Google Nose? དྲི་མ་བསྣོན་རོགས། ཧ་ཧ་ཧ།

དེ་རིང་ནི་དམིགས་བསལ་གྱི་ཉི་མ་ཞིག་རེད། དེར་བརྟེན་གུ་གུལ་གྱིས་ Google Nose ཞེས་པའི་ཚོད་ལྟ་ཐོག་ཡོད་པའི་ཞབས་ཞུའི་དྲྭ་ཚིགས་དེ་དེ་རིང་སྔ་དྲོ་སྤེལ་འདུག །དྲྭ་ཚིགས་གསར་པ་འདི་སྤྱད་དེ་ཅ་དགོས་འཚོལ་བཤེར་བྱེད་པ་དང་མཉམ་དུ་དེ་དག་གི་དྲི་མ་ཡང་འཐུལ་ཐུབ། ང་ཚོས་གུ་གུལ་སྤྱད་དེ་ད་ལྟ་ཕན་ཆད་གནས་ཚུལ་རྣམས་ཡི་གེ་དང་དཔར་བརྙན་ལས་མཁོ་སྒྲུབ་བྱེད་རྒྱུ་གཙོ་བོ་འཛིན་ཡོད་ཀྱང་། ད་དུང་གཅིག་ལྷག་ཡོད་པ་ནི་དྲི་མ་ཅི་འདྲ་ཡོད་དམ་སྙམ་པ་དེའི་ལན་རགས་ཐུབ་པའི་ཆེད་དུ་ཡིན།
དཔེར་ན་ Google Nose སྤྱད་དེ་ཁྱེད་ཀྱིས་འཆར་ཆས་ (web browser) ཀྱི་ངོས་ལས་རྒྱ་སེར་མེ་ཏོག་གཅིག་མཐོང་རྒྱུ་ཡོད་པ་དང་དེའི་དྲི་མ་ཡང་སྣོམ་རྒྱུ་ཡོད་པ་དེ་ཡིན། ཅ་དངོས་སོ་སོའི་དྲི་མ་ཇི་ལྟར་འཐུལ་ཐུབ་ཡིན་ནམ་སྙམ་ན་དེ་ནི་འོད་རྡུལ་ photon དང་ infrasound wave གཉེས་བསྡེབས་པ་ལས་དྲི་མ་ཆ་འདྲ་བའི་ molecule ཞིག་འཕྱུར་ཡོང་བ་ཡིན།

Google Nose ལ་ཕེབས་ནས་ཚོད་ལྟ་ཞིག་མི་བྱེད་དམ། གལ་ཏེ་དྲི་མ་འཐུལ་ཐུབ་ན་དེ་ནི་ཁྱད་མཚར་རེད།


1 མཆན་གྲངས།:

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *