤྱོད་གང་གི་ཐད་ཧ་ཅང་ལེགས་པས་དགེ་རྒན་ལས་བྱེད་ཀུན་གྱི་བསྟོད་ཡུལ་འགྱུར་ཡོད། ཀུན་གསལ་ནི་མི་དང་འབྲེལ་དྲིས་མེད་པ་དང་། དུས་རྒྱུན་ནས་ཁ་ཁུ་སིམ་པོར་བསྡད་ཀྱི་ཡོད་པས་དགེ་རྒན་འགས་ཁོ་མོ་སློབ་གྲྭའི་ནང་ཡོད་མེད་ཀྱང་ཧ་གོ་གི་མིན་འདུག་ཅེས་ལབ་མྱོང་། ཁོ་མོའི་དཀར་གདངས་ཀྱི་ངོ་གདོང་དང་འབུར་དུ་མཐོན་པའི་མཆུ་དམར་དེ་བཞིན་གཞི་འཇམ་པའི་གཤིས་ཀ་ཞིག་ཡོད་པས་སློབ་གྲྭའི་ནང་བུ་མང་པོ་རེ་བ་བཅངས་ཀྱང་ཁོ་མོས་ཁ་ཡ་ཚིག་གཅིག་ཀྱང་བྱས་མ་མྱོང་།

ཐེངས་གཅིག་འཛིན་གྲྭ་བཅུ་པའི་ལོ་འཇུག་ཙམ་ལ་ཀུན་གསལ་གྱི་ཨ་ཕ་སློབ་གྲྭར་གློ་བུར་དུ་སླེབས་ན་ཁོ་མོ་སློབ་གྲྭ་ནས་རྩ་དགོངས་ཞུས་ནས་འཁྲིད་ཕྱིན་པ་རེད། དོན་གྲུབ་ལ་ཚོན་ན་དེ་ནི་བློ་ཡུལ་འདས་པའི་གནས་ཚུལ་ཆགས། དེ་ནས་བཟུང་ཀུན་གསལ་ཞེས་པའི་བུ་མོ་དེ་སློབ་གྲྭའི་འཁོར་ཡུག་དེ་ནས་རྩ་བ་ནས་མཐོང་རྒྱུ་མེད་པ་འགྱུར།

“ MTBaisab MT !  MT,”
དོན་གྲུབ་གློ་བུར་དུ་གཉིད་བསད་དུས་ལྡི་ལི་ MT ལ་སླེབས་པ་ཤེས།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། དང་པོ།
བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། དང་པོ།
དུས་ཚིགས་གསུམ་པའི་ཡིག་རྒྱུགས་འཚར་བ་དང་དགུང་གསེང་ལ་འགྲོ་རྒྱུའི་དངངས་འཚབ་ཞིག་ལངས་པ་སུས་ཀྱང་ཟུར་བལྟས་ལེབ་མཐོང་རེད། སློབ་གྲོགས་ཕན་ཚུན་དབར་ཧ་ལམ་དགུང་གསེང་སུ་སྔོན་ལ་ཤོར་ཐུབ་ན་གཟི་བརྗིད་ཡིན་པའི་བཟོ་འདྲ་བོ་ཞིག་སྣང་། དེ་དབར་ལ་འཛིན་རོམ་བཅུ་གཅིག་ནང་ཡོད་པའི་སློབ་བུ་དོན་གྲུབ་ཡང་དགོངས་ཤོག་གསེར་པོ་དེ་རག་རྒྱུར་ཕར་རྒྱུགས་ཚུར་རྒྱུགས་ལན་མང་བྱས་རྗེས་
http://2.bp.blogspot.com/-lFhV2Vn3EOg/UN6HkZPbPpI/AAAAAAAADmM/OUsa_TDte4k/s320/offset.jpg
http://2.bp.blogspot.com/-lFhV2Vn3EOg/UN6HkZPbPpI/AAAAAAAADmM/OUsa_TDte4k/s72-c/offset.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2013/01/blog-post_4.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2013/01/blog-post_4.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy