Google Chrome སྤྱད་དེ་ ebook ཀློག་ཐབས།

འདིར་གུས་པས་མཉེན་ཆས་དམིགས་བསལ་གང་ཡང་བསྟུན་མི་དགོས་པར་དྲྭ་མྱུལ་མཉེན་ཆས་ Chrome སྤྱད་དེ་དྲྭ་ཐོག་ཀྱི་འཕྲུལ་དེབ་ebook རྣམས་ཕབས་ལེན་དང་བལྟ་ཀློག་བྱེད་སྟངས་སྟབས་བདེ་བོ་ཞིག་སྟོན་གྱི་ཡིན། དེ་ཡང་དྲྭ་མི་མང་ཤོས་ Chrome སྤྱད་ཀྱི་ཡོད་ལ་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་གྲངས་ལས་འདས་ཡོད་པས་རྒྱས་པ་དྲྭ་སྣེ་འདི་ནས་གཟིགས། http://goo.gl/kAP5a
གལ་ཏེ་དྲྭ་མྱུལ་མཉེན་ཆས་ Mozilla Firefox སྤྱོད་མཁན་ཡིན་ན་ Firefox རང་སྤྱད་དེ་འཕྲུལ་དེབ་ཀློག་ཐབས་ཞིག་སྔོན་གྱི་ཟིན་བྲིས་ཞིག་ནང་བཀོད་ཟིན་པས་གཟིགས་འདོད་ན་དྲྭ་སྣེ་འདིར་གནོན། http://sonamdawa.blogspot.com/2013/03/firefox.html

དེ་ནས་ Chrome སྤྱད་དེ་འཕྲུལ་དེབ་ཀློག་ཐབས་དངོས་སུ་བཤད་པ་ལ།

༡༽དྲྭ་མྱུལ་མཉེན་ཆས་ Chrome རྒྱུད་ Chrome Web Store ཁ་བསྔོགས་དགོས།

༢༽དེ་ནས་འཚོལ་བཤེར་བྱེད་སའི་ནང་ Readium བཀོད་ནས་ chrome གྱི་ཟུར་སྣོན་ app དེ་ནང་འཇུག་བྱེད་དགོས། Readium གྱི་དྲྭ་ཚིགས་ཟུར་དུ་ཡོད་ལ་དབྱིན་ཡིག་འཕྲུལ་དེབ་ཁྲི་ཕྲག་ལྷག་རིན་མེད་ཕབས་ལེན་དང་བལྟ་ཀློག་བྱེད་རྒྱུ་འདུག །ཞོར་དུ་གཟིགས་འདོད་ན་དྲྭ་ཚིགས་འདིར་གཟིགས་ http://github.readium.org/
༣༽ དེ་ལྟར་ཟུར་སྣོན་ app དེ་ནང་འཇུག་བསྒྲུབས་པ་དང་། Readium app དེའི་ཐོག་ཆིག་སྡེབས་བྱེད། (Click)

༤༽ གཤམ་གྱི་རི་མོའི་ནང་འཕྲུལ་དེབ་ཀློག་ཐུབ་པའི་ Readium App དེ་ཡིན།

༥༽ དྲྭ་ཚིགས་ཁག་ནས་འཕྲུལ་དེབ་ཕབས་ལེན་བྱས་ཟིན་རྣམས་ཁ་བསྔོག་པར་ལག་གཡས་པའི་ཐོད་ཀྱི་དེབ་ཀྱི་པར་ལ་གཅིག་གནོན།


དེ་ནས་དྲྭ་ཐག་ url སྤྱད་པའམ། རྩིས་འཁོར་ནང་ངོས་ཀྱི་འཕྲུལ་དེབ་གང་ཡིན་འདེམས་དང་དེ་མ་ཐག་ཏུ་འཕྲུལ་དེབ་རྣམས་ Chrome གྱི་ནང་ཁ་འབྱེད་ཐུབ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *