གློག་རྫས་ཀྱི་ནུས་པ་ཡུན་དུ་སྲིང་ཐབས་ལྔ།

དེང་གློག་ཀླད་དང་ལག་ཐོག་ཁ་པར་ ipad སོགས་གློག་ཆས་ཅི་རིགས་སྤྱོད་བཞིན་ཡོད་ཀྱང་གཅིག་འགྱུར་གྱི་འདོད་བློ་མི་འཁང་བ་ཞིག་ནི་གློག་རྫས་ Battery ཀྱི་ནུས་པ་དུས་ཡུན་རིང་པོ་མི་འདང་བ་དང་ཡང་ཡང་གློག་སྐུད་མཐུད་དགོས་པའི་བསུན་སྣང་སྐྱེ་གཞི་དེ་ཡིན།  ཉེ་སྔོན་ཚན་རྩལ་གྱི་གསར་འགྱུར་ཞིག་གི་ནང་། ཨ་རིའི་གཙུག་ལག་སློབ་གྲྭའི་ (University of Illinois) ཚན་རིག་ཚོད་ལྟ་ཁང་ནས་གློག་རྫས་གསར་པ་ super-battery ཞེས་པ་སྤྱིར་བཏང་གི་གློག་རྫས་ལས་ལྡབ་ཆིག་སྟོང་གི་ནུས་ཤུགས་ཆེ་བ་ཞིག་གསར་གཏོད་ཐུབ་པའི་གསར་འགྱུར་ཞིག་མཐོང་བྱུང་།
གློག་རྫས་གསར་པ་འདི་ནི་ད་ལྟ་དང་མ་འོངས་ཀྱི་གློག་ཆས་རྣམས་ཀྱི་དགོས་མཁོའི་དང་མཚམས་ཡོད་ཀྱང་ད་ལྟ་བདེ་འཇག་དང་འབྲེལ་བའི་མཐའ་མའི་ཚོད་ལྟ་འགྲོ་བཞིན་ཡོད་ལ་རིང་མིན་ལོ་གཉིས་ཀྱི་ནང་ཚུད་ཚོང་རྭའི་ཐོག་གསལ་བསྒྲགས་དང་མི་ཚོས་བེད་སྤྱོད་བཏང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་འདུག །གནས་ཚུལ་འདི་ནི་གཏམ་བཟང་ཞིག་ཏུ་རྩིས་མཆོག་ཡང་གློག་རྫས་གསར་པ་དེ་ཚོང་རྭར་མ་སླེབས་བར་ད་ཡོད་ཀྱི་གློག་རྫས་རྣམས་རྒྱུན་རིང་དུ་སྲིང་བའི་ཐབས་ཤེས་ལྔ་འདིར་འཆད་རྒྱུ་ཡིན། ཐབས་ཤེས་དེ་དག་ཕྱོགས་སྐྱོད་དང་གློག་སྐུད་མཐུད་ས་རག་ཁག་པོ་ཡོད་པའི་སྐབས་ལག་ལྟར་ཐུབ་ན་དགེ་མཚན་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

དང་པོ། གློག་ཀླད་དང་ལག་ཐོག་ཁ་པར་སོགས་ཀྱི་གློག་རྫས་ལམ་སེང་མ་རྫོགས་པའི་ཐབས་ཤེས་ལས་ལྷ་ཤོས་ནི། རང་ཉིད་ཀྱི་འཆར་ཡོལ་འོད་གདངས་(Screen Brightness) དེ་ཆུང་ཤོས་སུ་འཇོག་རྒྱུ་དེ་ཡིན། འཆར་ཡོལ་གྱི་འོད་མདངས་སྒྲིག་སྐབས་གློག་རྫས་མགྱོགས་པོ་རྫོགས་མིན་ལ་ཧ་ཅང་གི་ཁྱད་པར་བཟོ་ཡི་འདུག །གློག་ཀླད་ཡིན་ན་ Control Panel > Power Option ནང་སྒྲིག་རྒྱུ་ཡོད། ལག་ཐོག་ཁ་པར་དང་ ipad ལྟ་བུ་ཡིན་ན། Menu > Setting > Brightness ཐོག་སྒྲིག་རྒྱུ་ཡོད།

གཉིས་པ། wifi དང་ bluetooth བེད་སྤྱོད་མེད་ན་གསད་བཞག་ན་ལེགས། wifi དང་ Bluetooth ཁ་ཕྱེ་བ་ཙམ་གྱིས་གློག་རྫས་ནུས་པ་བེད་སྤྱོད་བྱེད་ཀྱི་ཡོད།

གསུམ་པ། གལ་ཏེ་ apps གཉིས་གསུམ་རྒྱབ་ལྗོངས་སུ་ཁ་ཕྱེ་ནས་བཞག་སྐབས་ apps རེ་རེས་ processing ནུས་པ་མང་བ་བྱེད་དགོས་ཀྱི་ཡོད། དེར་བརྟེན་གློག་རྫས་ཡང་མང་བ་སྤྱོད་དགོས་འཁེལ་གྱི་ཡོད། ཡག་ཤོས་བྱུང་ན་བེད་མེད་ཀྱི་མཉེན་ཆས་སམ་ apps རིགས་རྣམས་རྒྱབ་ལྗོངས་ནས་མེད་པ་བཟོ་ཐུབ་ན་གློག་རྫས་རྒྱུན་རིང་འདང་ཐུབ།

བཞི་པ། གློག་ཀླད་ཀྱི་གཡས་གཡོན་དུ་མཐེབ་སྡེར་ (Flash Drive) དང་ USB Dongle, USB speaker, Digital Camera སོགས་མཐུད་ཡོད་ན་གློག་རྫས་ཧ་ཅང་རྫོགས་མགྱོགས་པ་ཡོད། དེར་བརྟེན་མཐུད་ཆས་དེ་དག་བེད་སྤྱོད་མེད་ན་གློག་ཀླད་སྟེང་མ་མཐུད་ན་ལེགས།

ལྔ་པ། གལ་ཏེ་ཁྱེད་རང་ཕྱོགས་བསྐྱོད་ཡང་ཡང་བྱེད་དགོས་མཁན་ཞིག་ཡིན་ན་གློག་རྫས་རྫོགས་པ་དང་གློག་ཁ་མཐུད་ས་ (power outlet) ཡང་སྐབས་རེ་རགས་ཁག་པོ་ཡོད། གློག་ཀླད་དང་ལག་ཐོག་ཁ་པར་གྱི་གློག་རྫས་འཕར་མ་ཉར་རྒྱུ་ནི་ཐབས་མཁས་པོ་ཞིག་ཏུ་མཐོང་།

ངའི་བསམ་པར་གློག་རྫས་རྒྱུན་རིང་སྲིང་པའི་ཐབས་ཤེས་གཞན་ཡང་ཡོད་ངེས་པས་མཛའ་བརྩེའི་ཀློག་པ་པོས་གཤམ་གྱི་མཆན་བཀོད་སའི་ནང་སོ་སོའི་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *