བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། གཉིས་པ།

དོན་གྲུབ་ MT ལ་འབྱོར་བ་དང་ཀུན་གསལ་ལ་ཁ་པར་བཏང་འཚར་བས་ཤམ་བྷ་ལ་མགྲོན་ཁང་དུ་སྦྱོར་བ་དང་ཀུན་གསལ་གྱི་སྒུགས་ནས་བསྡད་ཡོད་པ་མཐོང་། ཉེ་འཁྲིས་སུ་འབྱོར་བ་དང་ད་རེས་ཀྱི་མཐོང་བའི་ཀུན་གསལ་འདི་དེ་སྔོན་ཁོ་བོས་ངོ་ཤེས་པའི་ཀུན་གསལ་དེ་མ་ཡིན་པར་བུ་མོ་གཞན་ཞིག་ཡིན་པ་ལྟར་འཚོར་།


དོན་གྲུབ་ MT ལ་འབྱོར་བ་དང་ཀུན་གསལ་ལ་ཁ་པར་བཏང་འཚར་བས་ཤམ་བྷ་ལ་མགྲོན་ཁང་དུ་སྦྱོར་བ་དང་ཀུན་གསལ་གྱི་སྒུགས་ནས་བསྡད་ཡོད་པ་མཐོང་།
ཉེ་འཁྲིས་སུ་འབྱོར་བ་དང་ད་རེས་ཀྱི་མཐོང་བའི་ཀུན་གསལ་འདི་དེ་སྔོན་ཁོ་བོས་ངོ་ཤེས་པའི་ཀུན་གསལ་དེ་མ་ཡིན་པར་བུ་མོ་གཞན་ཞིག་ཡིན་པ་ལྟར་འཚོར་། སྔར་གྱི་དཀར་གདངས་ཀྱི་ངོ་གདོང་ལ་ད་ཆ་དཀར་དམར་གྱི་བྱུགས་རྫས་ཀྱིས་བཏུམས་ཡོད་པ་དང་། སྟོད་གོས་དང་གོས་ཐུང་ཡང་ཧ་ཅང་དཔེ་གསར་ཅན་ཞིག་གྱོན། སྐད་ཆའི་གདངས་དང་བྱེད་ལུགས་ལའང་ཧ་ཅང་འགྱུར་བ་ཐེབས་པ་འཚོར། ཀུན་གསལ་གྱིས་དོན་གྲུབ་ཀྱི་བསམ་པ་མངོན་ཤེས་ཀྱིས་རྟོགས་པ་ལྟར།
“ག་རེ། སྔར་ལ་མཛེས་སུ་ཕྱིན་ཙང་ངོ་ཤེས་ཀྱི་མིན་འདུག་གས་”
“མ་རེད། མ་རེད་་་་་་ཨཱོ་་”
“འདི་གར་སྐད་ཆ་བཤད་ནས་བསྡད་ཡས་ཡིན་པས། ཡཱ་ཡར་འགྲོ་” ཞེས་ལབ་དང་ལག་པ་ནས་འཐེན་ནས་མོའི་བསྡད་སའི་མགྲོན་ཁང་དུ་ཕྱིན།
“རང་མགྲོན་ཁང་ནང་ལ་་་་་་” ཅེས་སྐད་བཤད་ལོང་མེད་པར་ཁོ་མོས་དོན་གྲུབ་ལ་དམ་པོར་འཐམས།
དོན་གྲུབ་ཀྱང་གློ་བུར་དུ་བྱུང་བའི་གནས་ཚུལ་དེ་བཀག་མ་ཐུབ།


ཆུ་ཚོད་གཅིག་ཙམ་ཕན་ཚུན་བསྣོན་རེས་བྱས་རྗེས་གཉིས་ཀ་ཐང་ཆད་དེ་འགན་རྐྱལ་སློག་ནས་བསྡད། གང་མཚམས་རྗེས་དོན་གྲུབ་ཀྱིས་
“རང་སློབ་གྲྭ་ག་རེ་བྱས་ནས་གཡུག་ཡིན། ང་ལའང་མ་བཤད་པར།”
ཀུན་གསལ་མལ་ཁྲིའི་སྟེང་དུ་གཙོག་ཙམ་བྱས་ནས་གཡས་ཀྱི་རྒྱ་ཅོག་སྟེང་གི་ཐ་མག་ཞིག་ལེན། དེའི་སྟེང་མེ་ཞིག་བསྒྲོན། དུ་བ་ཞིག་བརྔུབས་རྗེས།
“རང་གས་ཤེས་ཀྱི་མ་རེད། ཨ་ཕས་ང་སློབ་གྲྭ་ནས་བཏོན་ནས་གཞིས་ཆགས་ལ་དམག་མི་སྤོར་ཏོ་ཞིག་དང་བསྡད་བཅུག་རྩིས་བྱས་བྱུང་། ཨཱ་ཕས་དམག་མི་དེའི་ས་ནས་རྒྱ་སྒོར་ཁྲི་གཉིས་ལེན་ཚར་འདུག ང་ཡང་ཐབས་ཤེས་མི་འདུག”

“དེ་ནས་ག་རེ་བྱས་པ་རེད།” དོན་གྲུབ་ཀྱིས་ཡང་བསྐྱར་དྲིས།

“ངས་ཨ་ཕས་ལབ་པ་ལྟར་དམག་མི་དེ་དང་བསྡད་རྒྱུ་བྱས་ཡིན། ཟླ་བ་གཅིག་ཙམ་བསྡད་རྗེས་དམག་མི་དེས་ང་ལ་དོན་མེད་ཉེས་བརྡུང་བཏང་འགོ་བཙུགས་སོང་། ངས་བཟོད་སྲན་བྱས་གང་ཐུབ་བྱས་ཡིན། སྐབས་རེ་ངས་ཨ་ཕར་ལབ་འདོད་བྱུང་ཡང་དེ་ནི་ཕན་འདོགས་མེད་པ་ཞིག་རེད། དེ་ནས་ང་འུ་ཐུག་ནས་དམིག་མི་དེའི་ས་ནས་རྒྱ་སྒོར་འབུམ་གཉིས་བསྐུས་ནས་འབྲོས་སླེབས་པ་ཡིན། ངས་བསམ་པར་དེ་ཡག་པོ་བྱས་འདུག ད་ལྟ་ང་གང་འགྲོ་གང་སྡོད་རེད་”

“དེ་ལབ་དུས་ད་ལྟ་བར་དུ་MTལ་ཡིབ་ནས་བསྡད་པ་རེད་པས་”
“ཡིབ་ཟེར་ནའི། དུས་ཚོད་མང་ཆེ་བ་སྐྱིད་པོ་བཏང་ནས་བསྡད་ཀྱི་ཡོད། ང་ཞེད་ཀྱི་མི་འདུག ཁོ་ང་བརྙེད་པ་ཡིན་ནའི་བྱེད་རྒྱུ་ག་རེ་ཡོད་རེད།”

དེ་ཐོས་པ་དང་དོན་གྲུབ་ཀྱིས་དབུགས་ཤུགས་རིང་ཞིག་བཏང་ནས་ “རང་ལ་དཀའ་ངལ་དེ་འདྲ་འཕྲད་པ་རེད་བསམ་བསམ་མ་བྱུང་”

“དོན་གྲུབ་རང་ལ་ངའི་ཁ་པར་ཨང་གྲངས་གང་འདྲ་བྱས་ནས་རག་བྱུང་”
“སྐལ་བཟང་གི་ས་ནས་རག་བྱུང་།”
“སྐལ་བཟང་གདོང་འདྲེ་རེད་པས།”
“རེད་”
“བྱས་ན་MT ལ་ང་ག་རེ་བྱས་ཀྱི་ཡོད་རང་གས་ཤེས་ཀྱི་ཡོད་འགྲོ” དེ་ལབ་པ་དང་ཀུན་གསལ་མགོ་ཏོག་ཙམ་སྒུར།
“ངས་ཧ་གོ་བྱུང་། དང་པོ་དེ་གོ་དུས་ང་ཡིད་ཆེས་མ་བྱུང་། རང་ལ་ཁ་པར་གཏོང་རྒྱུར་ཡང་བསམ་བློ་ཞེ་དྲག་བཏང་ཡིན། རང་གས་ལས་ཀ་དེ་གཡུག་ན་འགྲིགས་ཀྱི་མ་རེད་པས། ཐབས་ཤེས་ཤིག་བྱས་ན་ཡིད་ལུགས་ཚུལ་ལྡན་གྱི་ལས་ཀ་མ་རག་པ་ཡོད་ཀྱི་མ་རེད།”

“ཡིད་ལུགས་ཚུལ་ལྡན་གྱི་ལས་ཀ་ཨཱས། མི་ཚེ་གཅིག་དཀའ་ལས་བརྒྱབ་ནའི་དངུལ་ག་ཚོད་རག་གི་རེད། ད་ལྟ་ང་སྐྱིད་པོ་འདུག ག་རེ་ཡིན་ནའི་འགྲིགས་བསྡད་ཡོད།”

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། གཉིས་པ།
བརྩེ་སེམས་ཀྱིས་བཅོམ་པའི་གཞོན་ནུ། གཉིས་པ།
དོན་གྲུབ་ MT ལ་འབྱོར་བ་དང་ཀུན་གསལ་ལ་ཁ་པར་བཏང་འཚར་བས་ཤམ་བྷ་ལ་མགྲོན་ཁང་དུ་སྦྱོར་བ་དང་ཀུན་གསལ་གྱི་སྒུགས་ནས་བསྡད་ཡོད་པ་མཐོང་། ཉེ་འཁྲིས་སུ་འབྱོར་བ་དང་ད་རེས་ཀྱི་མཐོང་བའི་ཀུན་གསལ་འདི་དེ་སྔོན་ཁོ་བོས་ངོ་ཤེས་པའི་ཀུན་གསལ་དེ་མ་ཡིན་པར་བུ་མོ་གཞན་ཞིག་ཡིན་པ་ལྟར་འཚོར་།
http://1.bp.blogspot.com/-UNiwPOb_st8/UOpRFwwEauI/AAAAAAAADpg/NSR6BXE861Q/s320/spring-woman-wearing-makeup.jpg
http://1.bp.blogspot.com/-UNiwPOb_st8/UOpRFwwEauI/AAAAAAAADpg/NSR6BXE861Q/s72-c/spring-woman-wearing-makeup.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2013/01/blog-post_7.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2013/01/blog-post_7.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy