Posts

Showing posts from February, 2013

Hosting Site on googleDrive གུ་གུལ་སྲ་སྡེར་ཐོག་དྲ་ཚིགས་འཇོག་པ།

Image
ཚང་མས་མཁྱེན་གསལ་ལྟར་གུ་གུལ་སྲ་སྡེར་( google drive)གྱི་ཞབས་ཞུ་དྲ་ཐོག་ཏུ་སླེབས་ནས་ལོ་གཉིས་ཙམ་ལ་མ་སོང་ཡང་དྲ་ཐོག་ཏུ་དེའི་སྙན་གྲགས་དང་བེད་སྤྱོད་བཏང་མཁན་རྒྱ་འཁྱབ་ཏུ་འགྲོ་བཞིན་ཡོད། གུ་གུལ་སྲ་སྡེར་ནང་ཡིག་ཆ་འདྲ་མིན་(word, excel, powerpoint,form)བཟོ་བ་དང་། ཉར་ཚགས། འགྲེམས་སྤེལ། མཉམ་སྤྱོད། དེ་བཞིན་ཧ་ལམ་གུ་གུལ་ཞབས་ཞུ་ཡོད་དོ་ཅོག་དང་མཐུད་སྡེབ་བྱེད་ཐུབ་པ་སོགས་ཀྱི་དགེ་ཚན་ཆེན་པོ་ཡོད། ད་རེས་གུ་གུལ་སྲ་སྡེར་ཐོག་ HTML དང་ CSS, Javascript སྤྱད་དེ་བཟོས་པའི་དྲ་ཚིགས་གུ་གུལ་རྒྱུད་དྲ་ཐོག་ཏུ་བསྐྱལ་ཐུབ་པའི་ཐབས་འཇུས་ལེགས་པོ་སྟོན་གྱི་ཡིན།

Post a comment བསུབ་སྟེ་"མཆན་འདེབས་"ཟེར་བ་བཟོ་སྟངས།

Image
གུ་གུལ་ Blog ཟིན་བྲིས་ཀྱི་མཆན་འདེབས་སའི་སྒང་དུ་དབྱིན་ཡིག་ཐོག་ Post Comment ཞེས་པ་ཞིག་ཡོད། དེ་བརྗེ་པོ་བརྒྱག་ནས་བོད་ཡིག་ཡིག་ཐོག་བཟོ་སྟངས་སྟོན་གྱི་ཡིན། འགྲོ་སྟངས་གཤམ་གསལ་ལྟར་ཡིན།

༡༽རང་ཉིད་ཀྱི་ blogspot རྒྱབ་ལྗོངས་ནས་ Template ཆིག་སྡེབས་བྱས། གཡས་ཕྱོགས་ལ་དྲ་རྒྱའི་རྟགས་མཐོང་ངེས་ Edit HTML ལ་གནོན།
༢༽ གཤམ་གྱི་རི་མོ་འཆར་བ་དང་། Expand Widget Templates ཟུར་གྱི་འདེམས་ག་དེ་འདེམས་དགོས། འཐེབ་ཞོང་ནས་ Ctrl+F གནན་ནས་
<data:postCommentMsg /> ཞེས་པ་དེ་བཙལ་དགོས། ཕལ་ཆེར་དབྱིན་ཡིག་དེ་འདྲ་ཁག་གཉིས་རྙེད་སྲིད།

༣༽ ཡི་གེ་ <data:postCommentMsg /> ཚབ་ཏུ་བོད་ཡིག་ཐོག་ "མཆན་འདེབས།" བཀོད།

༤༽ མཐའ་མ་དེར་ Save template ལ་གནོན་ན་ད་བཟོད་ཁྱེད་ཀྱི་ Post Comment ཞེས་པའི་དབྱིན་ཡིག་དེ་མི་མངོན་པར་བོད་ཡིག་ཐོག་ "མཆན་འདེབས་" ཞེས་པ་དེ་འཆར་ངེས།

ཞོར་འཕྲོས་སུ་ཞུ་ཤེས་འདོད་ན་"མཆན་འདེབས་"ཟེར་བའི་ཡིག་འབྲུ་ཆེ་ཆུང་སྒྲིག་དགོས་ན་གཤམ་གསལ་ལྟ་བྱེད་དགོས།
༥༽ རང་ཉིད་ཀྱི་ blogspot རྒྱབ་ལྗོངས་ནས་ Template ཆིག་སྡེབས་བྱས། གཡས་ཕྱོགས་ལ་དྲ་རྒྱའི་རྟགས་མཐོང་ངེས་ Customize ལ་གནོན།

༦༽ གཤམ་གྱི་རི་མོ་དེ་འཆར་ངེས་རེད། Adva…

Stylize Comment Box མཆན་འདེབས་ས་མཛེས་བཀོད།

Image
ཚོད་ལྟ་དང་དྲ་མྱུལ་མང་པོ་ཞིག་བྱས་པའི་རྗེས་གུས་པའི་ཟིན་བྲིས་ཐོག་མཆན་བཀོད་ས་དེ་མཛེས་བཟོ་ཏོག་ཙམ་བྱས་ཐུབ་སོང་། རིག་པ་གཅིག་རྙེད་དུས་དེ་གའི་ཐོག་དེ་ལས་ལྷག་པ་བཟོ་རྒྱུའི་བསམ་བློ་ཡང་འཁོར་ཡོང་གི་འདུག །གལ་ཏེ་ཁྱེད་རང་ལ་བྷོ་ལོག་ཟིན་བྲིས་(blog) ཡོད་ན་རང་ཉིད་ཀྱི་མཆན་བཀོད་ས་དེ་སྙིང་རྗེ་མོ་བཟོ་སྟངས་ཀྱི་ཐབས་ཤེས་ལས་ལྷ་པོ་ཞིག་ངོ་སྤྲོད་བྱེད་འདོད་བྱུང་། འགྲོ་སྟངས་གཤམ་གསལ་ལྟར་ཡིན།

Auto Lyrics གཞས་དང་གཞས་ཚིག་མཉམ་འཆར།

Image
རྩིས་འཁོར་ནང་གཞས་ཞིག་བཏང་བ་དང་གཞས་ཚིག་མཉམ་དུ་ཤར་འོང་བའི་ཐུབས་འཇུས་ལས་ལྷ་པོ་ཞིག་ཡོད། གཞས་ཚིག་རང་བཞིན་གྱིས་འཆར་འོང་བར་ཆ་རྐྱེན་གསུམ་ངེས་པར་དུ་དགོས། ༡༽ དྲ་རྒྱའི་མཐུན་རྐྱེནདང་། ༢༽ གཞས་གཏོང་མཉེན་ཆས་ (WindowMediaPlayer / Winamp / itune) དེ་གསུམ་ལས་གང་རུང་གཅིག ༣༽ དྲ་ཚིགས་ www.lyricsplugin.com དེའི་ཐོག་ཕྱིན་ནས་རང་གི་རྩིས་འཁོར་ནང་ཡོད་པའི་གཞས་གཏོང་མཉེན་ཆས་ལ་རན་བཔའི་ཟུར་མཉེན་ (plugin)གཅིག་ཕབས་ལེན་བྱས་ཏེ་ནང་འཇུག་བྱེད་དགོས། དེ་ནས་གཞས་གཏོང་གཉེན་ཆས་ལས་གཞས་ཚིག་འཆར་སྟངས་གཤམ་ལ་གསལ།

ངོ་དེབ་ཀྱི་ཁ་བྱང་(facebook ID) བརྗེ་པོ་བརྒྱག་སྟངས།

Image
ངོ་དེབ་ཀྱི་ཁ་བྱང་ཕལ་ཆེ་བ་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་ཡིན། དཔེར་ན་ཡཱ་ཧུ་གློག་འཕྲིན་ཁ་བྱང་(someone@yahoo.com)དང་། ཧོཊ་མེལ་གློག་འཕྲིན་ཁ་བྱང་(someone@hotmail.com)ལྟ་བུ། ངོ་དེབ་ཀྱི་གནས་ཚུལ་གསར་པ་ཡོད་དོ་ཅོག་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དེ་གའི་ནང་འབྱོར་གྱི་ཡོད་པ་ཤེས་གསལ་རེད། འོ་ན་ངོ་དེབ་གསར་པ་བཟོ་མི་དགོས་པ་དང་། ད་ལྟ་ངོ་དེབ་ནང་ཡོད་བཞིན་པའི་དཔར་དང་ཟིན་བྲིས་ལ་དོ་འཕོག་གང་ཡང་མ་འགྲོ་བར་ངོ་དེབ་ཀྱི་ཁ་བྱང་བརྗེ་པོ་བརྒྱག་རྒྱུ་ཡོད་དམ་ཟེར་ན། དེ་ལན་ནི་ཡོད་ལགས། བྱས་ན་ཇི་ལྟར་བརྗེས་དགོས་ཟེར་ན་གཤམ་དུ་ལག་ལེན་གྱི་རིམ་པ་བཞིན་བྱས་ན་བརྗེ་ཐུབ།

Azureus (Vuze) 4.9.0.0 32-64 bit Multilingual

Image
སྐབས་རེ་རང་ལ་དགོས་པའི་ཆ་འཕྲིན་ནམ་མཉེན་ཆས་རིགས་དྲ་རྒྱའི་ཐོག་བཙལ་ནས་རང་གི་རྩིས་འཁོར་ནང་ཕབ་ལེན་བྱ་དགོས་པ་ཡོང་གི་ཡོད། ཆ་འཕྲིན་ནམ་མཉེན་ཆས་དེ་དག་ཆུང་ངུ་ཞིག་ཡིན་ན། དྲ་ངོས་ནས་ཐད་ཀར་ཕབ་ལེན་བྱ་ཐུབ། ཆ་འཕྲིན་དང་མཉེན་ཆས་རིགས་ཅུང་ཆེན་པོ་ཞིག་ཡིན་ན་ཕབ་ལེན་བྱ་བྱེད་མཉེན་ཆས་དམིགས་བསལ་མ་བཀོལ་ན་ཕབ་ལེན་བྱ་མི་ཐུབ། དྲ་རྒྱའི་ཁམས་འདིའི་ནང་ཆ་འཕྲིན་གྱི་ཡིག་ཆ་ཕོན་ཆེ་ཤོས་ཊོ་རེན་ (torrent sites) དྲ་སྟེངས་ཐོག་བཞག་ཡོད། ཊོ་རེན་ནང་གློག་བརྙན་དང་། གཞས། ཡིག་ཆ། དཔར། མཉེན་ཆས་ས་ཡ་འགལ་བ་ཡོད། རང་ཉིད་ཀྱི་མ་འཚོལ་བ་མ་ཏོག །མ་རགས་པའི་ཆ་འཕྲིན་ཧ་ལམ་མེད་ཟེར་ཡང་མཆོག

Youtube གློག་བརྙན་ཕབས་ལེན་མཉེན་ཆས།

Image
དེ་ནི་དེ་སྔ་youtube downloaderཞེས་པའི་མཉན་ཆས་སྐད་གྲགས་ཆེ་བ་དེ་ལས་སྤུས་ཀ་དག་ཏུ་བཏང་བའི་ཡུ་ཊུབ་གློག་བརྙན་ཕབས་ལེན་བྱེད་ཆེད་ཀྱི་མཉེན་ཆས་རིན་མེད་གྲས་ཞིག་ཡིན། མཉེན་ཆས་དེས་ཡུ་ཏུབ་དང་གུ་གུལ་གྱི་གློག་བརྙན་རྣམས་རང་ཉིད་ཀྱི་རྩིས་འཁོར་ནང་ཕབས་ལེན་བྱས་སྐབས་གློག་བརྙན་རྣམས་ཡིག་ཆའི་རྣམ་གྲངས་ Avi དང་ Mpeg, Flv ཐོག་འདེམས་རྒྱུ་ཡོད། རྩིས་འཁོར་གྱི་ཤེས་བྱ་གང་ཡང་མེད་མཁན་ཞིག་གིས་ཀྱང་མཉན་ཆས་དེ་སྤྱད་དེ་དྲ་རྒྱའི་གློག་བརྙན་རྣམས་བདེ་བླགས་ངང་ཕབས་ཐུབ་པའི་ཁྱད་ཆོས་ལྡན་ཡོད་

BearShare དྲ་ཐོག་ནས་གཞས་དང་གློག་བརྙན་ཕབས་ལེན་མཉེན་ཆས།

Image
གལ་ཏེ་ཁྱེད་རང་གཞས་དང་གློག་བརྙན་བལྟ་རྒྱུ་དང་འདོད་ཆེན་པོ་ཡོད་མཁན་ཞིག་ཡིན་ན་དྲ་ཚིགས་འདྲ་མིན་ཐོག་འཚོལ་མྱུལ་བྱེད་ཏེ་དུས་ཚོད་འཕྲོག་བརླག་བཏང་མི་དགོས་པར་ BearShare ཟེར་བའི་མཉེན་ཆས་དེ་བེད་སྤྱོད་བཏང་ནས་དྲ་རྒྱའི་རྒྱུད་གཞས་དང་གློག་བརྙན་གྲངས་ལས་འདས་པ་ཁྲིམས་མཐུན་ཐོག་ཕབས་ལེན་བྱེད་ཐུབ།
འདིར་གནོན་ནས་ཕབས་ལེན་གནང་དགོས།

TeamViewer v8 Portable

Image
ད་རེས་ངས་ངོ་སྤྲོད་བྱེད་རྒྱུའི་གཉེན་ཆས་དེ་ནི་དང་ཐོག་གཞན་གྱི་རྩིས་འཁོར་ནང་གསང་འཛུལ་དང་གནོད་པ་སྐྱེལ་མཁན་གྱི་ Trojan ཟེར་བའི་དྲ་དུག་ཞིག་ལས་ད་ལྟ་ཕན་ཐོག་ཆེས་ཆེ་བའི་(Remote Access)ཐག་རིང་རྩིས་འཁོར་དོ་དམ་མཉེན་ཆས་TeamViewer v8 ཟེར་བ་དེ་བྱུང་བ་ཡིན། འཇིག་རྟེན་ཁ་དཔེར་སྤྱོད་ཤེས་ན་དུག་ཡིན་ཡང་སྨན་དུ་འགྱུར་ཟེར་བ་ཅིས་མི་བདེན། མཉེན་ཆས་དེ་རྩིས་འཁོར་གཉིས་ཀྱི་ནང་སྒྲིག་འཇུག་བྱེད་རྗེས་རྩིས་འཁོར་དེ་གཉིས་དབར་རྒྱང་ཐང་རིང་པོ་ག་ཚོད་ཡོད་ཀྱང་ཕན་ཚུན་གྱི་འཆར་ཡོལ་(desktop) འཆར་ཐུབ་པ་མ་ཚད་གཅིག་གིས་གཅིག་ལ་དོ་དོམ་བྱེད་ཐུབ། དཔེར་ན་རྒྱ་གར་ནང་གནས་སྡོད་གྲོགས་པོ་ཞིག་གིས་ཨ་རི་ལ་ཡོད་པའི་རྩིས་འཁོར་ནང་འཛུལ་ནས་བལྟ་ཐུབ་པ་ལྟ་བུ། དེའི་མཁེ་ཕན་ཆེ་ཤོས་ནི་རྩིས་འཁོར་གྱི་དཀའ་ཚེགས་རིགས་བྱུང་ན་གཞན་གྱི་རོགས་སྐྱོར་དང་སློབ་སྟོན་ཡོང་བའི་ལམ་བུ་ལེགས་ཤོས་དེ་ཡིན། ངེས་པར་དུ་དགོས་པའི་ཆ་རྐྱེན་གཅིག་ནི་དྲ་རྒྱའི་མཐུན་རྐྱེན་མེད་དུ་མེད་རུང་བ་དེ་ཡིན། TeamViewer v8 སྒྲིག་འཇུག་བྱས་ཟིན་པའི་རྩིས་གཉིས་དབར་ཐད་ཀར་ཡིག་ཆ་བཏང་རེས་དང་མྱུར་འཕྲིན་བསྐུར་རེས། བཀའ་མོལ་གནང་བ། རི་མོ་བྲིས་དེ་ལམ་སྟོན་བྱེད་པ་སོགས་མཐུན་རྐྱེན་མང་པོ་ཡོད།
TeamViewer8 Portable ཡིག་ཆ་ཆེ་ཆུང་ 8.4MB འ…

སྐར་ཁུང་མ་ལག་གི་དུག་འགོག་མཉེན་ཆས་རང་གྲུབ། MSE/Window Defender

Image
ཆ་འཕྲིན་ལག་རྩལ་ཐོག་བཞུགས་མྱོང་བ་ཀུན་གྱི་འདོགས་ཟོན་བྱེད་ས་གཏེ་བ་ནི་དྲ་དུག་དང་གསང་འཛུལ་གྱིས་ཡིག་ཆ་བརྐུ་ཤོར་བ་སོགས་ཡིན། རྩིས་འཁོར་ནང་དྲ་དུག་རིགས་འཛུལ་ཤོར་ན་རྩིས་འཁོར་གྱི་ཁྱོན་ཡོངས་ཀྱི་ནུས་པ་འགོག་རྐྱེན་སྤྲད་པ་དང་། ཡིག་ཆ་བརླག་པ་དང་མཉེན་ཆས་རིགས་ཁ་མི་འབྱེད་པ་སོགས་མགོ་བོ་ན་དགོས་པ་བཟོ་ཡི་ཡོད། དཀའ་ངལ་དེ་དག་མི་ཡོང་བའི་སྔོན་འགོག་ནི་རང་ཉིད་ཀྱི་རྩིས་འཁོར་ནང་དུག་འགོག་མཉེན་ཆས་ཡག་པོ་ཞིག་དགོས་རྒྱུ་ནི་ཀུན་གྱི་ཤེས་བསལ་རེད། ད་རེས་གུས་པས་རང་ཉིད་ཀྱི་ལོ་མང་ཉམས་མྱོང་དང་བེད་སྤྱོད་བྱེད་པའི་རྒྱུད་ཁྱེད་རྣམས་ལ་དུག་འགོག་མཉེན་ཆས་ལེགས་ཤོས་ཞིག་ངོ་སྤྲོད་ཞུ་འདོད་བྱུང་།

རྒྱ་ཡིག་ཧྤིན་ཡིངས་བཏགས་ཆས་ལེགས་གྲས་ཞིག

Image
དྲ་གྲོགས་མང་པོས་སྐར་ཁུང་ནང་སྔོན་ནས་ཡོད་པའི་རྒྱ་ཡིག་བཏགས་ཆས་དེ་ཡག་པོ་དེ་ཙམ་མེད་པ་དང་དེ་ལས་ཡག་པ་ཞིག་འཚོལ་ཞིབ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་ཡང་དེ་ལྟར་འཚོལ་གྱི་ཡོད་ན་དྲ་ཚིགས་དེ་ཐོག་སླེབས་པ་དེ་ཡང་སྟབས་ཧ་ཅང་ཡག་པོ་འཁེལ་བ་རེད། རྒྱ་ཡིག་བཏགས་ཆས་དེ་གུ་གུལ་གྱིས་རིན་མེད་དུ་ཕབས་ལེན་དང་སྤྱོད་མཆོག་པ་ཡིན། ཧྤིན་ཡིངས་རྒྱག་བདེ་བ་དང་ཡིག་འབྲུ་གསུམ་བཞི་ལྡབ་ལ་འཐོན་གྱི་ཡོད། གཤམ་ལ་ངོས་ནས་དྲ་ཐག་གཉིས་བཀོད་ཡོད་
དྲ་ཚིགས་དངོས་ལས་ཕབས་ལེན་དགོས་ན་འདིར་གནོན།
དྲ་ཚིགས་དངོས་ནས་ཕབས་ལེན་མ་ཐུབ་ཚེ་འདིར་གནོན།

LAN Messenger v1.2 Free

Image
དྲ་རྒྱའི་མཐུན་རྐྱེན་ཡོད་མེད་ལ་མ་ལྟོས་པར་ཚོགས་སྡེ་ཁག་གི་ནང་གློག་ཀླད་རྣམས་ཕན་ཚུན་འབྲེལ་མཐུད་ཐོག་གནས་ཡོད། གློག་ཀླད་ཀྱི་འབྲེལ་མཐུད་དེ་འདྲ་ལ་དྲྭ་སྡེ་(LAN)ཟེར། དྲྭ་རྒྱའི་མཐུན་རྐྱེན་མེད་ཀྱང་གློག་ཀླད་ཀྱི་འབྲེལ་མཐུད་དེའི་རྒྱུད་ལས་མི་ཕན་ཚུན་འཕྲིན་ཐུང་བསྐུར་རྒྱུ་དང་། ཡིག་ཆ་བཏང་རེས་སོགས་བྱེད་རྒྱུའི་མཉེན་ཆས་ LAN Messenger ནི་ཧ་ཅང་དགོས་མཁོ་ཅན་ཞིག་མཐོང་། མཉེན་ཆས་དེས་བོད་དབྱིན་ཅི་རིགས་བཏགས་ཐུབ་པ་དང་། གཅིག་གིས་གཅིག་ལ་ཐད་ཀར་འཕྲིན་ཐུང་དང་ཡིག་ཆ་བསྐུར་ཐུབ་པ། མི་གཅིག་གིས་མི་མང་པོར་དུས་གཅིག་ཏུ་འཕྲིན་ཐུང་ངམ་ཡིག་ཆ་ཡང་བསྐུར་རྒྱུ་ཡོད། ཚོང་རའི་ཐོག་མཉན་ཆས་དེའི་རིགས་རིན་གོང་མཐོ་དམན་ལ་མི་ལྟོས་པར་ཉོ་དགོས་ཀྱི་ཡོད་ཀྱང་དྲྭ་སྡེའི་ཐོག་ཡིག་འཕྲིན་བསྐུར་བྱའི་མཉེན་ཆས་འདི་ནི་རིན་མེད་ཐོག་ཕབས་ལེན་དང་བེད་སྤྱོད་བྱེད་ན་འགྲིགས་ཀྱི་ཡོད། མཉན་ཆས་དེ་སྐར་ཁུངས་རྟགས་ཅན་དང་། ཀུ་ཤུ་རྟགས་ཅན། དེ་བཞིན་དེ་མིན་གྱི་རྩིས་འཁོར་མ་ལག་ཀུན་གྱི་ནང་འཇུག་ཐུབ་ཀྱི་འདུག
སྐར་ཁུངས་WindowXP/Vista/7/8 རྟགས་ཅན་གྱི་རྩིས་འཁོར་ཆེད། ཡིག་ཆ་ཆེ་ཆུང་ 11.5MB ཕབས་ལེན་གནང་།
ཀུ་ཤུ་Apple/Mac རྟགས་ཅན་གྱི་རྩིས་འཁོར་ཆེད། ཡིག་ཆ་ཆེ་ཆུང་ 21.2MB ཕབས་ལེན་གནང་།
ཌི་བྷེན་དང་ཨུ་བྷན་ཏུ་ …

སྐར་ཁུང་བརྒྱད་པའི་ཕབས་ལེན་བྱེད་སའི་དྲ་བྱང་།

Image
ཉེ་ཆར་དྲྭ་གྲོགས་མང་པོས་སྐར་ཁུང་རྟགས་ཅན་བརྒྱད་པའི་འོད་སྡེར་དང་དེ་འབྲེལ་བའི་གསང་ཟ་ག་ནས་ཕབས་ལེན་བྱེད་རྒྱུ་ཡོད་མེད་དྲིས་ཀྱི་འདུག །དེར་བརྟེན་ད་རེས་གུས་པས་རིག་མཛོད་མ་ལག་ ༣༢ ། ༦༤ ཆེད་དུ་འོད་སྡེར་གྱི་འདྲ་བཤུས་ISO ཕབས་ལེན་བྱེད་སའི་དྲྭ་བྱང་རྣམས་གཤམ་དུ་བཀོད་ཡོད། སྐད་ཡིག་གང་དགོས་དང་དེ་ནས་ཕབས་ལེན་དངོས་གཞི་བྱེད་པར་hotmail གློག་འཕྲིན་ཁ་བྱང་བཀོད་ནས་ཕབས་དགོས། སྐར་ཁུང་བརྒྱད་པའི་གསང་ཟ་དགོས་ན་འདིར་གནོན་ནས་ཕོབས། སྐར་ཁུང་བརྒྱད་པའི་ISO

ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱིས་བཅོས་སྒྲིག་བྱས་པ།

Image
མཉམ་རུབ་ཀྱི་ལས་དོན་ནི་འབྲས་བཟང་གི་རང་བཞིན་ཡིན་པ་འགོར་མི་ཆགས། སྐབས་རེ་རྒྱུ་རྐྱེན་ཞིག་གམ་ཡང་ན་དགོས་མཁོའི་དབང་གིས་ཡིག་ཆ་ཞིག་གི་ཐོག་མི་མང་པོས་མཉམ་རུབ་ཀྱིས་བཅོས་སྒྲིག་བྱེད་དགོས་པ་ཡོང་གི་ཡོད། དེ་འདྲའི་སྐབས་ཡིག་ཆ་དེ་མི་རེ་མོས་ཀྱིས་བཟོ་ན་དུས་ཚོད་ནར་འགྱང་བྱུང་བའི་གཞི་དང་། མི་སོ་སོས་ཡིག་ཆ་རེ་བཟོས་ན་ཕྱོགས་སྒྲིག་དང་ཞུ་དག་ཡང་བསྐྱར་བྱེད་དགོས་པའི་གཞི། མི་ཚང་མ་རྒྱ་ལྕོག་གཅིག་སྒང་ལ་འཛོམས་པར་དུས་ཚུད་སྟབས་མ་འཁེལ་བའི་གཞི། གལ་ཏེ་མི་ཚང་མ་དུས་ཚོད་གཅིག་གི་ཐོག་མཉམ་འཛོམ་བྱུང་ཡང་ཡིག་ཆ་གཅིག་གི་ཐོག་བཟོ་སྒྲིག་བྱེད་རྒྱུ་ཡང་དཀའ་ཚེགས་བྱུང་བའི་གཞི་སོགས་དཀའ་ཁག་མང་དག་ཞིག་ཡོད།