ངོ་དེབ་ཀྱི་ཁ་བྱང་(facebook ID) བརྗེ་པོ་བརྒྱག་སྟངས།

 ངོ་དེབ་ཀྱི་ཁ་བྱང་ཕལ་ཆེ་བ་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་ཡིན། དཔེར་ན་ཡཱ་ཧུ་གློག་འཕྲིན་ཁ་བྱང་(someone@yahoo.com)དང་། ཧོཊ་མེལ་གློག་འཕྲིན་ཁ་བྱང་(someone@hotmail.com)ལྟ་བུ། ངོ་དེབ་ཀྱི་གནས་ཚུལ་གསར་པ་ཡོད་དོ་ཅོག་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དེ་གའི་ནང་འབྱོར་གྱི་ཡོད་པ་ཤེས་གསལ་རེད། འོ་ན་ངོ་དེབ་གསར་པ་བཟོ་མི་དགོས་པ་དང་། ད་ལྟ་ངོ་དེབ་ནང་ཡོད་བཞིན་པའི་དཔར་དང་ཟིན་བྲིས་ལ་དོ་འཕོག་གང་ཡང་མ་འགྲོ་བར་ངོ་དེབ་ཀྱི་ཁ་བྱང་བརྗེ་པོ་བརྒྱག་རྒྱུ་ཡོད་དམ་ཟེར་ན། དེ་ལན་ནི་ཡོད་ལགས། བྱས་ན་ཇི་ལྟར་བརྗེས་དགོས་ཟེར་ན་གཤམ་དུ་ལག་ལེན་གྱི་རིམ་པ་བཞིན་བྱས་ན་བརྗེ་ཐུབ།

དང་པོ་ངོ་དེབ་ནང་འཛུལ་དགོས། དེ་ནས་རང་ཉིད་ཀྱི་མིང་ཡོས་སའི་སྐར་མའི་རྟགས་  དེ་ཐོག་ཆིག་སྡེབས་བྱས་ནས་མར་འགྲེགས་འདེམས་ག་མངོན་ཐུབ། འདེམས་གའི་ནང་ནས་ "Account Setting" ལ་གནོན་དགོས།
Email ཟེར་བའི་གཡས་ཕྱོགས་དེར་ Edit ལ་གནོན།
Email གྱི་སྒྲིག་བཀོད་བྱེད་ས་དེ་སླེབས་ངེས། དེའི་ནང་ཐོག་མར་ Primary email བཀོད་པ་དེ་ནི་རང་ཉིད་ཀྱི་ངོ་དེབ་ཁ་བྱང་བརྒྱག་ཡས་ཀྱི་གློག་འཕྲིན་ཁ་བྱང་གཏེ་བ་དེ་ཡིན་པ་གསལ་སྟོན་བྱས་ཡོད། ང་ཚོས་ཁ་བྱང་གཞན་ཞིག་ཀྱང་བཅུག་དགོས། Add another email ཐོག་ཆིག་སྡེབས་བྱོས།
དེ་ནས་ New Email ཞེས་པའི་བར་སྟོང་ནང་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་གསར་པ་དེ་བཀོད་དགོས། འོག་གི་ Password བར་སྟོང་ནང་ད་ལྟའི་ངོ་དེབ་ཀྱི་གསང་སྟགས་དགོས། གློག་འཕྲིན་ཁ་བྱང་གསར་པ་དེ་བཅུག་པར་མཐའ་མ་ Save Changes ལ་གནོན།

ངོ་དེབ་ཀྱིས་གློག་འཕྲིན་ཁ་བྱང་དངོས་གནས་ལེན་པ་ལས་རྫུས་མ་དང་ལེན་བྱས་ཀྱི་མེད། དེར་བརྟེན་གོང་དུ་བཀོད་པའི་གློག་འཕྲིན་དངོས་གནས་ཡིན་ན་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་གསར་པ་དེའི་ནང་ཡི་གེ་ཞིག་འབྱོར་ངེས་རེད། ད་ལྟ་དེར་ཁྱེད་རང་གས་ Okay ཐོག་གནོན་ན་འགྲིགས།
རང་ཉིད་ཀྱི་གློག་འཕྲིན་ནང་ཡི་གེ་དེ་ཁ་བསྔོག་དགོས།
གློག་འཕྲིན་ནང་ངོ་དེབ་ཀྱི་དྲ་ཐག་དེར་ཆིག་སྡེབས་བྱ་དགོས། གལ་ཏེ་ངོ་དེབ་ཀྱི་གསང་རྟགས་སློང་ན་སྤྲད་དགོས།
དེ་ཚར་བ་དང་ད་གིན་ངོ་དེབ་ཀྱི་ཁ་བྱང་སྒྲིག་བཀོད་བྱ་ས་དེར་འགྲོ་ནས། Primary Email འདེམས་གའི་ནང་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་གསར་པ་དེ་འཇོག་དགོས། གསང་བའི་ཨང་རྟགས་བརྒྱབ་རྗེས་ Save Changes ལ་གནོན།
དེ་ལྟར་རང་ཉིད་ཀྱི་ངོ་དེབ་ཀྱི་ཁ་བྱང་བརྗེ་བོ་བརྒྱག་ཟིན་པའོ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *