Azureus (Vuze) 4.9.0.0 32-64 bit Multilingual

སྐབས་རེ་རང་ལ་དགོས་པའི་ཆ་འཕྲིན་ནམ་མཉེན་ཆས་རིགས་དྲ་རྒྱའི་ཐོག་བཙལ་ནས་རང་གི་རྩིས་འཁོར་ནང་ཕབ་ལེན་བྱ་དགོས་པ་ཡོང་གི་ཡོད། ཆ་འཕྲིན་ནམ་མཉེན་ཆས་དེ་དག་ཆུང་ངུ་ཞིག་ཡིན་ན། དྲ་ངོས་ནས་ཐད་ཀར་ཕབ་ལེན་བྱ་ཐུབ། ཆ་འཕྲིན་དང་མཉེན་ཆས་རིགས་ཅུང་ཆེན་པོ་ཞིག་ཡིན་ན་ཕབ་ལེན་བྱ་བྱེད་མཉེན་ཆས་དམིགས་བསལ་མ་བཀོལ་ན་ཕབ་ལེན་བྱ་མི་ཐུབ། དྲ་རྒྱའི་ཁམས་འདིའི་ནང་ཆ་འཕྲིན་གྱི་ཡིག་ཆ་ཕོན་ཆེ་ཤོས་ཊོ་རེན་ (torrent sites) དྲ་སྟེངས་ཐོག་བཞག་ཡོད། ཊོ་རེན་ནང་གློག་བརྙན་དང་། གཞས། ཡིག་ཆ། དཔར། མཉེན་ཆས་ས་ཡ་འགལ་བ་ཡོད། རང་ཉིད་ཀྱི་མ་འཚོལ་བ་མ་ཏོག །མ་རགས་པའི་ཆ་འཕྲིན་ཧ་ལམ་མེད་ཟེར་ཡང་མཆོག

གལ་ཏེ་ཊོ་རེན་དྲ་ཚིགས་ལས་ 4GB བྱས་པའི་གློག་བརྙན་ནམ། 600MB ཅན་གྱི་མཉེན་ཆས་རིགས་ཕབ་ལེན་དགོས་པ་བྱུང་ན་ཁྱེད་ཀྱིས་ངེས་པར་དུ་ "Bit Torrent "ཟེར་བ་དེའམ་ཡང་ན་ "Flash Get", "uTorrent", "Vuze","Bitcomet" སོགས་གང་རུག་གཅིག་སྤྱོད་རྒྱུ་ཡོད། ཕབ་ལེན་བྱ་བྱེད་མཉེན་ཆས་ཀྱིས་ཕབ་ལེན་གྱི་རྒྱུན་རིམ་མང་པོས་ཕབ་ལེན་བྱས་ནས་ཕབ་ལེན་མགྱོགས་པ་དང་། སྐབས་གསོག་བཀོལ་ནས་ཕབ་ལེན་ལ་བར་ཆད་བྱུང་ན་ཕབ་ཟིན་པ་དག་སྔུན་དུ་གསོག་ནས་ཕྱི་མ་ཕབ་ལེན་བྱ་སྐབས་སྔོན་གྱི་འཕྲོར་མཐུད་ནས་མུ་མཐུད་དུ་ཕབ་ལེན་བྱ་ཐུབ།

རྒྱུན་དུ་བཀོལ་བའི་ཕབ་ལེན་མཉེན་ཆས་མང་པོ་ཡོད་པ་ལས་ད་རེས་ཁྱེད་རྣམས་ལ་ Azureus (Vuze) 4.9.0.0 32-64 bit Multilingual གཉེན་ཆས་དེ་ངོ་སྤྲོད་བྱེད་རྒྱུ་ཡིན། Azureus ནི་vuze ཊོ་རེན་ཕབ་ལེན་བྱེད་ཆེད་དང་འདྲ་བ་དང་། དེའི་ཁྱད་ཆོས་གཙོ་བོ་ནི་ཕབ་ལེན་བྱེད་མཁན་ཇི་མང་ཡིན་ན་འགྲོས་ཇི་མགྱོགས་དང་། དུས་གཅིག་ཏུ་ཕབ་ལེན་ལས་འགན་མང་པོ་ཁུར་ཐུབ་པ། སྟབས་བདེའི་མཉེན་ཆས་རིགས་སུ་གཏོགས་པས་ཁྱེད་ཀྱི་འཐེབ་སྡེར་དང་ཕྱི་གསོག་སྲ་སྡེར་ནས་ཐད་ཀར་ཁ་འབྱེད་ཐུབ། མ་ཟད་རང་ཉིད་ལ་དགོས་པའི་ཆ་འཕྲིན་རྣམས་མཉེན་ཆས་འདི་ག་བེད་སྤྱད་དེ་འཚོལ་བཤེར་བྱེད་རྒྱུ་ཡོད་པ། ཕབ་ལེན་ཟིན་པའི་ཆ་འཕྲིན་རྣམས་གོ་རིམ་ལྡན་པའི་ངང་ཉར་བ་དང་། གློག་བརྙན་དང་། གླུ་གཞས་རིགས་ཡིན་ན་ཐད་ཀར་མཉེན་ཆས་འདི་གའི་ནང་ནས་བལྟ་ཐུབ་པ་སོགས་དགེ་ཚན་མང་དག་མཐོང་།
Azureus (Vuze) 4.9 ཡིག་ཆ་ཆེ་ཆུང་ 7.25MB འདིར་གནོན་ནས་ཕབས་ལེན་གནང་དགོས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག