weChat ལས་ལྷག་པ་ LINE སླེབས་སོང་།

ཉེ་ཆར་གསར་དུ་ཐོན་པའི་སྐད་འཕྲིན་མཉེན་ཆས་ LINE ཞེས་པ་དེ་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་ཧ་ཅང་ཆེན་པོ་འགྲོ་ཡོད་པ་དང་བསྟུན་གུས་པས་ཀྱང་ཚོད་ལྟ་ཞིག་བྱེད་པ་ཡིན། སྐད་འཕྲིན་མཉེན་ཆས་གསར་པ་དེ་ནི་ཉེ་ཧོང་ནས་བཟོས་པ་ཡིན་ཞིང་ད་ལྟ་རྒྱལ་ཁབ་ ༤༥ ལྷག་ནང་དར་ཡོད་འདུག །ཕབས་ལེན་རིན་མེད་ཡིན་ཐོག་ iphone དང་ Android , Window Phone, BlackBerry, Mac, Window PC བཅས་ཚང་མའི་ནང་འཇུག་རྒྱུ་འདུག

LINE app ཁ་ཕྱེ་མ་ཐག་བེད་སྤྱོད་བཏང་སྟངས་རང་འགུལ་གྱིས་ཤེས་ཐུབ་པ་དང་། གྲོགས་ཕན་ཚུན་བར་ཡི་གེ་དང་། སྐད། དཔར། གློག་བརྙན་སོགས་ཅི་རིགས་བསྐུར་རྒྱུ་ཡོད་ཁར། ཐད་ཀར་བཀའ་མོལ་གནང་བའམ། གདོང་མཐོང་བཀའ་མོལ་ཡང་གནང་རྒྱུ་འདུག ཝི་འཕྲིན་ (weChat) དང་བསྡུར་ན་ལྡབས་ཁ་ཤས་ཀྱིས་ལེགས་པ་འདུག

གལ་ཏེ་ཁྱེད་ཀྱི་བེད་སྤྱོད་གཅིག་གནང་ན་དེ་བས་མང་བ་ཤེས་ངེས། LINE ཕབས་ལེན་དྲྭ་ཚིགས་ http://line.naver.jp/en/ ལ་གཟིགས་པར་འཚལ། གལ་ཏེ་ཁྱེད་ལ་བསམ་ཚུལ་གཞན་ཡོད་ན་གཤམ་གྱི་མཆན་འདེབས་སའི་ནང་མཉམ་བཞུགས་གནང་རོགས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *