Google Chrome latest version: 26.0 Download

ཟླ་བ་འདིའི་ཚེར་ ༢༦ ཉིན་གུ་གུལ་གྱི་འཆར་ཆས་ Chrome ཞེས་པ་དེའི་ཐོན་རིམ་གསར་ཤོས་ཨང་ ༢༦ དྲྭ་རྒྱའི་ངོས་སུ་སྤེལ་ཡོད། ད་རེས་ཀྱི་ཐོན་རིམ་འདི་ནས་ Chrome གྱི་འཆར་ཆས་ཐོག་ཡི་གེ་བཏགས་པའི་སྐབས་དག་ནོར་བྱུང་ན་རང་བཞིན་གྱི་བཟོ་བཅོས་བྱེད་རྒྱུ་ཡོད་པ་དང་། ཚིག་མཛོད་ཡོངས་ལ་བསྐྱར་ཞིབ་བྱུང་བ། དག་བཅོས་དེ་ཡང་ Korea དང་། Tamil དེ་བཞིན་སྐད་མང་པོ་ཞིག་གི་ཐོག་རྒྱབ་སྐྱོར་ཐོབ་ཡོད་འདུག
Chrome འཆར་ཆས་འདི་ཉིད་དྲྭ་རྒྱའི་ཐོག་ཐོག་མར་ཕྱི་ལོ་ ༢༠༠༨ ཟླ་ ༩ སླེབས་ནས་ལོ་དེ་ཙམ་འགྲོ་ཡི་མེད་ལ་དེའི་སྔོན་ནས་འཆར་ཆས་སྐད་གྲགས་ཅན་གཞན་མང་པོ་ཡོད། དཔེར་ན། Internet Explorer དང་ Firefox, Opera, Safari སོགས། འོན་ཀྱང་ Chrome འཆར་ཆས་འདིའི་རྣམ་པ་གསར་པ་དང་དམིགས་བསལ་གྱི་ཁྱད་ཆོས་མང་དག་ཞིག་ལ་བརྟེན་ནས་དྲྭ་རྒྱའི་ཐོག་སླེབས་མ་ཉིད་ནས་མི་རྣམས་ཀྱི་ཡིད་དབང་འགུགས་ཐུབ་པ་བྱུང་ཡོད་ལ་སྤྱོད་མཁན་གྱི་གྲངས་འབོར་ཡང་ཉི་རེ་བཞིན་རྒྱས་ཡོད།  ད་ཆ་ Chrome འཆར་ཆས་ཨང་དང་པོའི་གོ་ས་འཛིན་ཡོད། གཤམ་གྱི་དཔེ་རིས་ལ་གཟིགས། གལ་ཏེ་འཆར་ཆས་སྤྱོད་མཁན་གྱི་གྲངས་འབོར་རྒྱས་པ་གཟིགས་ན་འདིར་གནོན།
ཕྱི་ལོ་༢༠༡༡ ནས་༢༠༡༣ བར་འཆར་ཆས་རིགས་འདྲ་མིན་སྤྱོད་མཁན་གྱི་བརྒྱ་ཆ།
Chrome འཆར་ཆས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ནི།
༺ འཆར་ཆས་ཁ་ཕྱེ་མགྱོགས་པ།
༺ དྲྭ་དུག་འགོག་ནུས་ཡོད་པ།
༺ Tab སྤྱད་དེ་འཆར་ཆས་དེ་གའི་ཐོག་དྲྭ་ཚིགས་མང་པོ་ཁ་ཕྱེ་ཐུབ་པ།
༺ གནོད་གཞིའི་དྲྭ་ཚིགས་དང་ཕྲད་རིགས་དང་ཕྲད་ན་སྔོན་བརྡ་གཏོང་བ།
༺ སྒེར་གྱི་གསང་བ་དམ་ནས་དྲྭ་མྱུལ་བྱེད་རྒྱུ་ཡོད་པ།
༺ རྩིས་འཁོར་གྱི་ process speed ཉུང་ཉུང་ལས་མི་ཟ་བ།
༺ འཆར་ཆས་གློ་བུར་དུ་སྒོ་བརྒྱག་གཞི་( browser crash )ཉུང་བ།
༺ css3 དང་ html5 ཆ་ཚང་ལ་རྒྱབ་སྐྱོར་ཐུབ་པ།
༺ ངོས་དཔང་ ( interface ) ཁམས་གཙང་ལ་བལྟ་ན་སྡུག་པ།
༺ ངོས་དཔང་བརྗེ་འགྱུར་བཏང་རྒྱུ་ཡོད་པ། (theme)
༺ དྲྭ་ཚིགས་བཟོ་བཀོད་དང་འབྲེལ་བའི་ web developer tool རང་སྒྲུབ་ཡོད་པ། (Ctrl+Shift+i གནོན་)
༺ འཆར་ཆས་ལ་ཟུར་གནོན་མཉེན་ཆས་ཁྲི་ཕྲག་ལྷག་ Chrome Store རྒྱུད་ཕབས་ལེན་དང་འཆར་ཆས་ཀྱི་ནུས་པ་རྒྱང་དུ་བསྲིངས་ཐུབ་པ་སོགས་ཡོད།

གལ་ཏེ་གུ་གུལ་ chrome གྱི་ཁྱད་ཆོས་ཡོངས་སུ་ཤེས་འདོད་ན། དབྱིན་ཡིག་དྲྭ་ཚིགས་འདིར་གཟིགས། Google Chrome Comic Book

Google Chrome v26 ཡིག་ཆ་ཆེ་ཆུང་ 31.5MB འདིར་གནོན་ནས་ཕབས་ལེན་གནང་དགོས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *