url shortener དྲ་ཐག་འཐུང་དུ་བཏང་།

དྲ་ཚིགས་ཁ་བྱང་རིང་པོ་ཡོད་ན་གཅིག་ནས་ཟིན་བྲིས་དེབ་ཐོག་བཀོད་རྒྱུ་དང་། རོགས་པ་གཞན་ལ་སྤྲོད་པའི་སྐབས་སྙིང་རྗེ་མོ་མེད། བྱས་ན་དྲ་ཚིགས་དངོས་ཀྱི་ཁ་བྱང་རིང་པོ་ཞིག་ཐུང་དུ་བཏང་རྒྱུ་ཡོད་དམ་བསམ་ན། དེའི་ལན་ནི་ཡོད། དྲ་ཐག་འཐུང་དུ་བཏང་མཁན་ཞབས་ཞུ་བ་མང་པོ་ཡོད། དེ་ན་གུས་པས་དེ་དང་རན་པའི་གུ་གུལ་གྱི་ཞབས་ཞུ་ www.goo.gl ངོ་སྤྲོད་བྱེད་འདོད་བྱུང་།

URL (དྲ་ཐག)ཟེར་བ་གང་ཡིན་ནམ།

དེ་URL ནི་བསྡུས་ཚིག་ཡིན་པ་དང་དབྱིན་ཡིག་ཐོག་ universal resource locator ཟེར། དྲ་རྒྱའི་ཐོག་བཞག་པའི་ཡིག་ཆ་རྣམས་གང་དུ་ཡོད་མེད་ཀྱི་ཁ་བྱང་ལྟ་བུ་ཡིན། དཔེར་ན། http://androinica.com/wp-content/uploads/2010/03/talk.png དྲ་ཐག་དེ་ནི་དྲ་རྒྱའི་ཐོག་ཡོད་པའི་དཔར་ཞིག་གི་ url རེད། བྱས་ན་དྲ་ཐག་རིང་པོ་དེ་འདྲ་གང་ཡིན་ནམ། དེ་ལ་དམིགས་བསལ་གྱི་དོན་དག་ཡོད་དམ་ཟེར་ན། ཡོད་ལགས། ང་ཚོས་དེ་འགྲེལ་བཤད་ཏོག་ཙམ་བྱེད་ན། talk.png ཟེར་བའི་དཔར་གྱི་ཡིག་ཆ་དེ་དྲ་ཚིགས་  http://androinica.com ཐོག་བཞག་ཡོད་པ་དང་། ( དྲ་ཚིགས་བཞག་ས་ཧ་གོ་ན་འཛམ་གླིག་ཐོག་ཡོད་པའི་རྩིས་འཁོར་འབུམ་འཕྲག་མང་པོ་ལས་རྩིས་འཁོར་གང་ཞིག་གི་ཐོག་ཡོད་མེད་ཀྱང་དམིགས་དཀར་གྱིས་ངོས་ཟིན་ཐུབ། ) དཔེར་ན་རྩིས་འཁོར་ཀ་པའི་སྲ་སྡེར་D:\ ཡིན་པ་ཆ་བཞག །དེ་ནས་ /wp-content/uploads/2010/03/ དེ་ཡིས་གང་མཚོན་ནམ་ཟེར་ན། རྩིས་འཁོར་སྲ་སྡེར་དཔེར་ན་ D:\ ནང་གི་ཡིག་ཁུག wp-content བྱས་པ་དང་། དེའི་ནང་གསེས་ཡིག་ཁུག་ uploads དེའི་ནང་གསེས་ཡིག་ཁུག 2010 དེའི་ནང་གསེས་ 03 ནང་དུ་talk.png ཟེར་བའི་དཔར་གྱི་ཡིག་ཆ་དེ་ཡོད་ཟེར་བ་ཡིན།

གོང་གི་དྲ་ཐག་ http://androinica.com/wp-content/uploads/2010/03/talk.png འདིས་ད་དུང་གང་སྟོན་ཐུབ་བམ་ཟེར་ན། talk.png འཇོག་སའི་དྲ་གནས་འདི་ Wordpress སྤྱད་དེ་བཟོས་པའི་དྲ་ཚིགས་ཤིག་ཡིན་པ་དང། འདྲ་དཔར་འདི་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༣ ནང་དྲ་ཐོག་ཏུ་བཞག་པ་ཞིག་ཡིན་པ་རྟོགས་ཐུབ།

དྲ་ཐག་འཐུང་དུ་བཏང་བ།

༡༽ འཆར་ཆས་སམ་(web browser)དྲ་མྱུལ་མཉེན་ཆས་རྒྱུད་  https://goo.gl/ ཁ་བསྔོག
༢༽དྲ་ཐག་རིང་པོ་ཞིག་ཡོད་ན་དེའི་ནང་བཤུས་རྗེས་  Shorten URL  ཐོག་གནོན།
༣༽ ངེས་བརྟན་ཡོང་བའི་ཆེད་ Verification གྱི་ཡི་གེ་བཀོད།
༤༽ དེ་ལྟར་དྲ་ཐག་རིང་པོ་དེའི་ཚབ་ཏུ་དྲ་ཐག་ཐུང་བ་དེ་བཟོས་ཟིན་པ་ཡིན། དྲ་ཐག་ཐུང་བ་དེ་ཡང་དྲ་ཚིགས་དངོས་དེ་སྟོན་ཐུབ། ཁྱེད་ཀྱིས་ཚོད་ལྟ་ཞིག་བྱེད་དང་ངེས་ཤེས་ཡོང་ངེས།

ཞོར་འཕྲོས།

གོང་གི་གུ་གུལ་དྲ་གནས་བེད་སྤྱོད་གཏོང་རྒྱུའི་ཚབ་ཏུ་དྲ་ཐག་ཐུང་དུ་བཏང་བའི་ཞབས་ཞུ་སྐད་གྲགས་ཆེ་བ་གཞན་ཡང་ཡོད། དེ་དག་ནི། www.bit.ly, www.is.gd, www.tinyurl.com, www.snipurl.com, www.adjix.com, www.cligs.com སོགས་ཡོད་པས། དེ་དག་ལས་གང་རུང་ཞིག་ནས་བེད་སྤྱོད་གཏོང་ནའང་འགྲིག

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག