འཕྲུལ་དེབ་བམ་ Ebook ཟེར་བ་ནི་དཔེ་དེབ་ག་གེ་མོ་ཞིག་གི་ནང་དོན་ཆ་ཚང་རང་ཉིད་ཀྱི་རྩིས་འཁོར་རམ། ལག་ཐོག་ཁ་པར། ipad, kindle སོགས་ཀྱི་གློག་ཆས་ནང་བལྟ་ཀློག་བྱེད་རྒྱུ་ཡོད་པའི་དཔེ་དེབ་དེ་ལ་གོ་བ་ཡིན། འཕྲུལ་དེབ་དེ་དག་ཡིག་ཆའི་རྣམ་གཞག་(file format)འདྲ་མིན་ཐོག་བཞག་ཡོད་ཀྱང་ཡོངས་ཁྱབ་ PDF དང་ EPUB གཉིས་ཀྱི་ནང་ཡོད། གཤམ་ལ་ང་ཚོས་འཕྲུལ་དེབ་ལ་གོ་བ་རོབ་ཙམ་དང་དེ་ནས་འཕྲུལ་དེབ་ཀློག་ཐབས་སྐོར་བཤད་ཀྱི་ཡིན།

PDF དང་ EPUB
འཕྲུལ་དེབ་ཟེར་དུས་གོ་བ་གཉིས་ལེན་རྒྱུ་ཡོད། གཅིག་ནི་ཡིག་ཆའི་རྣམ་གཞག་ PDF བྱས་པ་དེ་རེད། PDF (Portable Document Format )ཟེར་བ་དེ་ཕྱི་ལོ་ ༡༩༩༠ ལོ་ནས་བེད་སྤྱོད་བཏང་སྒོ་བཙུགས་པ་དང་མི་ཚང་མས་རྒྱུས་མངའ་ཡོད་པ་ཤ་སྟག་ཡིན། PDFནང་ཡོད་པའི་དཔེ་དེབ་དང་ཡིག་ཆ་རྣམས་རྩིས་འཁོར་ནང་བལྟ་ཀློག་བྱེད་རྒྱུར་བདེ་བ་ལས་ལག་ཐོག་ཁ་པར་དང་། ipad སོགས་ཀྱི་ནང་ཀློག་བདེ་པོ་རང་མེད། PDFདེབ་རྣམས་ཀློག་པར་ PDF Reader ཟེར་བའི་མཉེན་ཆས་སྤྱད་དགོས་པ་ཤེས་གསལ་ལགས།ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྤྱིའི་འཕྲུལ་དེབ་གཏན་འབེབས་ཁང་(IDPF)ནས་འཕྲུལ་དེབ་ཀྱི་རྣམ་གཞག་གསར་པ་ epub (Electronic Publication) དེ་གསལ་བསྒྲགས་བསྐྱངས་པ་དང་། དེ་ནས་བཟུང་ iphone དང་ ipad,kindle, android ཁ་པར་སོགས་གློག་ཆས་ཡོངས་ཀྱི་ནང་དཔེ་དེབ་རྣམས་ལས་ལྷ་པོར་ཕབས་ལེན་དང་། བལྟ་ཀློག །འགྲེམས་སྤེལ་ཐུབ་པ་མ་ཟད་ཚོང་གཉེར་སོགས་བྱེད་རྒྱུ་ཡང་ཤུགས་ཆེར་སོང་བ་ཡིན།
སྤྱིར་བཏང་PDF དང་ EPUB དེ་མིན་གྱི་ཡིག་ཆའི་རྣམ་གཞག་གཞན་ཡང་ཡོད་པ་རྣམས་འཕྲུལ་དེབ་ཀྱི་ཁོངས་སུ་གཏོགས་ཀྱང་། EPUB འཕྲུལ་དེབ་ལ་དགེ་མཚན་ཆེ་ཤོས་ཡོད། དཔེར་ན། ཡིག་ཆ་ཆུང་བ་ཡོད་པ་དང་། འགྲེམས་སྤེལ་བྱེད་སླ་བ་དང། ཡིག་གཟུགས་ཆེ་ཆུང་སྒྲིག་རྒྱུ་ཡོད་པ། མིང་ཚིག་གམ་ཐ་སྙད་འཚོལ་བཤེར་མགྱོགས་པ། དེབ་གཟུགས་ཆེ་ཆུང་དེ་གློག་ཆས་ཀྱི་ངོ་གདོང་(screen)ལ་གཞིགས་ཏེ་འགྱུར་བ་ཐེབས་ཐུབ་པ་སོགས་ཡིན།
ང་ཚོས་གུ་གུལ་འཚོལ་བཤེར་ཐོག་ epub བཏགས་པ་དང་དྲ་ཐོག་ཏུ་སྐད་ཡིག་འདྲ་མིན་དང་། ནང་དོན་འདྲ་མིན། རིན་མེད་ཐོག་ཕབས་ལེན་རྒྱུ་ཡོད་པ་དང་། རིན་པ་སྤྲོད་དེ་ཉོ་རྒྱུ་ཡོད་པའི་འཕྲུལ་དེབ་བུམ་ཕྲག་ལྷག་ཐོན་ངེས་ཡིན།
འཕྲུལ་དེབ་ཕབས་ལེན།
དེར་ང་ཚོས་གློག་རྡུལ་འཕྲུལ་དེབ་ཁང་གི་དྲ་ཚིགས་(www.tibetanebooks.com)ལས་དེབ་གཅིག་ཕབས་ལེན་བྱེད་ཀྱི་ཡིན། དེ་ལྟར་རིག་གྲེས་ཏེ་དབྱིན་ཡིག་གི་དྲྭ་ཚིགས་གཞན་ནས་ཀྱང་འཕྲུལ་དེབ་གང་འདོད་ལྟར་ཕབས་ལེན་བྱེད་ན་འགྲིགས།

མེ་ཝ་(firefox)རྒྱུད་འཕྲུལ་དེབ་ཀློག་ཐབས།
གཤམ་གྱི་ལག་ལེན་དེ་ཐེངས་གཅིག་ལས་བྱེད་མི་དགོས།
༡༽ མེ་ཝ་(firefox)བེད་སྤྱད་དེ་དྲྭ་ཚིགས་འདིར་ཕེབས། EPUBReader1.4.2.1
གལ་ཏེ་དྲྭ་མྱུལ་མཉེན་ཆས་མེ་ཝ་(firefox)མེད་ན་དྲ་ཐག་འདིར་གནོན་ནས་ཕབས་ལེན་བྱོས།
༢༽ གཤམ་གྱི་རི་མོ་དེ་སླེབས་ན་ Install ཐོག་གནོན།


འཕྲུལ་དེབ་བལྟ་ཀློག་བྱེད་པ།
སྔོན་ཕབ་ལེན་ཟིན་པའི་འཕྲུལ་དེབ་ཐད་ཀར་མེ་ཝའི་ནང་འཐེན་དགོས། ད་ནས་བཟུང་འཕྲུལ་དེབ་ཆ་ཚང་མེ་ཝ་ནང་ཁ་ཕྱེ་ནས་ཀློག་ཐུབ།
མཆན།