Google Bookmarks དྲ་ཚིགས་ཀྱི་མིང་བྱང་ཉར་ཚགས།


དྲ་ཉུལ་མང་པོ་བྱེད་མཁན་ཞིག་ཡིན་ཕྱིན་རང་ཉིད་ཀྱི་དགའ་ཤོས་བྱེད་སའི་དྲ་ཚིགས་མང་དག་ཞིག་ཡོད་ངེས། དྲ་ཚིགས་དེ་དག་གི་མིང་བྱང་ཆ་ཚང་ཤོག་ཐོག་ཏུ་བྲིས་བའམ་ཡང་ན་རྩིས་འཁོར་གྱི་ཡིག་ཆའི་ནང་ཉར་རྒྱུ་ནི་ཉོབས་སྣང་སྐྱེ་གཞི་ཞིག་ཡིན། དེ་བས་ང་ཚོས་Google Bookmarks བེད་སྤྱད་དེ་རང་ཉིད་ཀྱིས་རྟགས་བརྒྱག་པའི་དྲ་བྱང་རྣམས་འགོ་རིམ་ལྡན་པའི་ཐོག་ཉར་ཚགས་དང་། རང་ཉིད་ས་ཕྱོགས་གང་དུ་བསྐྱོད་ཀྱང་དྲ་རྒྱའི་མཐུན་རྐྱེན་ཡོད་ཕྱིན་བསྔོག་རྒྱུ་ཡོད། གུ་གུལ་བྷུག་མྲག་(google bookmark)ཁ་ཕྱེ་ས་ནི།
 www.google.com/bookmarks དེ་ལ་ཁྱེད་ཀྱི་གུ་གུལ་ཁ་བྱང་དང་གསང་རྟགས་བརྒྱག་ནས་འཛུལ་དགོས།

དྲ་ཚིགས་ཞིག་གི་ཁ་བྱང་ཉར་དགོས་ན། "Add bookmark" ཐོག་བསྣོན། དེ་ནས་དྲ་ཚིགས་ཀྱི་མིང་[1]དང་། དྲ་ཚིགས་ཁ་བྱང་[2] དེ་བཞིན་དྲ་ཚིགས་དེ་སྡེ་ཚན་[3]བཅས་བཀོད་དགོས་སོ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག