Window8 Start Button ཕབས་ལེན།

ཁྱེད་རང་གི་རྩིས་འཁོར་ནང་སྐར་ཁུང་༨བཅུག་པའམ་ཡང་ན་ཉེ་ཆར་ཉོས་པའི་རྩིས་འཁོར་ནང་སྐར་ཁུང་༨རེད་འདུག་གམ། ལོ་ངོ་ཉིས་ཤུ་ལྷག་ཙམ་ང་ཚོས་གཡོན་གཤམ་དུ་ཡོད་པའི་Start Button ལ་གནོན་གནོན་ནས་ཧ་ཅང་གོམས་འདྲིས་སུ་ཕྱིན་ཡོད་དུས་གློ་བུར་དུ་སྐར་ཁུང་༨པའི་ནང་Start Button གནོན་ས་མེད་པ་བཟོས་པ་དེས་ཏོག་ཙམ་འཐོམ་དགོས་པ་ཆགས་ཡོད་ཤས། Microft Company ངོས་ནས་Start Button ནི་དུས་འདས་པ་དང་། Metro Start Screen ནི་འབྱུང་འགྱུར་གི་ཁ་ཕྱོགས་སུ་བཏད་ཡོད་ཟེར།

གང་ལྟར་ Microsoft Company ངོས་ནས་ Start Button མེད་པ་བཟོས་ཟིན་ཀྱང་དྲ་ཐོག་ཏུ་ Start Button ཡོང་བའི་མཉེན་ཆས་བཅུ་གྲགས་ལྷག་བཏོན་ཡོད། དེ་ནང་མང་པོ་ཞིག་རིན་པ་སྤྲོད་ནས་ཉོ་དགོས། རིན་མེད་ཀྱི་མཉེན་ཆས་ཁ་ཤས་འདུག་ཀྱང་དེ་དག་གུས་པས་ཚོད་ལྟ་བྱས་པའི་རྒྱུད་ལེགས་ཤོས་གཉིས་འདིར་ངོ་སྤྲོད་བྱེད་པ་ཡིན།

iobit start menu

གལ་ཏེ་ཁྱེད་རང་ལ་ངེས་པར་དུ་སྔར་སྐར་ཁུང་༧དང་དེའི་སྔོན་གྱི་སྐར་ཁུང་རྙིང་པ་ལྟར་Start Button དགོས་འདུག་ན། གཤམ་གྱི་དྲ་ཐག་དེ་རྒྱུད་མཉེན་ཆས་དེ་ཕབས་ལེན་གནང་ན་འགྲིགས། མཉེན་ཆས་དེ་ནི་རིན་མེད་ཡིན་ལ་ནང་འཇུག་རྗེས་སྒྲིག་སྟངས་འདྲ་མིན་གྱི་འདེམས་ག་ཡང་ཡོད། ཡིག་ཆ་ཆེ་ཆུང་། 4.5MB འདིར་གནོན་ནས་ཕབས་ལེན་གནང་དགོས།

Start Button 8

མཉེན་ཆས་དེ་ནི་རིན་མེད་ཡིན། Start Button གྱི་མཉེན་ཆས་འདིའི་་རྣམ་པ་ཏོག་ཙམ་མི་འདྲ་བ་ཡོད། གོང་གོ་དཔར་ལ་གཟིགས། ནང་འཇུག་རྗེས་སྒྲིག་སྟངས་འདྲ་མིན་གྱི་འདེམས་ག་ཡང་ཡོད། ཡིག་ཆ་ཆེ་ཆུང་། 4.8MB འདིར་གནོན་ནས་ཕབས་ལེན་གནང་དགོས།


1 མཆན་གྲངས།:

  1. Anonymous2/10/2014

    ཐུགས་རྗེ་ཆེ། བེད་སྤྱོད་ཆེན་པོ་བྱུང་སོང་།

    ReplyDelete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *