Auto Lyrics གཞས་དང་གཞས་ཚིག་མཉམ་འཆར།

རྩིས་འཁོར་ནང་གཞས་ཞིག་བཏང་བ་དང་གཞས་ཚིག་མཉམ་དུ་ཤར་འོང་བའི་ཐུབས་འཇུས་ལས་ལྷ་པོ་ཞིག་ཡོད། གཞས་ཚིག་རང་བཞིན་གྱིས་འཆར་འོང་བར་ཆ་རྐྱེན་གསུམ་ངེས་པར་དུ་དགོས། ༡༽ དྲ་རྒྱའི་མཐུན་རྐྱེནདང་། ༢༽ གཞས་གཏོང་མཉེན་ཆས་ (WindowMediaPlayer / Winamp / itune) དེ་གསུམ་ལས་གང་རུང་གཅིག ༣༽ དྲ་ཚིགས་ www.lyricsplugin.com དེའི་ཐོག་ཕྱིན་ནས་རང་གི་རྩིས་འཁོར་ནང་ཡོད་པའི་གཞས་གཏོང་མཉེན་ཆས་ལ་རན་བཔའི་ཟུར་མཉེན་ (plugin)གཅིག་ཕབས་ལེན་བྱས་ཏེ་ནང་འཇུག་བྱེད་དགོས། དེ་ནས་གཞས་གཏོང་གཉེན་ཆས་ལས་གཞས་ཚིག་འཆར་སྟངས་གཤམ་ལ་གསལ།

༼WindowMediaPlayer༽

གལ་ཏེ་ཁྱེད་ཀྱིས་གཞས་གཏོང་མཉེན་ཆས་ WindowMediaPlayer ཆེད་ཟུར་མཉེན་(plugin) ཕབས་ལེན་དང་རྩིས་འཁོར་ནང་འཇུག་ཟིན་ན།  གཤམ་གྱི་དཔར་ནང་བཀོད་པའི་ཐབས་ལམ་སྤྱད་ན་གཞས་གང་ཞིག་བཏང་ཡང་དེའི་གཞས་ཚིག་དེ་མ་ཐག་ཤར་འོང་ངེས། གལ་ཏེ་མ་ཤར་གཞས་ཚིག་དེ་སྐབས་ཕྲལ་རིང་གཞས་ཚིག་གི་ཡིག་མཛོད་ན་མེད་པ་རེད།

༼Winamp Player༽

གལ་ཏེ་ཁྱེད་ཀྱིས་གཞས་གཏོང་མཉེན་ཆས་ Winamp ཆེད་ཟུར་མཉེན་(plugin) ཕབས་ལེན་དང་རྩིས་འཁོར་ནང་འཇུག་ཟིན་ན། Winamp གྱི་འདེམས་བྱང་ནས་ Veiw ལ་གནོན། དེ་ནས་མར་འགྲེམས་འདེམས་བྱང་ལས་ Lyrics ལ་ཐེགས་གཅིག་གནོན་ན། གཏོང་བཞིན་པའི་གཞས་ཀྱི་གཞས་ཚིག་འཆར་འོང་བ་ཡིན།

༼ituen Player༽

གལ་ཏེ་ཁྱེད་ཀྱིས་གཞས་གཏོང་མཉེན་ཆས་ itune ཆེད་ཟུར་མཉེན་(plugin) ཕབས་ལེན་དང་རྩིས་འཁོར་ནང་འཇུག་ཟིན་ན། འཐེབ་གཞོང་ལས་ Ctrl+t གནོན་དང་གཏོང་བཞིན་པའི་གཞས་ཀྱི་གཞས་ཚིག་འཆར་འོང་བ་ཡིན།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག