ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱིས་བཅོས་སྒྲིག་བྱས་པ།

མཉམ་རུབ་ཀྱི་ལས་དོན་ནི་འབྲས་བཟང་གི་རང་བཞིན་ཡིན་པ་འགོར་མི་ཆགས། སྐབས་རེ་རྒྱུ་རྐྱེན་ཞིག་གམ་ཡང་ན་དགོས་མཁོའི་དབང་གིས་ཡིག་ཆ་ཞིག་གི་ཐོག་མི་མང་པོས་མཉམ་རུབ་ཀྱིས་བཅོས་སྒྲིག་བྱེད་དགོས་པ་ཡོང་གི་ཡོད། དེ་འདྲའི་སྐབས་ཡིག་ཆ་དེ་

མཉམ་རུབ་ཀྱི་ལས་དོན་ནི་འབྲས་བཟང་གི་རང་བཞིན་ཡིན་པ་འགོར་མི་ཆགས། སྐབས་རེ་རྒྱུ་རྐྱེན་ཞིག་གམ་ཡང་ན་དགོས་མཁོའི་དབང་གིས་ཡིག་ཆ་ཞིག་གི་ཐོག་མི་མང་པོས་མཉམ་རུབ་ཀྱིས་བཅོས་སྒྲིག་བྱེད་དགོས་པ་ཡོང་གི་ཡོད། དེ་འདྲའི་སྐབས་ཡིག་ཆ་དེ་མི་རེ་མོས་ཀྱིས་བཟོ་ན་དུས་ཚོད་ནར་འགྱང་བྱུང་བའི་གཞི་དང་། མི་སོ་སོས་ཡིག་ཆ་རེ་བཟོས་ན་ཕྱོགས་སྒྲིག་དང་ཞུ་དག་ཡང་བསྐྱར་བྱེད་དགོས་པའི་གཞི། མི་ཚང་མ་རྒྱ་ལྕོག་གཅིག་སྒང་ལ་འཛོམས་པར་དུས་ཚུད་སྟབས་མ་འཁེལ་བའི་གཞི། གལ་ཏེ་མི་ཚང་མ་དུས་ཚོད་གཅིག་གི་ཐོག་མཉམ་འཛོམ་བྱུང་ཡང་ཡིག་ཆ་གཅིག་གི་ཐོག་བཟོ་སྒྲིག་བྱེད་རྒྱུ་ཡང་དཀའ་ཚེགས་བྱུང་བའི་གཞི་སོགས་དཀའ་ཁག་མང་དག་ཞིག་ཡོད།
གལ་ཏེ་གོང་གི་དཀའ་ཚེགས་དེ་དག་ལས་རྣམ་པར་གྲོལ་བ་དང་། མི་སུ་ཞིག་ས་ཕྱོགས་གང་དུ་ཡོད་ཀྱང་དུ་དུང་ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱི་བཟོ་སྒྲིག་བྱེད་པའི་ནུས་པ་གོང་ཐོར་གཏོང་བའི་ཆ འཕྲིན་གྱི་ལག་རྩལ་ཞིག་ཡོད་ན་དེ་ནི་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཟེར་བའི་དཔེ་ལྟར་ཡིན་པས་ང་ཚོས་ཤེས་དགོས་ངེས་ཞིག་ཏུ་མཐོང་། དེང་སྐབས་ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱི་བཟོ་བཅོས་བྱེད་པའི་དྲ་ལམ་ཞབས་ཞུ་མང་དག་ཞིག་མཐོང་རྒྱུ་དང་སྤྱོད་རྒྱུ་ཡོད་ཀྱང་། དེར་སྐབས་འབབ་ཡོངས་ཁྱབ་ཅན་གྱི་གུ་གུལ་ཡིག་ཆ་(google documents)དེའི་རྒྱུད་མཉམ་རུབ་ཀྱི་ཡིག་ཆ་རྒྱུད་སྐུལ་བྱེད་སྟངས་སྟོན་རྒྱུ་ཡིན།

གུ་གུལ་སྲ་སྡེར་ཞབས་ཞུའི་ནང་ཡིག་ཆ་གཅིག་བཟོས་རྗེས་གཡོན་ཕྱོགས་ CREATE ལ་ཆིག་རྡེབ། ཡིག་ཆ་ཁ་ཕྱེ་བ་དང་ཡིག་ཆའི་མིང་བཀོད་རྒྱུ་དང་ནང་དོན་སོགས་བྲིས། ཡིག་ཆ་དེ་མི་གསུམ་བཞི་དབར་མཉམ་སྤྱོད་དང་མཉམ་རུབ་བཅོས་སྒྲིག་ཡོང་བ་བཟོ་དགོས་ན། ཡིག་ཆའི་སྟོད་དེར་ File > Share...>
གོང་གི་རི་མོ་དེ་འཆར་ངེས། ཁྱེད་ཀྱིས་བཟོས་པའི་ཡིག་ཆའི་ཁ་བྱང་ནི་"Link to share (only accessible by collaborators)" ནང་ཡོད་པ་དེ་ཡིན། དྲ་ཐག་དེ་སུ་ལ་བསྐུར་ནའང་འགྲིགས། དྲ་ཐག་དེའི་རྒྱུད་མི་ཚོས་ཡིག་ཆ་དེ་རྙེད་ཐུབ། དེ་ནས་དྲ་ཐག་ཡོད་མཁན་ལ་བལྟ་ཀློག་དང་བཟོ་བཅོས་བྱེད་མཆོག་མིན་གྱི་མཆོག་མཆན་སྒྲིག་ས་ནི་ "Who has access"ཞེས་པའི་སྡེ་ཚན་དེ་ནང་ཡོད། ཟུར་གྱི་ Change... ལ་གནོན། འོག་གི་རི་མོ་དེ་འཆར་ཡོང་བ་ཡིན།
གོང་གི་རི་མོ་ལས་རང་ཉིད་ཀྱི་ཡིག་ཆ་(དཔེར་ན་གསལ་བསྒྲགས་ལྟ་བུ།)དེ་དྲ་རྒྱའི་ཐོག་མི་སུས་ཀྱང་བལྟ་ཐུབ་པ་བཟོ་དགོས་ན་ "Public on the web" འདེམས་དགོས། གལ་ཏེ་དྲ་ཐག་ཡོད་མཁན་ཚོའི་ཆེད་དུ་ཡིན་ན་"Anyone with the link"ཞེས་པ་འདེམས་དགོས། དེ་བཞིན་སོ་སོས་མ་གཏོགས་བལྟ་མ་ཐུབ་པ་བཟོ་དགོས་ན་"Private" འདེམས། དབང་ཚད་བསྒྲིགས་དགོས་ན་ Access: ནང་བཟོ་བཅོས་མཆོག་པ་(Can edit) མཆན་འདེབས་མཆོག་པ་(Can comment) བལྟ་མཆོག་པ་(Can View) གཅས་གསུམ་ཡོད་པ་ལས་སྐབས་འབབ་དྲ་ཐག་ཡོད་མཁན་(Anyone with the link)དང་བཟོ་བཅོས་ཆེད་(Can edit) འདེམས་དགོས། དེ་ནས་Save ལ་ཆིག་རྡེབ་བྱས།

འགྲོ་སྟངས་གཞན་གཅིག་ནི་ཡིག་ཆ་དེའི་ཐོག་མཉམ་རུབ་སུ་དང་བྱེད་དགོས་པ་དེའི་གློག་འཕྲིན་ཁ་བྱང་བརྒྱག་ནས་བསྐུར་རྒྱུ་ཡང་ཡོད། གཤམ་གྱི་རི་མོར་གཟིགས།

ཁྱེད་ཀྱིས་བསྐུར་ཡུལ་གྱི་གློག་འཕྲིན་ཁ་བྱང་བརྒྱག་དགོས། ཡིག་ཆ་བཟོ་བཅོས་བྱས་མཆོག་པའི་མཆོག་མཆན་ Can edit འདེམས་རྗེས་ Share & save ལ་གནོན་ན་ད་བཟོད་ཁྱེད་ཀྱི་ཡིག་ཆའི་དེ་གའི་ཐོག་མི་གཉིས་ལས་མང་བས་མཉམ་རུབ་ཐོག་བཟོ་བཅོས་ཐུབ་པ་ཡིན།

ཡིག་ཆ་གཅིག་གི་ཐོག་མི་མང་པོས་མཉམ་རུབ་ཀྱིས་བཟོ་བཅོས་བྱེད་སྐབས་འགྱུར་བ་ཐེབས་པ་རྣམས་དངོས་སུ་མཐོང་ཐུབ་པ་དང་། མི་ཕན་ཚུན་དབར་མྱུར་འཕྲིན་བཏང་བའམ་ཕན་ཚུན་དབར་གླེང་མོལ་ཡང་བྱེད་ཐུབ། གུ་གུལ་ཡིག་ཆའི་ཞབས་ཞུ་དེ་ཧ་ཅང་སྤྱོད་བདེ་བ་དང་མྱུར་བ་སོགས་ཆ་འཕྲིན་གྱི་ལག་རྩལ་ཡིད་དབང་འཕྲོག་དགོས་པ་ཞིག་ཏུ་མཐོང་།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱིས་བཅོས་སྒྲིག་བྱས་པ།
ཡིག་ཆ་གཅིག་གི་ཐོག་མཉམ་རུབ་ཀྱིས་བཅོས་སྒྲིག་བྱས་པ།
མཉམ་རུབ་ཀྱི་ལས་དོན་ནི་འབྲས་བཟང་གི་རང་བཞིན་ཡིན་པ་འགོར་མི་ཆགས། སྐབས་རེ་རྒྱུ་རྐྱེན་ཞིག་གམ་ཡང་ན་དགོས་མཁོའི་དབང་གིས་ཡིག་ཆ་ཞིག་གི་ཐོག་མི་མང་པོས་མཉམ་རུབ་ཀྱིས་བཅོས་སྒྲིག་བྱེད་དགོས་པ་ཡོང་གི་ཡོད། དེ་འདྲའི་སྐབས་ཡིག་ཆ་དེ་
http://2.bp.blogspot.com/-hJ3hBsO4-KA/UQ-XldnoVgI/AAAAAAAAELE/rQaRZytACdM/s1600/share8.png
http://2.bp.blogspot.com/-hJ3hBsO4-KA/UQ-XldnoVgI/AAAAAAAAELE/rQaRZytACdM/s72-c/share8.png
གློག་ཀླད་དང་ཁ་པར།
http://www.sonamdawa.com/2013/02/blog-post.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2013/02/blog-post.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy