Posts

Showing posts from June, 2013

ཟིན་བྲིས་ངོས་སུ་སྒྲ་འཇོག་སྟངས། Sound Cloud + Blogger

Image
ད་ཕན་ང་ཚོས་ཟིན་བྲིས་ངོས་སུ་དཔར་དང་གློག་བརྙན་མང་པོ་བཀོད་ཡོད་ཀྱང་སྒྲ་དང་གླུ་གཞས་སོགས་གང་ཡང་བཞག་མེད། དེའི་རྒྱུ་མཚན་ནི་གུ་གུལ་ཟིན་བྲིས་རྭ་བའི་ནང་སྒྲ་ཐད་ཀར་བཞག་པའི་འདེམས་ཀ་མེད། དེར་བརྟེན་གལ་ཏེ་ངེས་པར་སྒྲ་དང་སྐད་སོགས་ཟིན་བྲིས་ངོས་སུ་བཅུག་དགོས་ན་དེ་ལྟར་བྱེད་ཐུབ་པའི་ཐབས་འཇུས་ལས་ལྷ་པོ་ཞིག་སྟོན་གྱི་ཡིན།
འདིར་དཔེ་མཚོན་ཙམ་དུ་གཞས་གཅིག་བཀོད་ཡོད། བཟོ་སྟངས་རྒྱས་པ་གཤམ་ལ་མུ་མཐུད་གཟིགས་རོགས།


Google Chrome སྤྱད་དེ་ ebook ཀློག་ཐབས།

Image
འདིར་གུས་པས་མཉེན་ཆས་དམིགས་བསལ་གང་ཡང་བསྟུན་མི་དགོས་པར་དྲྭ་མྱུལ་མཉེན་ཆས་ Chrome སྤྱད་དེ་དྲྭ་ཐོག་ཀྱི་འཕྲུལ་དེབ་ebook རྣམས་ཕབས་ལེན་དང་བལྟ་ཀློག་བྱེད་སྟངས་སྟབས་བདེ་བོ་ཞིག་སྟོན་གྱི་ཡིན། དེ་ཡང་དྲྭ་མི་མང་ཤོས་ Chrome སྤྱད་ཀྱི་ཡོད་ལ་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་གྲངས་ལས་འདས་ཡོད་པས་རྒྱས་པ་དྲྭ་སྣེ་འདི་ནས་གཟིགས། http://goo.gl/kAP5a

གློག་རྫས་ཀྱི་ནུས་པ་ཡུན་དུ་སྲིང་ཐབས་ལྔ།

Image
དེང་གློག་ཀླད་དང་ལག་ཐོག་ཁ་པར་ ipad སོགས་གློག་ཆས་ཅི་རིགས་སྤྱོད་བཞིན་ཡོད་ཀྱང་གཅིག་འགྱུར་གྱི་འདོད་བློ་མི་འཁང་བ་ཞིག་ནི་གློག་རྫས་ Battery ཀྱི་ནུས་པ་དུས་ཡུན་རིང་པོ་མི་འདང་བ་དང་ཡང་ཡང་གློག་སྐུད་མཐུད་དགོས་པའི་བསུན་སྣང་སྐྱེ་གཞི་དེ་ཡིན།  ཉེ་སྔོན་ཚན་རྩལ་གྱི་གསར་འགྱུར་ཞིག་གི་ནང་། ཨ་རིའི་གཙུག་ལག་སློབ་གྲྭའི་ (University of Illinois) ཚན་རིག་ཚོད་ལྟ་ཁང་ནས་གློག་རྫས་གསར་པ་ super-battery ཞེས་པ་སྤྱིར་བཏང་གི་གློག་རྫས་ལས་ལྡབ་ཆིག་སྟོང་གི་ནུས་ཤུགས་ཆེ་བ་ཞིག་གསར་གཏོད་ཐུབ་པའི་གསར་འགྱུར་ཞིག་མཐོང་བྱུང་།

Coco Voice

Image
Coco Voice གྱི་བྱེད་ལས་ནི་ weChat དང་གཅིག་པ་ཡོད། དེར་འགོད་དོན་གཙོ་བོ་ནི་ང་ཚོས་ weChat བེད་སྤྱོད་བྱེད་པའི་ཉེན་ཚབས་ཤེས་པའི་ཐོག་དེ་ཚབས་བྱེད་ཐུབ་པའི་མཉེན་ཆས་གཞན་ངོ་སྤྲོད་བྱེད་པའི་ཁུལ་ཡིན། iphone དང་ andriod ཅན་གྱི་ལག་ཐོག་ཁ་པར་ཚང་མའི་ནང་འཇུག་རྒྱུ་ཡོད། གཉན་ཆས་དེའི་ཕབས་ལེན་དྲྭ་ཚིགས་ནི་ http://cocovoice.com

Yahoo ཁ་བྱང་བདག་མེད་རྣམས་གཙང་བཟོ།

Image
ཉེ་ཆར་དྲྭ་ཚིགས་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན་ YAHOO གློག་འཕྲིན་ཞབས་ཞུ་བས་རྗེས་མའི་ཟླ་བའི་ནང་བེད་མེད་ཀྱི་གློག་འཕྲིན་ཁ་བྱང་རྣམས་གཙང་བཟོ་བྱེད་རྒྱུ་ཡིན་འདུག །གསལ་བསྒྲགས་འདི་ནི་དེ་རིང་རེས་གཟའ་ལྷག་པར་བསྐྱངས་ཡོད། གལ་ཏེ་ཁྱེད་ཀྱིས་Yahoo གློག་འཕྲིན་ཁ་བྱང་དེ་སྔ་བཟོས་ཡོད་པ་དང་ད་བར་ལོ་གཅིག་ལྷག་གཡུག་བཞག་པ་གང་ཞིག་ཡང་བསྐྱར་ login བྱེད་དེ་རང་ཉིད་ཀྱི་ yahoo ཁ་བྱང་བདག་དབང་བྱེད་རྒྱུའི་མཐའ་མའི་གོ་སྐབས་ཀྱང་ཡིན་འདུག ། གལ་ཏེ་ཁ་བྱང་མི་ཟུབ་པ་བྱེད་དགོས་ན་སྤྱི་ཟླ་ ༧ ཚེས་ ༡༥ ནང་ཚུལ་རང་ཉིད་ཀྱི་ yahoo ཁ་བྱང་ནང་ཐེངས་གཅིག་ངེས་པར་དུ་འཛུལ་ (login) དགོས། Yahoo གློག་འཕྲིན་ཞབས་ཞུ་བས་བེད་མེད་ཀྱི་ཁ་བྱང་ཇི་ཡོད་གསལ་པོ་མེད་ཀྱང་ཚོད་དཔག་ལྟར་ན་དེ་དག་གཙང་མ་བཟོ་བའི་དགོས་པ་ཆེན་པོ་མཐོང་།