Free Android AntiVirus

ཁྱེད་ཀྱིས་ (android) ཨེན་ཌྱོའི་སྤྱད་ཀྱི་ཡོད་དམ། ཨེན་ཌྱོའི་ཁ་པར་རྒྱུད་དྲྭ་དུག་དང་གསང་འཛུལ་གྱི་གནས་ཚུལ་མང་ནས་མང་དུ་ཐོན་བཞིན་པ་དང་དུས་མཚུངས་ཚོང་ཁང་མང་པོ་ཞིག་གིས་ཨེན་ཌྱོའི་ཁ་པར་ཆེད་དྲྭ་རྡུངས་(AntiVirus) དང་གསང་འཛུལ་འགོག་པའི་མཉེན་ཆས་ (AntiSpyware) རིགས་ཀྱང་ཚོང་རྒྱུགས་ཆེ་རུ་འགྲོ་བཞིན་འདུག །སྔར་རྩིས་འཁོར་ཆེད་དུ་དྲྭ་དུག་འགོག་པའི་མཉེན་ཆས་ NOD32 དང་། Avast , McAfee, AVG, Kespersky, Quick Heal དེ་དག་ཀྱང་ཨེན་ཌྱོའི་ཆེད་བཟོས་ཟིན་པ་དང་། རིན་གོང་ཆེ་ཙམ་སྤྲད་ནས་ཉོ་དགོས་ཀྱི་འདུག །གལ་ཏེ་ཁྱེད་ཀྱིས་རིན་མེད་ཐོག་མཉེན་ཆས་དེ་རིགས་འཚོལ་བཞིན་ཡོད་ན་ཁྱེད་ཀྱིས་དྲྭ་ཚིགས་འདིར་ཕེབས་པ་ཏག་ཏག་རེད།

དེ་ན་ཉིན་ཤས་ཨེན་ཌྱོའི་ཆེད་རིན་མེད་ཀྱི་དྲྭ་དུག་དང་གསང་འཛུལ་འགོག་པའི་མཉེན་ཆས་ལེགས་གྲས་རིགས་འཚོལ་བའི་རྒྱུད་འདིར་ཁ་ཤས་རྙེད་བྱུང་། འགྲོ་ལུགས་ལྟར་ཨེན་ཌྱོའི་ཁ་པར་ནང་ AntiVirus མཉེན་ཆས་གཅིག་ལས་སྒྲིག་འཇུག་བྱེད་རྒྱུ་མེད་པ་ཤེས་གསལ་ལགས།

རིན་མེད་ Android AntiVirus

གཤམ་ལ་གུས་པས་ཨེན་ཌྱོའི་ཆེད་རིན་མེད་དུ་ཕབས་ལེན་ཆོག་པའི་དྲྭ་རྡུངས་མཉེན་ཆས་དང་། དེ་དག་སོ་སོའི་དྲྭ་ཚིགས་ཨ་མ། Google Play རྒྱུད་ཕབས་ལེན་བྱེད་སའི་དྲྭ་ཐག །ཨེན་ཌྱོའི་རིམ་པ་གང་ལ་མཉེན་ཆས་དེ་སྤྱོད་ཆོག་པ། ཕབས་ལེན་གྱི་ཡིག་ཆ་ཆེ་ཆུང་རོབ་ཙམ་བཀོད་ཡོད་པས་རང་ཉིད་ཀྱི་འདོད་མོས་ལྟར་གཅིག་ལེན་ན་འགྲིགས།

ཨེན་ཌྱོའི་དྲྭ་རྡུངས་མཉེན་ཆས། ལེགས་གྲས་སྐར་མ། དྲྭ་ཚིཊ་ཨ་མ། ཕབས་ལེན་དྲྭ་ཚིཊ། ཨེན་ཌྱོའི་རིམ་པ། ཡིག་ཆ་ཆེ་ཆུང་།
Avast! Mobile Security 2.0.4304
9/10


2.1 > 5.4MB
Sophos Security & Antivirus 8/10 2.2 > 6.2MB
Dr. Web Antivirus Light 8/10 1.6 > 1.5MB
AVG Anti-Virus Free 7/10 1.5 > 5.6MB
Lookout Mobile Security 7/10 1.5 > 6.0MB
Comodo Mobile Security & Antivirus 6/10 2.2 > 3.2MB
Avast! Mobile Security 6/10 ??? > 5.4MB
Advanced Mobile Care 6/10 2.2 > 5.7MB

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག