Picasa ནང་གི་དཔར་རྣམས་ Google+Photo ནང་ལ་འཕོས་པ།

ཉེ་ཆར་ Picasa ཞེས་པའི་པར་གསོག་དྲ་ཚིགས་འདི་ Google+ Photos ཐོག་སྤོས་ཟིན་པ་ཡིན། གལ་ཏེ་ Picasa དྲ་ཚིགས་ཁ་བྱང་ picasaweb.google.com བསྐྱོན་ན་ཁྱེད་རང་ཐད་ཀར་ Google+ ཐོག་བསྐྱེལ་གྱི་རེད་ལ་སྔར་ཡོད་ཀྱི་འདྲ་དཔར་རྣམས་ཀྱང་འདིར་མཐོང་ཐུབ། ཉེ་སྔོན་ནས་གུ་གུལ་གྱིས་ Google+ Photo ཐོག་ཡར་རྒྱས་མང་པོ་བཏང་ཡོད། Google+ Photo ཞེས་པ་དེ་ཡང་ Picasa Web Albums གྱི་ཐོན་རིམ་གསར་པ་ཡིན་པར་བརྩིས་མཆོག་པ་མ་ཟད་རིམ་པས་ Picasa འདི་ཉིད་ཀྱི་ཞབས་ཞུ་མཚམས་བཅད་ངེས་ཡིན། ཚོད་ལྟ་བྱས་པའི་རྒྱུད་ Picasa ནང་ཡོད་པའི་མཐུན་རྐྱེན་(features) མང་པོ་ཞིག་ད་དུང་ Google+ Photo ནང་བཞག་མེད་པ་རེད། དཔེར་ན། Creative Common (CC)གྱི་དཔར་དབང་དང་། འཚོར་བཤེར། གལ་ཆེའི་དཔར་གཙོ་ངོས་སུ་སྒྲིག་རྒྱུ། དཔར་ཀྱི་སྡེ་ཚན་གཅིག་དྲ་ཚིགས་གཞན་གྱི་ཆ་ཤས་སུ་འཇུག་རྒྱུ་སོགས་མེད། དེར་བརྟེན་ Google+ Photo ནང་མཐུན་རྐྱེན་དེ་དག་ཀྱང་མི་རིང་བར་མཉམ་དུ་སྦྱོར་བའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་ Picasa ཡི་དྲ་རྙིང་པ་དེ་ངེས་པར་དུ་འགྲོ་དགོས་བྱུང་ན་དྲ་བྱང་འདིར་གནོན། Picasaweb

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག