Posts

Showing posts from April, 2013

སྨོན་ལམ་ཚིག་མཛོད་ཐོན་རིམ་ ༡.༡ ། ༼ Monlam Dictionary 1.1 ༽

Image
"ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་ངྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་སྨོན་ལམ་ཚིག་མཛོད་ཐོན་རིམ་ 1.1 ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་གསར་འཇུག་དང་། སྐར་ཁུང་རྟགས་ཅན་གྱི་སྨོན་ལམ་ཚིག་མཛོད་བསྐྱར་བཟོ་ཟིན་ཡོད་པའི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་འདུག།

བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། སྨོན་ལམ་ཚིག་མཛོད་ཐོན་རིམ་ 1.1 ནི་བོད་ཡིག་ཚིག་མཛོད་དང་དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་པ་དང་། ཚིག་མཛོད་དེར་ཁྱོན་བསྡོམས་མ་ཚིག་ ༢༠༠༠༠༠ ལྷག་ཡོད་ཅིང་། སྡེ་ཚན་གཅིག་ནས་སྡེ་ཚན་གཞན་ཞིག་ལ་ཐད་ཀར་བརྒྱུད་འཚོལ་ཐུབ་པ་བཟོས་ཡོད་འདུག དེ་སྔོན་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོི་སྐར་ཁུང་རྟགས་ཅན་(windows) གྱི་གློག་ཀླད་ནང་མ་གཏོཊ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ཀྱང་། ད་ཆར་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུའང་ཚིག་མཛོད་འདི་བེད་སྤྱོད་གཏོང་ཐུབ་པ་བྱས་ཡོད་ཅིང་། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཐ་སྙད་དང་དེའི་འགྲེལ་བཤད་ཁག་རང་འགུལ་གྱིས་ཕན་ཚུན་ཕབ་བསྒྱུར་ཐོག་འབྲ…

Office 2013 ༼ ཡིག་ཚང་མཉན་ཆས་ ༢༠༡༣ ༽

Image
དེ་རིང་ངས་ཡིག་ཚང་མཉེན་ཆས་ ༢༠༡༣ ཐོན་རིམ་གསར་ཤོས་དེ་དྲྭ་རྒྱའི་རྒྱུད་ཕབས་ལེན་སྒྲུབ་རྗེས་ཚོད་ལྟ་ཞིག་བྱས། དངོས་གནས་བཟོ་བཀོད་ནི་སྔར་ལས་གྲལ་སྒྲིག་པ་དང་ཡིད་དབང་ཤོར་དགོས་པ་སྤྱོད་བདེ་བ་འདུག །མཉེན་ཆས་ཀྱི་ངོ་སྤྲོད་རྩོམ་ཡིག་འདི་ཡང་ Word2013 དེ་རང་སྤྱད་དེ་དྲྭ་གྲོགས་ལྷན་རྒྱས་ཆེད་དབུགས་ཐེངས་གཅིག་གིས་བྲིས་ཐལ།

jAlbum v11.1 དཔར་འགྲེམས་བཟོ་བྱེད།

Image
དེ་ནི་དྲྭ་ཚིགས་ཐོག་དཔར་གྱི་འགྲེམས་སྟོན་ནམ་ Album བཟོ་བྱེད་ཀྱི་རིན་མེད་ཕབས་ལེན་དང་སྤྱོད་རྒྱུ་ཡོད་པའི་མཉེན་ཆས་ལེགས་གྲས་ཤིག་ཡིན། དཔེ་དཔང་ངམ་ skin འདྲ་མིན་ཕབས་ལེན་དང་སྤྲོད་རྒྱུ་འདུག །མཉེས་ཆས་དེ་སྤྱད་ནས་བཟོས་ཟིན་པའི་དཔར་འགྲེམས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་གཉེར་བའི་དྲྭ་ཚིགས་ཞིག་གི་ཐོག་བཞག་ནའང་འགྲིགས། གལ་ཏེ་མཉེན་ཆས་དེའི་དྲྭ་ཚིགས་ཨ་མའི་ངོས་སུ་དེབ་སྐྱེལ་བྱེད་ན་རང་ཉིད་ཀྱི་པར་རྣམས་དྲྭ་ཚིགས་དེའི་ཐོག་འཇོག་རྒྱུ་མཐུན་རྐྱེན་སྤྲོད་ཀྱི་ཡོད།

ཚོད་ལྟའི་ཐོག་བཟོས་པའི་དཔར་འགྲེམས་ཞིག་ང་རང་གི་གུ་གུལ་སྲ་སྡེར་ནང་འཇོག་པ་དེར་གཅིག་གཟིགས་དང་། http://goo.gl/Pu08g
jAlbum གྱི་དྲྭ་ཚིགས་ཨ་མར་གཟིགས་ན། http://jalbum.net/en/
jAlbum v11.1 ཕབས་ལེན་བྱེད་ན།  ཡིག་ཆ་ཆེ་ཆུང་ 59.7MB འདིར་གནོན་ནས་ཕབས་ལེན་བྱེད།
jAlbum གྱི་དཔེ་དཔང་(skin) ཕབས་ལེན་བྱེད་ས། འདིར་གནོན།

Google Glass ༼ གུ་གུལ་མིག་ཤེལ། ༽

Image
བརྡ་འཕྲིན་དང་བརྙན་དཔར་གྱི་མཐུན་རྐྱེན་འཛོམས་པའི་གུ་གུལ་མིག་ཤེལ་ཉོས་ནས་གྱོན་མཁན་ནི་ཆ་འཕྲིན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་གཏོད་མཁན་གྲས་སུ་བརྩི་ཆོག་ལ་ད་ལྟའི་སྤྱི་ཚོགས་ཀྱི་ངོས་ལེན་དང་བེད་སྤྱོད་བཏང་རྒྱུར་དཀག་འདོམས་མི་ཡོང་བ་བྱེད་རྒྱུའི་ཚོད་ལྟའི་དུས་རིམ་ཞིག་ཀྱང་ཆགས་ཡོད། མི་མང་དང་། ཁྲིམས་ལུགས་པ། བརྡ་ཁྱབ་སྤེལ་མཁན། འཕྲོད་བསྟེན་སློབ་སྟོན་པ་སོགས་ཀྱིས་བཟོ་བསྐྲུན་དེས་རྐྱེན་པས་མིའི་འཕྲོད་བརྟེན་དང་། བདེ་འཇགས། སྒེར་གྱི་གནས་ཚུལ་སྲུང་སྐྱོབས་ཐད་ལ་རེ་དྭོགས་འདྲ་མིན་ཡོང་གཞིར་འགྱུར་ཡོད།

Free Android AntiVirus

Image
ཁྱེད་ཀྱིས་ (android) ཨེན་ཌྱོའི་སྤྱད་ཀྱི་ཡོད་དམ། ཨེན་ཌྱོའི་ཁ་པར་རྒྱུད་དྲྭ་དུག་དང་གསང་འཛུལ་གྱི་གནས་ཚུལ་མང་ནས་མང་དུ་ཐོན་བཞིན་པ་དང་དུས་མཚུངས་ཚོང་ཁང་མང་པོ་ཞིག་གིས་ཨེན་ཌྱོའི་ཁ་པར་ཆེད་དྲྭ་རྡུངས་(AntiVirus) དང་གསང་འཛུལ་འགོག་པའི་མཉེན་ཆས་ (AntiSpyware) རིགས་ཀྱང་ཚོང་རྒྱུགས་ཆེ་རུ་འགྲོ་བཞིན་འདུག །སྔར་རྩིས་འཁོར་ཆེད་དུ་དྲྭ་དུག་འགོག་པའི་མཉེན་ཆས་ NOD32 དང་། Avast , McAfee, AVG, Kespersky, Quick Heal དེ་དག་ཀྱང་ཨེན་ཌྱོའི་ཆེད་བཟོས་ཟིན་པ་དང་། རིན་གོང་ཆེ་ཙམ་སྤྲད་ནས་ཉོ་དགོས་ཀྱི་འདུག །གལ་ཏེ་ཁྱེད་ཀྱིས་རིན་མེད་ཐོག་མཉེན་ཆས་དེ་རིགས་འཚོལ་བཞིན་ཡོད་ན་ཁྱེད་ཀྱིས་དྲྭ་ཚིགས་འདིར་ཕེབས་པ་ཏག་ཏག་རེད།

རྩིས་འཁོར་ངོས་ཀྱི་འབུ་སྦྲང་མ།

Image
རྩིས་འཁོར་གྱི་ངོས་སུ་སྦྲང་འབུ་དངོས་ནས་འབབ་པ་དང་ཕར་འགྲོ་ཚུར་འོང་སྣང་བ་དང་། དུས་གཅིག་ལ་སྦྲང་མ་ ༥ ནས་ ༡༠ བར་མང་དུ་བཏང་རྒྱུ་ཡོད། flyondestop.exe མཉེན་ཆས་དེ་བེད་སྤྱོད་དམིགས་བསལ་གང་ཡང་མེད་ཀྱང་ཁྱད་འཚར་འཚར་ངང་སྤྱོད་དང་གཅིག་བྱས་ན་ཁྲིད་ཀྱི་གྲོགས་པོ་རྣམས་ལ་ཏོག་ཙམ་རྨོངས་དགོས་པ་བཟོ་སྲིད།

སྐར་ཁུང་ངོས་ཀྱི་བོད་ཡིག་ཡིག་གཟུགས་སྒྲིག་སྟངས། (Tibetan Font Setting in Window 7)

Image

Trojan Virus ཨེན་ཌྱོའི་ཁ་པར་ནང་ཤོར་བ།

Image
བདུན་ཕྲག་སྔོན་མའི་ནང་ Kaskpersky ཞེས་པའི་དྲྭ་དུག་བརྟག་དཔྱད་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན་ Trojan Virus ཞིག་ཨེན་ཌྱོའི་ཁ་པར་ནང་གསང་འཛུལ་བྱས་རྗེས་གནས་ཚུལ་རྣམས་རྒྱ་ནག་ལ་སྐྱེལ་གྱི་ཡོད་པ་དང་དྲྭ་དུག་དེ་དམིགས་ས་ནི་བོད་དང་ཡུ་གུར་བ་གཉིས་ཆགས་ཡོད་ཟེར། སྤྱིར་གློག་ཀླད་རྒྱུད་དེ་དྲྭ་དུག་དང་གསང་འཛུལ་གྱི་གནས་ཚུལ་མང་དག་ཞིག་མུ་མཐུད་ཐོན་མུས་ཡིན་ཀྱང་ད་རེས་ཀྱི་ Trojan Virus ཞིག་གིས་ཨེན་ཌྱོའི་ཁ་པར་ནང་གསང་འཛུལ་ཐུབ་པ་དེ་ནི་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

Acronis True Image 2011/2012/2013

Image
རྩིས་འཁོར་སྒྲིག་རིམ་གྱི་ཆ་ཤས་སམ་ཡོངས་རྫོགས་གྲབས་ཉར་ (backup) དང་བསྐྱར་གསོ་ (Restore) བྱེད་ཆེད་ཀྱི་མཉེན་ཆས་འདིའི་དམིགས་ཡུལ་གཙོ་བོ་ནི་རྩིས་འཁོར་ལ་དགེག་བར་མ་བྱུང་བའི་སྔ་རོལ་ནས་འདོག་ལེན་གྱི་གྲ་སྒྲིག་བྱ་ཆེད་ཡིན། ཆོས་ནི་མི་རྟག་པ་སོང་རྩིས་འཁོར་གྱི་སྐར་ཁུང་ལ་སྐྱོན་ཆགས་རིགས་བྱུང་བའི་དབང་དུ་བཏང་ཡང་ཁྱེད་ཀྱིས་དུས་ཡུན་ཐུང་ཐུང་དང་སེམས་པ་ལྷོད་ལྷོད་ངང་སྐར་ཁུང་དང་དེའི་ནང་གི་མཉེན་ཆས་ཡོངས་རྫོགས་བསྐྱར་གསོ་ཐུབ་ཀྱི་ཡོད།

སྐར་ཁུང་གྲབས་ཉར་དང་བསྐྱར་གསོ་བྱེད་ཆེད་ཀྱི་མཉེན་ཆས་ལེགས་གྲས་བཅུ་ཕྲག་ལྷག་གུས་པས་སྤྱད་མྱོང་ཡང་ Acronis ཚོང་རྭས་བཟོས་པའི་མཉེན་ཆས་དེ་ལེགས་ཤོས་ཞིག་ཏུ་མཐོང་། རྒྱུ་མཚན་གཙོ་བོ་གསུམ་ཡིན། དང་པོ་བེད་སྤྱོད་བཏང་བདེ་བ་དང་། གཉིས་པ་བསྐྱར་གསོ་དང་གྲབས་ཉར་ཆེད་འདེམས་ག་མང་བ། གསུམ་པ་ universal restore ཞེས་པའི་མཐུན་རྐྱེན་གསར་པ་བཅས་གསུམ་ཡིན། གཤམ་ལ་མཉེན་དེའི་སྐོར་ང་ཚོས་ཏོག་ཙམ་རྒྱུས་ལོན་བྱེད་ན།
ཡིག་ཆ་དང་ཡིག་ཁུག་གྲབས་ཉར། མཉེན་ཆས་འདི་སྤྱད་ནས་རྩིས་འཁོར་ནང་ཡོད་པའི་ཡིག་ཆ་དང་ཡིག་ཁུག་རྣམས་གྲབས་ཉར་བྱེད་རྒྱུ་ཡོད། གྲབས་ཉར་བྱེད་སྟངས་ལ། ཡིག་ཆ་ཆ་ཚང་ཐེངས་གཅིག་གྲབས་ཉར་དང། དུས་ཚོད་གཏན་འབེབ་ཐོག་གྲབས་ཉར་རང་འགུལ་གྱིས་བྱེད་པ། དུས་ངེས་མ…

GetDataBack སྤྱད་དེ་ཡིག་ཆ་བརླག་པ་རྣམས་བསྐྱར་གསོ་བྱེད་སྟངས།

Image
བརྙན་ཟློས་འདིའི་ནང་ཁྱེད་ཀྱིས་ GetDataBack ཞེས་པའི་མཉེན་ཆས་དེ་སྤྱད་དེ་རང་ཉིད་ཡིག་ཆ་­Delete བཏང་ཤོར་བ་དང། སྲ་སྡེར་ག་གེ་མོ་ཞིག Format བཏང་ཤོར་བ་ན། དེ་དག་ཡང་བསྐྱར་བསྐྱར་གསོ་བྱེད་ཐབས་སྟོན་གི་ཡོད། ཡིག་ཆ་བསྐྱར་གསོ་བྱེད་ཆེད་མཉེན་ཆས་གཞན་ཡང་­ཡོད་དཔེར་ན། RECUVA ཡང་སྤྱད་ནའང་འགྲིགས།

Google Nose? དྲི་མ་བསྣོན་རོགས། ཧ་ཧ་ཧ།

Image
དེ་རིང་ནི་དམིགས་བསལ་གྱི་ཉི་མ་ཞིག་རེད། དེར་བརྟེན་གུ་གུལ་གྱིས་ Google Nose ཞེས་པའི་ཚོད་ལྟ་ཐོག་ཡོད་པའི་ཞབས་ཞུའི་དྲྭ་ཚིགས་དེ་དེ་རིང་སྔ་དྲོ་སྤེལ་འདུག །དྲྭ་ཚིགས་གསར་པ་འདི་སྤྱད་དེ་ཅ་དགོས་འཚོལ་བཤེར་བྱེད་པ་དང་མཉམ་དུ་དེ་དག་གི་དྲི་མ་ཡང་འཐུལ་ཐུབ། ང་ཚོས་གུ་གུལ་སྤྱད་དེ་ད་ལྟ་ཕན་ཆད་གནས་ཚུལ་རྣམས་ཡི་གེ་དང་དཔར་བརྙན་ལས་མཁོ་སྒྲུབ་བྱེད་རྒྱུ་གཙོ་བོ་འཛིན་ཡོད་ཀྱང་། ད་དུང་གཅིག་ལྷག་ཡོད་པ་ནི་དྲི་མ་ཅི་འདྲ་ཡོད་དམ་སྙམ་པ་དེའི་ལན་རགས་ཐུབ་པའི་ཆེད་དུ་ཡིན།