ཟིན་བྲིས་ངོས་སུ་སྒྲ་འཇོག་སྟངས། Sound Cloud + Blogger

ད་ཕན་ང་ཚོས་ཟིན་བྲིས་ངོས་སུ་དཔར་དང་གློག་བརྙན་མང་པོ་བཀོད་ཡོད་ཀྱང་སྒྲ་དང་གླུ་གཞས་སོགས་གང་ཡང་བཞག་མེད། དེའི་རྒྱུ་མཚན་ནི་གུ་གུལ་ཟིན་བྲིས་རྭ་བའི་ནང་སྒྲ་ཐད་ཀར་བཞག་པའི་འདེམས་ཀ་མེད། དེར་བརྟེན་གལ་ཏེ་ངེས་པར་སྒྲ་དང་སྐད་སོགས་ཟིན་བྲིས་ངོས་སུ་བཅུག་དགོས་ན་དེ་ལྟར་བྱེད་ཐུབ་པའི་ཐབས་འཇུས་ལས་ལྷ་པོ་ཞིག་སྟོན་གྱི་ཡིན།
འདིར་དཔེ་མཚོན་ཙམ་དུ་གཞས་གཅིག་བཀོད་ཡོད། བཟོ་སྟངས་རྒྱས་པ་གཤམ་ལ་མུ་མཐུད་གཟིགས་རོགས།


གུ་གུལ་ཟིན་བྲིས་ངོས་སུ་སྒྲ་བསྡེབས་སྟངས།

SoundCloud ཞེས་པའི་དྲྭ་ཚིགས་དེའི་ཐོག་སྒྲ་བཅུག་བྱེད་པའི་གཏམ་གླེང་དང་། གཞས། རོལ་དབྱངས། ཁ་སྒྲུང་སོགས་གྲངས་ལས་འདས་པ་འཇོག་སའི་གནས་ལེགས་གྲས་ཞིག་འདུག །དེར་བརྟེན་ཐོག་མར་ SoundCloud ཞེས་པའི་དྲྭ་ཚིགས་དེའི་ཐོག་དེབ་སྐྱེལ་བྱེད་དགོས། དེབ་སྐྱེལ་བྱེད་པར་རང་ཉིད་ཀྱི་ངོ་དེབ་ཁ་བྱང་ངམ། གུ་གུལ་ཁ་བྱང་གང་རུང་སྤྱད་མཆོག
དེབ་སྐྱེལ་སྒྲུབ་པ་དང་རང་ཉིད་ཀྱི་རྩིས་འཁོར་ནང་ཡོད་པའི་སྒྲ་རྣམས་ SoundCloud དྲྭ་ཚིགས་ངོས་སུ་ upload བྱེད་པའམ་དེ་མ་ཉིད་དུ་སྒྲ་ནང་འཇུག་གམ་ Record བྱེད་རྒྱུ་ཡང་ཡོད།
SoundCloud ཐོག་འཇོག་ཟིན་པའི་སྒྲ་རྣམས་དྲྭ་ཚིགས་གཞན་དུ་བཀོད་པ་དང་མཉམ་སྤྱོད་ཆེད་ Share ཟེར་གནོན་སའི་འདེམས་ཀ་ཡོད། འདིར་གནོན། ནང་ངོས་ཀྱི་ html code དེ་དག་བཤུ་རྗེས་རང་ཉིད་ཀྱི་ཟིན་བྲིས་ཀྱི་ html ངོས་སུ་ཐད་བཀར་བཀོད་ན་དེ་གས་སྒྲུབ་པ་ཡིན།
གཞས་ཀྱི་འོག་མ་དེར་ Share ལ་གནོན། widget Code ནང་ངོས་ཀྱི་ html code ལེན་དགོས།

ཟིན་བྲིས་ངོས་ལ་ཐོད་ཀྱི་ HTML འདེམས་རྗེས་ནང་ངོས་སུ་ html code དེ་བླུགས་དགོས། དེ་ནས་ Publish ལ་གནོན་ནས་ཟིན་བྲིས་སྤེལ་དགོས།

ཟིན་བྲིས་ངོས་སུ་བལྟ་ན་དེ་ལྟར་གཞས་དེ་ཉན་ཐུབ་བོ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *