Posts

Showing posts from May, 2013

Youtube Creator Academy

Image
ཕྱི་ཟླ་ ༦ པའི་ཟླ་སྟོད་དུ་ youtube དྲྭ་རྒྱའི་རྒྱུད་ཡུ་ཊུབ་གློག་བརྙན་བཟོ་བསྐྲུན་དང་གློག་བརྙན་སྤུས་ལེགས་གཏོང་ཐབས་དེ་བཞིན་སྐད་གྲགས་ཡོང་བའི་ཐབས་ཤེས་སྣ་མང་སློབ་སྟོན་བྱེད་རྒྱུ་ཡིན་འདུག །སློབ་ཚན་མཐོ་བཀོད་དང་རྒྱས་པ་གཤམ་གྱི་དྲྭ་ཚིགས་ཐོག་གནོན།
Youtube Creator Academy
Youtube Playbook

Library of Tibetan Works and Archives Banner

Image

Window Movie Maker

Image
Window Movie Maker ནི་སྐར་ཁུང་མ་ལག་དང་མཉམ་སྡེབས་ཐོག་ཡོད་པའི་གློག་བརྙན་བཟོ་བྱེད་ཀྱི་མཉེན་ཆས་ལེགས་གྲས་ཤིག་ཡིན། གློག་ཀླད་ཐོག་གོམ་པ་དང་པོ་སྤོ་མཁན་ཞིག་ལ་ཆ་མཚོན་ན་གློག་བརྙན་བཟོ་སྟངས་ཧ་ལམ་སྟབས་བདེ་པོའི་ངང་ཤེས་རྒྱུ་ཞིག་ཡོད། སྐར་ཁུང་ XP ནང་ Movie Maker འདི་རང་སྒྲིག་ཡོད་ཀྱང་། གསར་དུ་ཐོན་པའི་སྐར་ཁུང་ ༧ དང་ ༨ པའི་ནང་མེད་པ་དེ་འདྲ་ཡང་འདུག །དེར་བརྟེན་རང་ཉིད་ཀྱི་སྐར་ཁུང་ནང་མཉེན་ཆས་ཡག་པོ་དེ་མེད་ན་འདིར་གུས་པས་ཕབས་ལེན་ཁུངས་སུ་བཞགས་ཡོད།

Torrent ཟེར་ན་གང་རེད།

Image
སྐབས་རེ་རང་ལ་དགོས་པའི་མཉེན་ཆས་དང་གློག་བརྙན། དེབ། གཞས་སོགས་དྲ་རྒྱའི་ཐོག་བཙལ་ནས་རང་གི་རྩིས་འཁོར་ནང་ཕབ་ལེན་བྱ་དགོས་པ་ཡོང་གི་ཡོད། ཡིག་ཆ་དང་མཉེན་ཆས་དེ་དག་ཆུང་ངུ་ཞིག་ཡིན་ན། དྲ་ངོས་ནས་ཐད་ཀར་ཕབ་ལེན་བྱ་ཐུབ། གློག་བརྙན་དང་མཉེན་ཆས་རིགས་ཅུང་ཆེན་པོ་ཞིག་ཡིན་ན།  (དཔེར་ན། ཉེ་ཆར་གསར་དུ་ཐོན་པའི་Adobe CS6 ཆ་ཚང་དང་། གློག་བརྙན་གསར་པ་ Iron Man 3 ལྟ་བུ།  ) དེ་རིགས་ཕབས་ལེན་དཀའ་བ་དང་། བར་ཆད་མང་བ། ཕབས་ལེན་ཟིན་ཀྱང་ཡིག་ཆ་བེད་མེད་འགྱུར་བ་སོགས་ཡོང་གི་ཡོད། དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་བའི་ཕབས་ལེན་བྱེད་སྟངས་དམིགས་བསལ་ཞིག་བཀོལ་གྱི་ཡོད་པས་དེ་ལ་ Torrent ཞེས་པ་དང་ད་རེས་འདིའི་སྐོར་ངོ་སྤྲོད་ཞུ།

དྲྭ་རྒྱའི་ཁམས་འདིའི་ནང་ཡིག་ཆ་སྣ་ཚོགས་དང་གློག་ཀླད་ཀྱི་ཡིག་ཆ་ཕོན་ཆེ་ཤོས་ཊོ་རེན་ (torrent sites) དྲ་སྟེངས་ཐོག་བཞག་ཡོད། ཊོ་རེན་དྲ་གནས་དེ་དག་ད་ཆ་ཡིག་མཛོད་དམ་རིག་མཛོད་ཞིག་ཏུ་འགྱུར་ཟིན། ཊོ་རེན་འཚོལ་སའི་དྲྭ་ཚིགས་སྐད་གྲགས་ཡོད་པ་ནི། www.mininova.org དང་ http://www.isohunt.com , http://www.thepiratebay.org , http://www.torrentz.com , http://extratorrent.com སོགས་གྲངས་ལས་འདས། ཊོ་རེན་དྲྭ་ཚིགས་དེ་དག་ནང་གློག་བརྙན་དང་། གཞས། ཡིག་ཆ། དཔར། མཉེན་ཆས་ས་ཡ་…