Hosting Site on googleDrive གུ་གུལ་སྲ་སྡེར་ཐོག་དྲ་ཚིགས་འཇོག་པ།

ཚང་མས་མཁྱེན་གསལ་ལྟར་གུ་གུལ་སྲ་སྡེར་( google drive)གྱི་ཞབས་ཞུ་དྲ་ཐོག་ཏུ་སླེབས་ནས་ལོ་གཉིས་ཙམ་ལ་མ་སོང་ཡང་དྲ་ཐོག་ཏུ་དེའི་སྙན་གྲགས་དང་བེད་སྤྱོད་བཏང་མཁན་རྒྱ་འཁྱབ་ཏུ་འགྲོ་བཞིན་ཡོད། གུ་གུལ་སྲ་སྡེར་ནང་ཡིག་ཆ་འདྲ་མིན་(word, excel, powerpoint,form)བཟོ་བ་དང་། ཉར་ཚགས། འགྲེམས་སྤེལ། མཉམ་སྤྱོད། དེ་བཞིན་ཧ་ལམ་གུ་གུལ་ཞབས་ཞུ་ཡོད་དོ་ཅོག་དང་མཐུད་སྡེབ་བྱེད་ཐུབ་པ་སོགས་ཀྱི་དགེ་ཚན་ཆེན་པོ་ཡོད། ད་རེས་གུ་གུལ་སྲ་སྡེར་ཐོག་ HTML དང་ CSS, Javascript སྤྱད་དེ་བཟོས་པའི་དྲ་ཚིགས་གུ་གུལ་རྒྱུད་དྲ་ཐོག་ཏུ་བསྐྱལ་ཐུབ་པའི་ཐབས་འཇུས་ལེགས་པོ་སྟོན་གྱི་ཡིན།

སྤྱིར་བཏང་སྒེར་གྱི་དྲ་ཚིགས་ཞིག་བཟོས་རྗེས་དྲ་རྒྱའི་ཐོག་བཞག་སའི་ས་ཆ་ཉོ་དགོས་ཀྱི་ཡོད། དེ་ལ་hosting space ཟེར་གྱི་ཡོད། རིན་མེད་ཀྱི་ཞབས་ཞུ་ཁ་ཤས་རྙེད་རྒྱུ་ཡོད་ཀྱང་ཁྱབ་བསྒྲགས་མང་པོ་འཆར་ངེས་རེད། གུ་གུལ་སྲ་སྡེར་ཐོག་དྲ་ཚིགས་འཇོག་པ་ནི་རིན་པ་སྤྲད་མི་དགོས་པའི་ས་ཆ་ཡག་ཤོས་ཞིག་མཐོང་། འོན་ཀྱང་ཤེས་དགོས་པ་ཞིག་ནི་གལ་ཏེ་ཁྱེད་ཀྱིས་དྲ་རྒྱ་དེ་ php དང་ asp ཡང་ན་ server script གང་ཞིག་ཐོག་བཟོས་པ་ཞིག་ཡིན་ན་གུ་གུལ་ནང་འཇུག་ཀྱང་ཁ་འབྱེད་མི་ཐུབ་པས་དགོངས་འཇགས་འཚལ། HTML དང་ CSS རྐྱང་པའི་ཐོག་བཟོས་པའི་དྲ་རྒྱ་གུ་གུལ་སྲ་སྡེར་ཐོག་བསྐྱེལ་བའི་མཁེ་ཕན་དང་བེད་སྤྱོད་འདྲ་མིན་ཡོད། དེས་རང་ཉིད་ཀྱི་དྲ་ཚིགས་བཟོ་བའི་སྒྱུ་རྩལ་དྲ་ཐོག་ངོམས་མཆོག་པ་དང་། གསལ་བསྒྲགས་ཀྱི་དྲ་ཤོག་སྤེལ་མཆོག་པ། སྒེར་དང་ཚོགས་པའི་ངོ་སྤྲོད་ཀྱི་དྲ་ཚིགས་བཟོ་རྒྱུ་སོགས་ཀྱི་དགོས་མཁོ་ཡོང་ངེས། ཚོད་ལྟའི་ཆེད་དུ་བཟོ་པའི་གུས་པའི་དྲ་ཚིགས་ལ་གཟིགས་འདོད་ན་འདིར་གནོན།
https://googledrive.com/host/0B8MMtztEVG_FcDk4QU1sN29Rcmc/

༼ དང་པོ། HTML དང་ CSS ཐོག་བཟོས་པའི་དྲ་རྒྱ་ཇི་ལྟར་བྱས་ནས་གུ་གུལ་སྲ་སྡེར་ཐོག་བླུགས་དགོས། ༽

༡༽ རང་ཉིད་ཀྱི་གུ་གུལ་ཁ་བྱང་སྤྱད་དེ་ drive.google.com ནང་འཛུལ་དགོས།
༢༽ གུ་གུལ་སྲ་སྡེར་ཐོག་ཡིག་སྣོད་ཞིག་བཟོས་ནས་རང་ཉིད་ཀྱི་རྩིས་འཁོར་ནང་ཡོད་པའི་HTML དང་ CSS ཡིག་ཆ་རྣམས་དེའི་བླུགས་(upload)དགོས།
དཔར་འདི་ནི་རང་ཉིད་ཀྱི་རྩིས་འཁོར་ནང་ཡོད་པའི་དྲ་ཚིགས་ཡིག་ཆ་མཚོན།
དཔར་འདི་ནི་རང་ཉིད་ཀྱི་རྩིས་འཁོར་ནང་ཡོད་པའི་དྲ་ཚིགས་ཡིག་ཆ་རྣམས་གུ་གུལ་སྲ་སྡེར་ཐོག་འཇུག་ཚར་བའི་རྗེས་ཡིན། ངེས་པར་དུ་དོ་སྣང་བྱེད་དགོས་པ་ནི་ upload setting ཐོག་ཡོད་ཡིག་ཆ་བརྗེ་འགྱུར་ Conversion ཞེས་པ་དེ་ off སྒྲིག་དགོས།
༣༽ ཡིག་སྣོད་དེ་རང་མཉམ་སྤྱོད་ཆེད་Share བཟོ་དགོས། མཉམ་སྤྱོད་དམ་ Share བཟོ་བ་ནི་ཡིག་ཁུག་དེའི་ནང་ཡོད་ཡིག་ཆ་རྣམས་མི་གཞན་གྱིས་དྲ་རྒྱའི་བལྟ་ཀློག་ཐུབ་རྒྱུ་ཡོང་བྱེད་པ་དང་མཚུངས། དྲ་ཚིགས་ཀྱི་ཡིག་ཁུག་གསར་པ་དེའི་ཐོག་ཙི་ཙི་གཡས་སྡེབས་བྱས་རྗེས་ Share... ཐོག་བཞག །ཡང་བསྐྱར་ Share... ཞིག་འཐོན་གྱི་རེད་དེའི་ཐོག་གནོན་དགོས།
༤༽ གལ་ཏེ་གཤམ་གྱི་གླེང་སྒྲོམ་དེ་འཆར་ན་ Change... ལ་ཆིག་སྡེབས་བྱེད་དགོས། ཡང་བསྐྱར་གླེང་སྒྲོམ་ཞིག་འཆར་གྱི་རེད། འདིའི་ནང་ Public on the web ཞེས་པ་དེ་འདེམས། འོག་མ་དེར་ Access: Anyone(no sign-in required) ཟེར་བ་དེ་ལ་འདེམས་ག་ Can view ཞེས་པ་དེ་བཞག་དགོས། དེ་སྒྲུབ་རྗེས་ Save ལ་གནོན།
༥༽ དེ་ནས་ Done  ལ་མ་གནོན་སྔོན་གཤམ་གྱི་རི་མོར་གསལ་བ་ལྟར་དྲ་སྣེ་ link དེ་ཉར་དགོས། དྲ་སྣེ་དེ་དྲ་ཚིགས་ཡོད་སའི་དྲ་བྱང་བཟོ་བར་བེད་སྤྱོད་ཡོད།
༦༽ གོང་དུ་ང་ཚོས་རང་ཉིད་ཀྱི་བཟོས་པའི་HTMLདང CSSཐོག་ཡོད་པའི་དྲ་ཤོག་རྣམས་གུ་གུལ་སྲ་སྡེར་ཐོག་བདེ་བླགས་ངང་འཇུག་ཟིན་པ་དང་། དྲ་རྒྱའི་ཐོག་མི་སུས་ཀྱང་བལྟ་ཀློག་ཐུབ་པའི་མཐུན་རྐྱེན་བསྐྲུན་ཟིན་པ་རེད། མཐའ་མ་དེར་ང་ཚོས་རང་ཉིད་ཀྱི་དྲ་ཚིགས་ལེགས་པོ་དེ་མི་ཚོས་རྙེད་པར་དྲ་བྱང་བཟོ་སྟངས་དེ་སྟོན་གྱི་ཡིན།

༼ དྲ་ཚིགས་ལ་དྲ་བྱང་བཟོ་སྟངས།་༽

༧༽ གོང་ང་ཚོས་ཉར་ཚགས་བྱེད་པའི་དྲ་སྣེ་(link) དེར་གཟིགས་དང་།
https://docs.google.com/folder/d/0B8MMtztEVG_FcDk4QU1sN29Rcmc/edit?usp=sharing
དབྱིན་ཡིག་ཐོག་ཡོད་པའི་ /d/ དང་ edit? ཟེར་བའི་བར་ཀྱི་ཡི་གེ་རྟགས་སེར་པོ་བརྒྱབ་པ་དེ་ལེན་དགོས། དེའི་སྟེང་དུ་ https://googledrive.com/host/ བཀོད་དགོས། བཀོད་ཟིན་པའི་དྲ་སྣེ་གསར་པ་ནི།
https://googledrive.com/host/0B8MMtztEVG_FcDk4QU1sN29Rcmc/  འདི་ནི་རང་ཉིད་ཀྱི་དྲ་བྱང་ངོ་མ་དེ་ཆགས་ཀྱི་ཡོད། དྲ་བྱང་དེ་སུ་ལ་སྤྲད་ཀྱང་ཁྱེད་ཀྱི་དྲ་ཚིགས་བསྟན་ཐུབ་པ་རེད།

༼ ཞོར་འཕྲོད། ༽

གལ་ཏེ་གོང་གི་དྲ་བྱང་དེ་རིང་པོ་འདུག་བསམ་པའམ་ཡང་ན་བློ་ལ་ངེས་ཁག་པོ་འདུག་ན། དྲ་བྱང་རིང་པོ་དེ་འཐུང་དུ་བཏང་རྒྱུ་ཡོད། ཤེས་འདོད་ན་འདིར་གནོན།

Comments

  1. དཔེ་ཡག་པོ་སློབ་སྟོན་གནང་འདུག་ ཐུགས་རྗེ་ཆེ། ངས་གྲོགས་མང་དག་ཞིག་ལ་ཁྱ྄ེད་ཀྱི་དྲྭ་ངོས་དེ་ངོ་སྤྲོད་བྱས་པ་ཡིན་་་་རྗེས་ཕྱོགས་ནས་མུ་མཐུད་རྒྱུན་འཁྱོངས་གནང་རོགས་ཡོང་བ་མཁྱེན་

    ReplyDelete
    Replies
    1. སྐུ་ཉིད་དྲྭ་ཚིགས་འདིར་ཡང་ཡང་ཕེབས་པར་དགའ་བསུ་སྙིང་དབུས་ནས་ཞུ། སྐབས་རེ་ལས་བྲེལ་དབང་གིས་ཟིན་བྲིས་སྤེལ་རྒྱུ་མ་བྱུང་བར་གང་མཚམས་ལུས་ཀྱི་འདུག་པས་དགོངས་སེལ་ཞུ། ཕལ་ཆེར་ཉིས་ཤས་རྗེས་ནས་གུས་པར་སླར་ཡང་དུས་ཚོད་རགས་ངེས་པས་དེའི་བར་རེ་སྒུག་ཡོང་བ་ཞུ་ཞུ།

      Delete

Post a Comment

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག