Trojan Virus ཨེན་ཌྱོའི་ཁ་པར་ནང་ཤོར་བ།

བདུན་ཕྲག་སྔོན་མའི་ནང་ Kaskpersky ཞེས་པའི་དྲྭ་དུག་བརྟག་དཔྱད་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན་ Trojan Virus ཞིག་ཨེན་ཌྱོའི་ཁ་པར་ནང་གསང་འཛུལ་བྱས་རྗེས་གནས་ཚུལ་རྣམས་རྒྱ་ནག་ལ་སྐྱེལ་གྱི་ཡོད་པ་དང་དྲྭ་དུག་དེ་དམིགས་ས་ནི་བོད་དང་ཡུ་གུར་བ་གཉིས་ཆགས་ཡོད་ཟེར། སྤྱིར་གློག་ཀླད་རྒྱུད་དེ་དྲྭ་དུག་དང་གསང་འཛུལ་གྱི་གནས་ཚུལ་མང་དག་ཞིག་མུ་མཐུད་ཐོན་མུས་ཡིན་ཀྱང་ད་རེས་ཀྱི་ Trojan Virus ཞིག་གིས་ཨེན་ཌྱོའི་ཁ་པར་ནང་གསང་འཛུལ་ཐུབ་པ་དེ་ནི་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

ད་རེས་ཀྱི་གསང་འཛུལ་བྱུང་གཞི་ནི་ཨེན་ཌྱོའི་མཉེན་ཆས་ Kakao Talk རྫུས་མ་ཆ་འདྲ་བ་ཞིག་ཕབས་ལེན་དང་ནང་འཇུག་བྱེད་ནས་བྱུང་བ་ཡིན། Kakao Talk མཉེན་ཆས་དེའི་བྱེད་ལས་ནི་དེ་སྔོན་རྒྱ་ནག་གིས་གཉེར་བའི་ weChat དང་འདྲ་བ་དང་། མི་ཚང་མས་ weChat ལེགས་པོ་མེད་པ་དང་དེ་ནི་སྒེར་གྱི་གནས་ཚུལ་རྒྱ་ནག་ལ་ཤོར་གྱི་ཡོད་སྐོར་ནན་བཤད་བྱེད་པར་བརྟེན་ Kakao Talk བེད་སྤྱོད་བཏང་ཤུགས་ཆེ་རུ་སོང་བ་ཡིན། རྒྱ་ནག་གིས་ཕལ་ཆེར་གོ་སྐབས་དེ་སྤྱད་ཡོད།

Trojan Virus དེ་རིགས་རང་འགུལ་གྱིས་འཛུལ་མི་ཐུབ། ཕལ་ཆེ་བ་ཡིད་སྟོན་མེད་པའི་མཉེན་ཆས་རིགས་རང་ཉིད་ཀྱི་ཨེན་ཌྱོའི་ཁ་པར་ནང་ཕབས་ལེན་དང་སྒྲིག་འཇུག་(install)བྱས་པ་ལས་བྱུང་། གསང་འཛུས་ཆེད་དུ་བཟོས་པའི་མཉེན་ཆས་དེ་རིགས་ཀྱིས་ཁྱེད་ཀྱི་མཆོག་མཆན་སློང་པའི་སྲོལ་ཞིག་ཡོད། གལ་ཏེ་མཆོག་མཆན་སྤྲད་ཤོར་ན་སྒེར་གྱི་གནས་ཚུལ་གཞན་གྱིས་མཁོ་བཏོན་བྱེད་པའི་སྒོ་མོ་འབྱེད་པ་རེད།

གསང་འཛུལ་ཐེབས་རྗེས་ཁ་པར་ནང་ཡོད་པའི་ཡིག་ཆ་དང་། སྒེར་གྱི་གནས་ཚུལ། རང་ཉིད་ས་ཕྱོགས་གང་དུ་ཡོད་མེད། ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་སོགས་དོ་དག་གིས་མ་ཤེས་པར་བརྐུ་འཁྱེར་བྱེད་ཐུབ། དྲྭ་དུག་དེས་ད་དུང་ཁྱབ་བརྡལ་འགྲོ་ཆེད་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་སྤྱད་དེ་གཞན་ལ་གསང་བའི་སྒོ་ནས་གློག་འཕྲིན་བཏང་སྲིད།

དེར་བརྟེན་ཨེན་ཌྱོའི་སྤྱོད་མཁན་གྱི་བོད་རིགས་གྲོགས་པོ་རྣམས་གཟབ་ནན་བྱེད་དགོས་པ་དང་། རང་ཉིད་ཀྱི་ཁ་པར་ནང་དྲྭ་དུག་དགོག་པའི་ Mobile AntiVirus མཉེན་ཆས་འཇུག་རྒྱུ་བཙིགས་སུ་འཛིན་དགོས་སྙམ། རིན་མེད་ཐོག་ཕབས་ལེན་བྱེད་དགོས་ན་དྲྭ་ཚིགས་འདིར་ཕེབས་ http://sonamdawa.blogspot.in/2013/04/free-android-antivirus.html


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *