Office 2013 ༼ ཡིག་ཚང་མཉན་ཆས་ ༢༠༡༣ ༽

དེ་རིང་ངས་ཡིག་ཚང་མཉེན་ཆས་ ༢༠༡༣ ཐོན་རིམ་གསར་ཤོས་དེ་དྲྭ་རྒྱའི་རྒྱུད་ཕབས་ལེན་སྒྲུབ་རྗེས་ཚོད་ལྟ་ཞིག་བྱས། དངོས་གནས་བཟོ་བཀོད་ནི་སྔར་ལས་གྲལ་སྒྲིག་པ་དང་ཡིད་དབང་ཤོར་དགོས་པ་སྤྱོད་བདེ་བ་འདུག །མཉེན་ཆས་ཀྱི་ངོ་སྤྲོད་རྩོམ་ཡིག་འདི་ཡང་ Word2013 དེ་རང་སྤྱད་དེ་དྲྭ་གྲོགས་ལྷན་རྒྱས་ཆེད་དབུགས་ཐེངས་གཅིག་གིས་བྲིས་ཐལ།

Office 2013 Suite མཉེན་ཆས་ཆ་ཚང་ལ་ 670MB ལས་མེད་པས་དྲྭ་ལམ་རྒྱུད་འགྲེམས་སྤེལ་དང་ཕབས་ལེན་བྱེད་བདེར་སོང་འདུག Word དང་ Excel , PowerPoint , Outlook, Access རྣམས་ཀྱི་བྱེད་ལས་རང་སོར་བཞག་པའི་སྟེང་མཐུན་རྐྱེན་གསར་པ་ཡང་ཁ་གནོན་བྱེད་ཡོད་པས་གཤམ་ལ་རྒྱས་པར་བཀོད།

གལ་ཏེ་ Microsoft Office 2013 ཡིག་ཚང་ ༢༠༡༣ ཕབས་ལེན་དགོས་ན་འདིར་གནོན།

Word 2013 – ཡིག་ཆའི་རྣམ་བཞག་ PDF རྣམས་ Word2013 ནང་ཐད་ཀར་ཁ་ཕྱེ་ནས་བཟོ་བཅོས་བརྒྱག་པ་དང་དེ་ནས་ PDF ཐོག་ཡང་བསྐྱར་ཉར་ཚགས་བྱེད་ཐུབ། དཔར་དང་འབྲེལ་བའི་འདེམས་བྱའི་རྣམ་པ་གསར་པ་དང་། Insert Image,  Live Layout , དེ་བཞིན་ (Insert Video) གློག་བརྙན་ཡང་འཇོག་རྒྱུ་ཡོད།

Excel 2013 – Excel ནང་སྔར་ལས་ལྷག་པའི་འགྱུར་བ་བཏང་ཡོད། འགྱུར་བ་གསར་པ་གཅིག་ནི་ FlashFill ཟེར་བ་དང་། དེས་ཕྲད་བསྟར་ནང་ཡོད་པའི་གྲངས་ཐོ་མྱུར་མོས་བཀང་ཐུབ། གྲངས་ཀྱི་རིའུ་མིག་ Chart བཟོ་བཀོད་བྱེད་བདེ་དང་འདེམས་ཀ་མང་དུ་བཏང་ཡོད་པས་རྩིས་གཞི་དང་འབྲེལ་བའི་འགྲེལ་བཤད་ཡག་ཏུ་བཏང་ནུས།

Outlook 2013 – གློག་འཕྲིན་རྒྱུད་ཡིག་འབྲེལ་གྱི་དམིགས་གཏན་གཙོ་བོར་ཟིན་པའི་ Outlook 2013 ནང་དུའང་ཡར་རྒྱས་མང་དག་ཞིག་མཐོང་རྒྱུ་ཡོད། དང་པོ་དེ་ནི་དྲྭ་རྒྱའི་རྒྱུད་ Hotmail ནང་གི་གློག་འཕྲིན་འབྲི་ས་དང་གཅིག་མཚུངས་བཟོས་ཡོད། གློག་འཕྲིན་ཁ་བྱང་ཉར་ཚགས་དང་། གློག་འཕྲིན་གསར་པ་འབྱོར་བ་དང་ཁ་བསྔོག་མི་དགོས་པར་ཐད་ཀར་ཀློག་ཐུབ་པ་མ་ཚད་འཕྲིན་ལན་དེ་མ་ཉིད་དུ་སློགས་རྒྱུ་ཡོད། དེ་བཞིན་ལོ་ཐོ་ (Calendar) དང་ཉིན་རེའི་ལས་བྱ་ (Task) སོགས་སྟབས་བདེ་རུ་བཏང་འདུག
PowerPoint 2013 – གལ་ཏེ་སློབ་སྟོན་དང་འགྲེལ་བཤད་བྱེད་པའི་སྐབས་རང་ཉིད་ཀྱི་ Presentation དེ་དམིགས་བསལ་དང་ཡིད་དབང་འགུག་ནུས་པ་ཞིག་བཟོ་འདོད་ན་ PowerPoint2013 སྤྱད་དང་། ནང་དོན་གྱི་དཔེ་རིས་ལ་གཞིགས་པའི་མཚོན་མདོག་འདེམས་བྱེད་ Eye Dropper གྱི་ལག་ཆ་གསར་དུ་གནོན་ཡོད་ཁར་བཟོ་བཀོད་སྤུས་ཀ་ལེགས་གཏོང་གི་འདེམས་བྱང་ཡང་ལེགས་བཅོས་བྱེད་ཡོད། རང་ཉིད་ཀྱི་ Presentation དེ་ MP4 གི་ཡིག་ཆའི་རྣམ་བཞག་ཐོག་བཟོ་རྒྱུ་ཡང་འདུག

ཡིག་ཚང་མཉེན་ཆས་དེ་དག་རེ་རེ་ལ་ཡར་རྒྱས་དང་འགྱུར་བ་བཏང་ཡོད་པ་དང་སྦྲགས་ཡིག་ཚང་མཉེན་ཆས་ཐོན་རིམ་འདིའི་ནང་ཕྱོགས་ཡོངས་ཀྱི་འགྱུར་བའང་གང་འཚམས་ཐེབས་ཡོད་པ་ནི།
༺ ཐོད་ཀྱི་ FILE གནོན་སའི་སྡེ་ཚན་ནང་མངོན་གསལ་འདོད་པོའི་འགྱུར་བ་མང་པོ་ཞིག་བཏང་ཡོད།
༺ ཡིག་ཚང་གཉེན་ཆས་དེ་ནས་དྲྭ སྟེང་དུ་ཡོད་པའི་དཔེ་དཔང་ (Template) དང་པར་རིས་ (image/clipArt) སྟོང་ཕྲག་ལྷག་ཕབས་ལེན་བདེ་རུ་བཏང་ཡོད།
༺ Ribbon ཞེས་པའི་ལག་ཆ་འཇོག་སའི་སྡེ་ཚན་ཆ་ཚང་གྲལ་བསྟར་སྒྲིག་པོ་དང་། Ribbon Display Option འདེམས་ག་གསར་པ་གནོན་ཡོད།
༺ བཟོས་ཟིན་པའི་ཡིག་ཆ་རྣམས་ SkyDrive དྲྭ་སྟེང་དུ་འཇོག་ཐུབ་པ་དང་། རྩིས་འཁོར་དང་ལག་ཐོག་གློག་ཆས་འདྲ་མིག་ནང་བསྔོག་ཐུབ་པ།
༺ ཡིག་ཆ་གཅིག་གི་ཐོག་མི་གཅིག་གིས་དུས་གཅིག་ལས་བཟོ་བའམ། ཡིག་ཆ་གཅིག་གི་ཐོག་མི་མང་པོ་མཉམ་རུབ་ཀྱིས་བཟོ་བཅོས་བྱེད་ཐུབ་པ།
༺ ཡིག་ཆ་གང་ཞིག་གི་ཐོག་གསང་ཨང་ (password) བཏགས་ཀྱང་ཐོན་རྙིང་པའི་ཡིག་ཚང་མཉེན་ཆས་ལས་བཙན་པ་ཡོད།
ཡིག་ཚང་མཉེན་ཆས་ཟེར་དུས་ Word , Excel , PowerPoint དེ་དག་ཙམ་དུ་མ་ཟད་ད་དུང་ OneNote2013 དང་ Project2013, Publisher2013, Lync2013, Visio2013, InfoPath2013 སོགས་ལ་རང་རང་གི་བྱེད་ལས་དམིགས་བསལ་རེ་ཡོད་པ་དང་དེ་དག་འགྱུར་བ་མི་ཉུང་བ་ཞིག་ཐེབས་ཡོད་པས་གཉེན་ཆས་དེ་ཚོ་ཡང་གཟིགས་པར་འཚལ།

Comments

 1. ཁྱེད་ཀྱིས་ཟིན་བྲིས་འདིའི་ནང་དུ་ཡིག་ཚང་མཉེན་ཆས་ ༢༠༡༣ ཕབལེན་བྱེད་ས་ཡོད་པ་མ་ཟད་གསང་གྲངས་ཡང་ཡོད་ཟེར་ནས་གསལ་བོ་ཞི་ག་བྲིས་འདུག་ཀྱང་མི་རག་པས་ལས་སྟོན་ཞིག་གང་འགྱོགས་བྱེད་རོགས

  ReplyDelete
  Replies
  1. སྒེར་གྱི་ལས་དོན་མང་པོས་རྐྱེན་གྱིས་ཕབས་ལེན་བྱེད་སའི་སྐོར་བཀོད་རྒྱུ་ལྷག་འདུག །ཁྱེད་ཀྱིས་དྲན་སྐུལ་གནང་བར་ཐུགས་རྗེ་ཆེ། ཕབས་ལེན་བྱེད་ས་དང་བྱེད་སྟངས་སྐོར་འཁོད་པའི་ཟིན་བྲིས་ཀྱང་བཀོད་ཡོད། ཡང་ཡང་ཕེབས་པར་དགའ་བསུ་ཞུ།

   ཡིག་ཚང་ ༢༠༡༣ མཉེན་ཆས་ཕབས་ལེན་དགོས་ན་འདིར་གཟིགས།
   http://sonamdawa.blogspot.in/2013/05/blog-post.html

   ཕབས་ལེན་བྱེད་སྐབས་ Torrent Client སྤྱད་དགོས། མཁྱེན་འདོད་ན་གཤམ་གྱི་དྲྭ་ཚིགས་ལ་གཟིགས།
   http://sonamdawa.blogspot.in/2013/05/torrent.html

   Delete

Post a Comment

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག