Google Glass ༼ གུ་གུལ་མིག་ཤེལ། ༽

བརྡ་འཕྲིན་དང་བརྙན་དཔར་གྱི་མཐུན་རྐྱེན་འཛོམས་པའི་གུ་གུལ་མིག་ཤེལ་ཉོས་ནས་གྱོན་མཁན་ནི་ཆ་འཕྲིན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་གཏོད་མཁན་གྲས་སུ་བརྩི་ཆོག་ལ་ད་ལྟའི་སྤྱི་ཚོགས་ཀྱི་ངོས་ལེན་དང་བེད་སྤྱོད་བཏང་རྒྱུར་དཀག་འདོམས་མི་ཡོང་བ་བྱེད་རྒྱུའི་ཚོད་ལྟའི་དུས་རིམ་ཞིག་ཀྱང་ཆགས་ཡོད། མི་མང་དང་། ཁྲིམས་ལུགས་པ། བརྡ་ཁྱབ་སྤེལ་མཁན། འཕྲོད་བསྟེན་སློབ་སྟོན་པ་སོགས་ཀྱིས་བཟོ་བསྐྲུན་དེས་རྐྱེན་པས་མིའི་འཕྲོད་བརྟེན་དང་། བདེ་འཇགས། སྒེར་གྱི་གནས་ཚུལ་སྲུང་སྐྱོབས་ཐད་ལ་རེ་དྭོགས་འདྲ་མིན་ཡོང་གཞིར་འགྱུར་ཡོད།

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་གུ་གུལ་བཟོ་ཚོང་ཁང་གིས་ Google Glass ཞེས་པའི་མིག་ཤེས་ཞིག་ཚོང་རྭར་འགྲེམས་སྤེལ་བྱེད་ཡོད། མིག་ཤེལ་དེ་ལ་དྲྭ་རྒྱའི་མཐུན་རྐྱེན་ལྡན་པ་དང་། 1280X720 pixel ཐོག་བརྙན་པར་རྒྱག་ཐུབ་པ། 16GB Flash Storage ཅན་གྱི་བསོག་ཆས། 5MP གྱི་དཔར་ཆས། Bluetooth (སོ་སྔོན་པོ་) WiFi ། AudioRecord སྒྲ་འཛིན། ཉིན་མང་པོ་ལྡང་བའི་(battery)མེ་བཅས་ཀྱི་མཐུན་རྐྱེན་ལྡན་ཡོད།

གུ་གུལ་མིག་ཤེལ་གྱོན་མཁན་གྱིས་དུས་ངེས་མེད་དུ་རང་གི་མཐོང་ཆོས་སུ་འགྱུར་བ་རྣམས་ཕྲ་ཞིང་ཞིབ་པ་བརྙན་པར་ཐོག་ཉར་གསོག་ཐུབ་ཀྱི་ཡོད། མིག་ཤེལ་དེའི་མདུན་དུ་ཡོང་མཁན་མི་གཞན་ཞིག་ལ་ཆ་མཚོན་ན་དེས་དོགས་ཟོན་བྱེད་གཞིར་འགྱུར། གལ་ཏེ་མི་ཚང་མས་མིག་ཤེལ་བེད་སྤྱོད་བྱེད་ན་མི་དང་མི་དབར་གྱི་འབྲེལ་ལམ་དེ་ཡག་ཉེས་ཇི་བྱུང་ཤེས་ཚོད་ཐེགས་པར་དཀའ། ཡོ་རོབ་ཀྱི་མངའ་སྡེ་དང་། སྒེར་གཉེར་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཁ་ཤས་ཀྱིས་གུ་གུལ་མིག་ཤེལ་དེ་རིགས་བེད་སྤྱོད་བཏང་མི་ཆོག་པའི་བཀག་སྡོམ་གཏན་འབེབས་བྱེད་རྩིས་ཡོད།

མི་མང་གི་བདེ་འཇགས་ལ་གཞིགས་ན། ལག་ཐོག་ཁ་པར་དང་། རྣ་ཅུད་ཁ་པར། ipod, tablet སོགས་བེད་སྤྱོད་བྱས་ནས་འགྲུལ་ལམ་དུ་བརྡབ་སྐྱོན་དང་འཆི་རྐྱེན་གྱི་བརྒྱ་ཆ་ཧ་ཅང་མཐོ་པོ་ཡིན། གུ་གུལ་མིག་ཤེལ་དེ་དེ་གོང་གི་འཕྲུལ་ཆས་ལས་རང་གཞན་གཉིས་ཀའི་བདེ་འཇགས་ལ་གནོད་ཤུགས་ཆེ་བ་ཡོད་པའི་ཚོད་དཔག་ཐུབ་ཡོད།

ད་ལྟ་ཕན་ཆད་ང་ཚོའི་སྒེར་གྱི་གནས་ཚུལ་ཕོན་ཆེན་ཞིག་གུ་གུལ་གྱི་ཡིག་མཛོད་ (server) ཐོག་ཉར་གྱི་ཡོད་ལ་ད་དུང་གུ་གུལ་མིག་ཤེལ་གྱིས་ལོན་པའི་བརྙན་སྒྲ་དཔར་གསུམ་གྱིས་མི་སྒེར་གྱི་གནས་ཚུལ་མཁོ་འདོན་ཤུགས་ཚད་ཚད་ལས་རྒལ་ཡོང་གི་ཡོད་དུས་ཡོ་རོབ་གྲོས་ཚོགས་ཀྱིས་སྒེར་གྱི་གནས་ཚུལ་བདག་དབང་དང་འབྲེལ་བའི་ཉེན་འཛུགས་བྱེད་གཞིར་འགྱུར་ཟིན་ཡོད། ད་ལྟ་མིག་ཤེལ་ ༧༠༠༠ ལྷག་ཙམ་འགྲེམས་སྤེལ་ཟིན་པ་དང་གཞན་ཁག་མང་པོ་ཞིག་རྟག་དཔྱད་སྤུས་ཀ་ལེགས་གཏོང་གི་ཚོད་ལྟའི་ཐོག་བཞག་ཡོད།

གུ་གུལ་མིག་ཤེལ་བཟོ་མཁན་སྐུ་ཞབས་ སར་གྷི། བི་རཱིམ་གྱིས་ཐོན་རྫས་གསར་པ་དེའི་སྐོར་འགྲེལ་བཤད་ལ་གཟིགས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *