Acronis True Image 2011/2012/2013

རྩིས་འཁོར་སྒྲིག་རིམ་གྱི་ཆ་ཤས་སམ་ཡོངས་རྫོགས་གྲབས་ཉར་ (backup) དང་བསྐྱར་གསོ་ (Restore) བྱེད་ཆེད་ཀྱི་མཉེན་ཆས་འདིའི་དམིགས་ཡུལ་གཙོ་བོ་ནི་རྩིས་འཁོར་ལ་དགེག་བར་མ་བྱུང་བའི་སྔ་རོལ་ནས་འདོག་ལེན་གྱི་གྲ་སྒྲིག་བྱ་ཆེད་ཡིན། ཆོས་ནི་མི་རྟག་པ་སོང་རྩིས་འཁོར་གྱི་སྐར་ཁུང་ལ་སྐྱོན་ཆགས་རིགས་བྱུང་མ་ཐག་དུས་ཡུན་ཐུང་ཐུང་དང་སེམས་པ་ལྷོད་ལྷོད་ངང་སྐར་ཁུང་དང་དེའི་ནང་གི་མཉེན་ཆས་ཡོངས་རྫོགས་བསྐྱར་གསོ་ཐུབ་ཀྱི་ཡོད།

རྩིས་འཁོར་སྒྲིག་རིམ་གྱི་ཆ་ཤས་སམ་ཡོངས་རྫོགས་གྲབས་ཉར་ (backup) དང་བསྐྱར་གསོ་ (Restore) བྱེད་ཆེད་ཀྱི་མཉེན་ཆས་འདིའི་དམིགས་ཡུལ་གཙོ་བོ་ནི་རྩིས་འཁོར་ལ་དགེག་བར་མ་བྱུང་བའི་སྔ་རོལ་ནས་འདོག་ལེན་གྱི་གྲ་སྒྲིག་བྱ་ཆེད་ཡིན། ཆོས་ནི་མི་རྟག་པ་སོང་རྩིས་འཁོར་གྱི་སྐར་ཁུང་ལ་སྐྱོན་ཆགས་རིགས་བྱུང་བའི་དབང་དུ་བཏང་ཡང་ཁྱེད་ཀྱིས་དུས་ཡུན་ཐུང་ཐུང་དང་སེམས་པ་ལྷོད་ལྷོད་ངང་སྐར་ཁུང་དང་དེའི་ནང་གི་མཉེན་ཆས་ཡོངས་རྫོགས་བསྐྱར་གསོ་ཐུབ་ཀྱི་ཡོད།

སྐར་ཁུང་གྲབས་ཉར་དང་བསྐྱར་གསོ་བྱེད་ཆེད་ཀྱི་མཉེན་ཆས་ལེགས་གྲས་བཅུ་ཕྲག་ལྷག་གུས་པས་སྤྱད་མྱོང་ཡང་ Acronis ཚོང་རྭས་བཟོས་པའི་མཉེན་ཆས་དེ་ལེགས་ཤོས་ཞིག་ཏུ་མཐོང་། རྒྱུ་མཚན་གཙོ་བོ་གསུམ་ཡིན། དང་པོ་བེད་སྤྱོད་བཏང་བདེ་བ་དང་། གཉིས་པ་བསྐྱར་གསོ་དང་གྲབས་ཉར་ཆེད་འདེམས་ག་མང་བ། གསུམ་པ་ universal restore ཞེས་པའི་མཐུན་རྐྱེན་གསར་པ་བཅས་གསུམ་ཡིན། གཤམ་ལ་མཉེན་དེའི་སྐོར་ང་ཚོས་ཏོག་ཙམ་རྒྱུས་ལོན་བྱེད་ན།

ཡིག་ཆ་དང་ཡིག་ཁུག་གྲབས་ཉར།

མཉེན་ཆས་འདི་སྤྱད་ནས་རྩིས་འཁོར་ནང་ཡོད་པའི་ཡིག་ཆ་དང་ཡིག་ཁུག་རྣམས་གྲབས་ཉར་བྱེད་རྒྱུ་ཡོད། གྲབས་ཉར་བྱེད་སྟངས་ལ། ཡིག་ཆ་ཆ་ཚང་ཐེངས་གཅིག་གྲབས་ཉར་དང། དུས་ཚོད་གཏན་འབེབ་ཐོག་གྲབས་ཉར་རང་འགུལ་གྱིས་བྱེད་པ། དུས་ངེས་མེད་དུ་གྲབས་ཉར་སོགས་ཡོད། གྲབས་ཉར་བྱས་ཟིན་པའི་ཡིག་ཆ་རྣམས་རང་ཉིད་མཐེབ་སྡེར་རམ། སྲ་སྡེར། འོད་སྡེར། སྤྲིན་སྡེར་སོགས་ཀྱི་ནང་ཉར་ཚགས་བྱེད་རྒྱུ་ཡོད། རྩིས་འཁོར་དང་ཡིག་ཆར་སྐྱོན་ཤོར་བ་བྱུང་ན་ཡིག་ཆ་དེ་དག་བསྐྱར་གསོ་བྱེད་ཐུབ།

རྩིས་འཁོར་སྒྲིག་རིམ་ཡོངས་གྲབས་ཉར།

རྩིས་འཁོར་གྱི་སྐར་ཁུང་དང་། དེའི་ནང་སྒྲིག་འཇུག་བྱས་པའི་མཉེན་ཆས། སྒྲིག་རིམ་ཡོངས་རྫོགས་ཀྱི་འདྲ་བཤུས་གཅིག་གྲབས་ཉར་བྱ་རྒྱུ་ཡོད། དེས་རང་ཉིད་ཀྱི་རྩིས་འཁོར་ལ་འགོད་ཆགས་བྱུང་མ་ཐག་རྩིས་འཁོར་གྱི་སྐར་ཁུང་དང་མཉེན་ཆས་ཆ་ཚང་སྔར་གྱི་གནས་སྟངས་ཐོག་བསྐྱར་གསོ་ཐུབ།

དྲྭ་སྟེང་དུ་གྲབས་ཉར།

མཉེན་ཆས་དེ་སྤྱད་དེ་ཡིག་ཆ་དང་སྐར་ཁུང་ཡོངས་ Acronis དྲྭ་རྒྱའི་ཐོག་གྲབས་ཉར་བྱེད་རྒྱུ་ཡོད། ཞབས་ཞུ་དེ་སྤྱད་པར་དྲྭ་ཚིགས་འདི་གར་དེབ་སྐྱེལ་བྱེད་དགོས་པ་དང་། མཉེན་ཆས་དེ་སྒེར་གྱིས་ཉོས་པ་ཞིག་ཡིན་དགོས།

Universal Restore

དེ་ནི་ངའི་དགའ་ཤོས་ཀྱི་ལག་ཆ་ཞིག་ཀྱང་ཡིན། གལ་ཏེ་སྐར་ཁུང་ལ་གྲབས་ཉར་མེད་པ་དང་། རྩིས་འཁོར་ལ་སྐྱོན་ཤོར་བ་ན། སྐར་ཁུང་དང་དགོས་མཁོའི་མཉེན་ཆས་ཡོངས་བསྐྱར་འཇུག་བྱེད་དགོས། དེ་ནི་སྟོད་སྒལ་ན་དགོས་པ་དང་། དུས་ཚོད་ཡང་མང་པོ་འཕྲོག་བརླག་འགྲོ་གཞིར་འགྱུར་སྲིད། དེར་བརྟེན་ཉིན་ཤས་གུ་གུལ་རྒྱུད་དཔྱད་ཞིབ་དང་ཐབས་ཤེས་སྣ་མང་ཚོད་ལྟ་བྱེད་པའི་རྒྱུད་རྩིས་འཁོར་གྱི་མ་ལག་(hardware)མི་འདྲ་ཡང་རྩིས་འཁོར་ཀ་པའི་འདྲ་བཤུས་གཅིག་༼འདྲ་བཤུས་འདིའི་ནང་སྐར་ཁུང་༧ དང་། མཉེན་ཆས་དཔེར་ན། Adobe Suite CS6, Office 2010 Suite, Monlam Bodyig 3, Monlam Dictionary, Google Chrome སོགས། མཉེན་ཆས་རེ་རེ་བྱས་ནས་སྒྲིག་འཇུག་བྱེད་པར་ཉི་མོ་གང་འགོར་སྲིད། ༽རྩིས་འཁོར་ཁ་པའི་ཐོག་སྐར་མ་ ༡༥ ནང་ཚུད་འཕོས་ཐུབ་པའི་ཐབས་ཤེས་ལེགས་པོ་གཅིག་རྙེད་སོང་ལ་ལག་བསྟར་བྱེད་པའི་རྒྱུད་གྲུབ་འབྲས་ལེགས་པོ་ཐོན་སོང།

དེ་ལྟར་ཡོང་ཐུབ་པ་ནི་ Acronis True Image 2011 ཐོན་རིམ་ནས་འགོ་བཙུགས་ཏེ་ universal restore ཞེས་པའི་མཐུན་རྐྱེན་གསར་པ་ཞིག་སྦྱོར་པའི་དབང་གིས་ཡིན། དེ་སྔ་ Acronis  True Image 2010 ལྟ་བུ་རྩིས་འཁོར་ཀ་པའི་གྲབས་ཉར་དེ་རྩིས་འཁོར་ཀ་པ་རང་ལ་མ་གཏོགས་བསྐྱར་གསོའི་ཆེད་བེད་སྤྱོད་མེད། universal restore གྱིས་རྩིས་ཀ་པའི་གྲབས་ཉར་དེ་རྩིས་འཁོར་འཁོར་ཆས་མི་འདྲ་བ་ཅི་ཞིག་གི་ཐོག་འཇུག་པའམ་བསྐྱར་གསོའི་ཆེད་བེད་སྤྱོད་ཐུབ་པ་ཡིན།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: Acronis True Image 2011/2012/2013
Acronis True Image 2011/2012/2013
རྩིས་འཁོར་སྒྲིག་རིམ་གྱི་ཆ་ཤས་སམ་ཡོངས་རྫོགས་གྲབས་ཉར་ (backup) དང་བསྐྱར་གསོ་ (Restore) བྱེད་ཆེད་ཀྱི་མཉེན་ཆས་འདིའི་དམིགས་ཡུལ་གཙོ་བོ་ནི་རྩིས་འཁོར་ལ་དགེག་བར་མ་བྱུང་བའི་སྔ་རོལ་ནས་འདོག་ལེན་གྱི་གྲ་སྒྲིག་བྱ་ཆེད་ཡིན། ཆོས་ནི་མི་རྟག་པ་སོང་རྩིས་འཁོར་གྱི་སྐར་ཁུང་ལ་སྐྱོན་ཆགས་རིགས་བྱུང་མ་ཐག་དུས་ཡུན་ཐུང་ཐུང་དང་སེམས་པ་ལྷོད་ལྷོད་ངང་སྐར་ཁུང་དང་དེའི་ནང་གི་མཉེན་ཆས་ཡོངས་རྫོགས་བསྐྱར་གསོ་ཐུབ་ཀྱི་ཡོད།
http://3.bp.blogspot.com/-hdMg9QFFIv0/UV17L6R-r1I/AAAAAAAAFQ8/Pj_-44qKHIc/s1600/acronis_true_image2013.jpg
http://3.bp.blogspot.com/-hdMg9QFFIv0/UV17L6R-r1I/AAAAAAAAFQ8/Pj_-44qKHIc/s72-c/acronis_true_image2013.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2013/04/acronis-true-image-201120122013.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2013/04/acronis-true-image-201120122013.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy