གློག་འཕྲུལ་རྩེད་ཆས་དང་ཕྲུ་གུ།


དེང་གི་ཕྲུ་གུ་མང་པོ་ཞིག་རྩིས་འཁོར་དང་དྲྭ་རྒྱའི་རྒྱུད་ཀྱི་རྩེད་མོ་རྩེད་རྒྱུར་དུས་ཚོད་ཧ་ཅང་མང་པོ་བཏང་གི་ཡོད། དེའི་རྒྱུ་མཚན་གཅིག་ནི་ཕྲུ་གུ་ནི་བློ་རིག་གསལ་བ་དང་། འཚར་སྣང་གི་བྱ་བ་དང་། རྩེད་ཆས་གང་ཞིག་མཐོང་ཡང་ལམ་སེང་དབྱིངས་དང་། བློ་སེམས་བཞུགས་འགྲོ་བ་དེ་ཡིན། བྱས་ན་སློབ་སྦྱོང་ལ་དབྱིངས་དེ་ལྟར་མེད་པ་གང་ཡིན་ནམ་ཞེས་ཕ་མ་དང་། ཤེས་ཡོན་སྨྲ་བ་པོ་མང་པོའི་གཅིག་འགྱུར་གྱི་འདྲི་ཚིག་ཞིག་བཀོད་སྲིད། ངའི་བསམ་པར་དེའི་ལན་བརྒྱག་པར་དང་པོ། ཕྲུ་གུ་ཆུང་ཆུང་ཚང་མ་རྩིས་འཁོར་གྱི་རྩེད་མོར་སྤྲོ་སྣང་སྐྱེས་ཡོང་བའི་རྒྱུ་མཚན་དེ་དག་ཤེས་རྒྱུ་གལ་ཆེ། དེ་ནི།


དང་པོ་འགུལ་རིགས་ཀྱི་རི་མོ་དང་། འདྲ་བརྙན་སོགས་ཕྲུ་གུ་འདི་གའི་ལོ་ཚོད་དང་བསམ་ཚད་བཞིན་བཀོད་སྒྲིག་ཡོད་པ།
གཉིས་པ། ཕྲུ་གུས་བལྟ་ཉན་ཙམ་དུ་མ་ཡིན་པར་རང་ཉིད་ཀྱིས་ལུས་སེམས་ཀྱི་ངལ་རྩོལ་བྱེད་དགོས་པ།
གསུམ་པ། ཕྲུ་གུའི་རྩོལ་བ་ཞིག་པའི་སྐར་མ་དང་སྐྱེས་ཡང་ན་བརྒྱ་ཆ་སོགས་ཐོབ་སྐལ་དངོས་སུ་མཐོང་ཐུབ་པ་དང་སེམས་ཤུགས་སྤར་ནུས་པ།
གོང་གི་ལག་ལེན་གསུམ་གྱིས་ཕྲུ་གུ་དེ་རྩེད་མོ་དེར་ཕྱོགས་ཡོངས་ཀྱི་འགྲོ་ལུགས་ཤེས་པ་དང་། བསམ་བློ་དང་ཐབས་ཤེས་ཀྱི་རིག་པ་གསར་རྙེད་རྒྱུད་རྩེད་མོ་རྩེད་སྟངས་གཞན་ཤེས་པ་སོགས་སེམས་སྟོབས་འཕེལ་བ་དང་སྤྲོ་བ་ཡང་མཉམ་དུ་འཕེལ་བས་ཡིན།

གལ་ཏེ་གློག་འཕྲུལ་རྩེད་ཆས་གང་རུང་ཞིག་ལ་གོང་གི་ཆ་རྐྱེན་མ་ཚང་ན་རྩེད་མོ་དེར་དབྱིངས་མི་སླེབས་རྒྱུ་ཐག་གི་ཆོད།

ཕྲུ་གུ་མང་པོ་ཞིག་ལ་སློབ་སྦྱོང་ལ་དབྱིངས་མ་སླེབས་པའི་རྒྱུ་མཚན་ནི་ཕྲུ་གུའི་ནོར་འཁྲུལ་ཞིག་རྩ་བ་ནས་མ་མཐོང་། གཙོ་བོ་ནི་ཕྲུ་གུ་དེར་ཕྱོགས་ཡོངས་ཀྱི་སློབ་སྦྱོང་སྤྲོད་མཁན་གྱི་འཁོར་ཡུག་བཏགས་བཏགས་ཞིག་མ་རགས་པ་དེ་རེད།

དང་པོ། ཕྲུ་གུ་ཚོར་སློབ་གཞིའི་སློབ་ཚན་དང་སློབ་ཁྲིད་སྐབས་ཕྲུ་གུའི་སེམས་ལ་འབབ་མ་ཐུབ་པ་དང་།
གཉིས་པ། སློབ་ཁྲིད་གཙོ་བོ་འཛིན་པ་ལས་ཕྲུ་གུ་རང་ཉིད་ཀྱི་ལས་རྩོལ་ཤུགས་ཆེན་པོ་མ་རེགས་པ།
གསུམ་པ། ཕྲུ་གུའི་ལས་རྩོལ་དེ་ཙམ་མ་རགས་པའི་ཁར་ཉིན་རེའི་ཞུ་དག་དང་། ཐོབ་ཆའི་སྐར་མ་རྣམས་ནམ་བཞག་རྒྱུན་གཏན་ལ་མ་གཞིག་རྗེས་ལུས་ཡིན་པ།
གོང་གི་སྐྱོན་གྱི་རྣམ་གྲངས་རེ་རེས་གཅིག་འབྲེལ་གཉིས་འབྲེལ་གྱིས་སློབ་སྦྱོང་ལ་གནད་ཀ་མ་བསལ་བ་མགོ་རྨོངས་སུ་འགྱུར་བ། བསམ་བློ་གསར་པ་མ་རྙེད་པའི་ཁར་སྤྲོ་བ་དང་རྩོལ་བ་གཉིས་ཀ་ཉམས་སུ་འགྲོ་བ་ཡིན།

མདོ་དོན་ཕྲུ་གུར་གློག་རྩེད་རྩེད་མོ་ནང་བཞིན་གྱི་དབྱིངས་དེ་སློབ་སྦྱོང་ནས་མ་རགས་པ་དེ་རེད། ཕྲུ་གུ་རྣམས་སློབ་སྦྱོང་ལ་དབྱིངས་ཡོད་པ་བཟོ་དགོས་དགོས་ན་ཤེས་ཡོན་སྤྲོད་ཕྱོགས་ཐད་ཡང་བསྐྱར་གནོ་བསམ་ཞིག་བཏང་དགོས་ངེས་ལགས།

ངའི་བསམ་པར་ཕ་མ་འགས་ཕྲུ་གུར་གློག་འཕྲུལ་རྩེད་ཆས་རྩེད་མ་བཅུག་པ་ནི་ལམ་ལྷོང་ཡོང་བའི་ཐབས་ཤེས་ཞིག་མིན། གློག་རྩེད་འཕྲུལ་འཁོར་བེད་སྤྱོད་རྩ་བ་ནས་བཏང་མ་བཅུག་པ་དེ་ནི་ཕྲུ་གུའི་བསམ་འཕེལ་གྱི་ནུས་ཤུགས་ལ་དོ་ཕོག་བཏང་བ་དང་གཅིག་མཚུངས་ཡིན། དེ་བས་གལ་ཏེ་ཐབས་ཤེས་གཞན་ཞིག་སྤྱད་དེ་ཕྲུ་གུར་སློབ་སྦྱོང་གི་ཐོག་ཤུགས་བརྒྱག་འདོད་ན་ཕ་མ་དང་མི་རྒན་པ་ཚོས་ཕྲུ་གུའི་མོས་པ་ལྟར་གློག་རྩེད་འཕྲུལ་འཁོར་རྒྱུད་ཨང་རྩིས་དང་སྐད་ཡིག་ཚེགས་མེད་དུ་ཤེས་ཐུབ་པའི་རྩེད་མོའང་མང་པོ་ཡོད། གཙོ་བོ་ཁྱིམ་བདག་སོ་སོས་དྲྭ་མྱུལ་ཏོག་ཙམ་བྱས་ཏེ་ཕྲུ་གུར་ཤེས་བྱ་དང་གློག་འཕྲུལ་རྩེད་མོ་གཉིས་ཀ་ཡིན་པའི་རིགས་ཕྲུ་གུ་སློབ་སྟོན་གནང་ཐུབ་ན་དེ་གས་ཤེས་ཡོན་གྱི་ཕྱོགས་སུ་གོམ་པ་གཅིག་བརྒྱག་པ་རེད།

གཤམ་དེར་གློག་འཕྲུལ་རྩེད་ཆས་ཁ་ཤས་ཀྱི་དྲྭ་ཐག་བཞག་ཡོད། དེ་དག་ནི་ཕྲུ་གུས་ཧ་ཅང་དགའ་མོས་བྱེད་ངེས། རྩེད་མོ་ཡོད་ལ་ཤེས་བྱའང་ཡོད།

http://www.poraora.com/
http://www.brainpop.com/
http://funschool.kaboose.com/
http://www.bigbrainz.com/
http://tuxpaint.org/
http://tux4kids.alioth.debian.org/tuxmath/
http://www.learninggamesforkids.com/


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *